དབུ་ཤོག>ཆེད་སྒྲིག
  • འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་གྱི་ལས་བྱེད་པ་བསམ་སྐྱིད་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-15

    བསམ་སྐྱིད་ཀྱི་ཕ་ཡུལ་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་ནི་ཐག་རིང་ལུང་ཁུག་ཏུ་གནས་ཡོད། དེ་གར་འགྲིམ་འགྲུལ་སྟབས་བདེ་མེད་ལ་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་གྲོང་ཚོའི་བཀོད་པའང་ཅུང་ཞན་ཙམ་ཡོད་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་ཕྱོགས་རྐྱང་པ་ཡིན་པ་དང་ལོ་ན་གཞོན་པའི་ངལ་ནུས་ལོ་འཁོར་མོ་ཕྱིར་གླ་པ་རྒྱུག་པར་འགྲོ་བ་དང་དབུལ་ཕོངས་དུད་ཚང་མང་བས་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཅུང་ལྕི་བའི་གྲོང་ཚོའི་གྲས་ཤིག་རེད།

    དབུལ་སྒྲོལ་གྱི་ལས་འགན་ལྕི་བ་དང་དཀའ་ཚེཌ་ཆེ་བའི་དབུལ་སྒྲོལ་གྱི་དུས་བབ་མདུན་དུ། ཁོང་གིས་བློ་སྤོབས་ཆེན་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དུ་འཆར་གཞི་སྣ་ཚོགས་བཟོས་ཡོད། “དབུལ་པོ་ལས་སྒྲོལ་བར་ངེས་པར་དུ་ཐོན་ལས་གོང་འཕེལ་གཏོང་དགོས། ཐོན་ལས་དབུལ་སྐྱོར་ནི་ཕན་པ་ཡུན་རིང་ཐོབ་པའི་དབུལ་སྒྲོལ་ཐབས་ལམ་ཞིག་རེད”ཅེས་བསམ་སྐྱིད་ཀྱིས་བརྗོད།

    ཉེ་བའི་ལོ་གསུམ་རིང་། ཁོང་གིས་ཁྱིམ་ཚང་རེ་རེའི་དཀའ་ངལ་དང་སྙན་སེང་ཞུས་པའི་རེ་འདུན་རྣམས་རེ་རེ་བཞིན་རོགས་སྐྱོར་ཟིན་བྲིས་ནང་བཀོད་དེ། ཞིང་འབྲོག་མང་ཚོགས་ལ་གཞོགས་འདེགས་ཀྱིས་དཀའ་ངལ་སེལ་རོགས་བྱས་ནས་དོན་དག་ཚང་མར་བརྡ་ལན་ཡོད་པ་དང་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ཡོད།

    ཁོང་གིས་སྡེ་ཁུལ་ཡོངས་ཀྱི་རྩྭ་རའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དོན་དངོས་ལ་གཞི་ཚུགས་ནས་སྡེ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་སྣེ་འདྲེན་དུ་བྱས་ནས་ཐོན་ལས་གོང་འཕེལ་བཏང་སྟེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་སྐུལ་སློང་བྱས་ཡོད། 2019ལོའི་ཟླ་4པར་བསམ་སྐྱིད་ཀྱི་སྣེ་ཁྲིད་འོག་ཞོལ་ཁང་སྡེ་ཁུལ་ཚོགས་ཆུང་གསུམ་པ་དང་དཀྱིལ་རུ་ཚོགས་ཆུང་གི་དུད་ཚང་62ཀྱིས་དུད་ཚང་རེ་ནས་མ་དངུལ་སྒོར་2000བཏོན་པ་དང་། གྲོང་ཚོའི་མཉམ་སྡེབ་ཀྱིས་མ་དངུལ་སྒོར་ཁྲི་36བཏང་བ། མི་སྒེར་གྱིས་དངུལ་ཁང་ནས་བུ་ལོན་སྒོར་ཁྲི་20གཡར་བ་བཅས་བྱས་ཏེ་ཆུ་འགོ་ན་གཤོངས་འབྲོག་ལས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཐོ་འགོད་བྱས་ནས་བཙུགས་པ་རེད། དུད་ཚང་དབུལ་པོ་མཉམ་ལས་ཁང་ནང་ཞུགས་ཚད་100%ཟིན་ནས་ཐོན་ལས་རོགས་སྐྱོར་གྱི་བྱེད་ཐབས་ཡོངས་སུ་ཁྱབ་པ་དང་དུད་ཚང་དབུལ་པོའི་ཡོང་འབབ་མང་དུ་སོང་བ་མ་ཟད། མཉམ་ལས་ཁང་ལ་དུད་ཚང་དབུལ་པོའི་ལས་མི་བསྡུས་པར་ལས་མིའི་ཟླ་རེའི་གླ་ཆ་སྒོར་4000ལྷག་ཙམ་ཟིན་ཡོད། གཞན་ཡང་། མཉམ་ལས་ཁང་བཙུགས་པ་ནས་2019ལོའི་ལོ་མཇུག་བར་དུད་ཚང་རེར་ཁེ་སྤོགས་སྒོར་500བགོས་ཡོད།

    བྱེད་ཐབས་དེ་ལས་སྡེ་ཁུལ་གྱི་ཐོན་ལས“ཉམས་ཞན”ནས“སྟོབས་ཆེན”དུ་སོང་བ་དང་། ཞིང་འབྲོག་མང་ཚོཌ་ཀྱི་འབབ་འཕར་ཐབས་ལམ་ཡང“གུ་དོག་པ”ནས“ཡངས་པོར”གྱུར་ཞིང་། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཚོའི་བཀོད་པ་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད། དཀའ་སྤྱད་ལས་ལ་འབྲས་བཟང་སྨིན་ཞེས་པའི་དཔེ་ལྟར། 2019ལོར་ཞོལ་ཁང་སྡེ་ཁུལ་རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་ཚོད་སྐོར་ཞིབ་བཤེར་རྩིས་ལེན་ལམ་ལྷོངས་བྱུང་ནས་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།