དབུ་ཤོག>ཆེད་སྒྲིག
  • ཅིན་ཟླ་བའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2020-05-15

    སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་གྱི་གྲོང་མི་ཅིན་ཟླ་བའི་ཁྱིམ་དུ་སྐྱོད་སྐབས། དེ་སྔའི་ཉེན་ཡོད་སྡོད་ཁང་རྙིང་པ་དེ་མཐོང་རྒྱུ་མེད་པར་ད་ཆ་མིག་ལ་མཛེས་ཤིང་སྤྱོད་གོ་ཆོད་པའི་སྡོད་ཁང་གསར་རྐྱང་ཞིག་བསྐྲུན་འདུག

    ཅིན་ཟླ་བ་ནི་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་ཁྱིམ་ལ་ནང་མི་བཞི་ཡོད། ཅིན་ཟླ་བའི་གཟུགས་པོ་སྐྱོ་ལ་ནད་གཞི་མང་བ་དང་། ཕྲུ་གུ་གཉིས་སློབ་གྲྭ་འགྲིམ་བཞིན་ཡོད་ཅིང་། ཁྱིམ་ཚང་ལ་ངལ་ནུས་བཟའ་ཟླ་ཚེ་རིང་རྡོ་རྗེ་མ་གཏོགས་མེད། ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པས་ཁང་པ་གསར་པ་རྒྱག་རྒྱུ་ནི་ཅིན་ཟླ་བའི་ནང་མི་ཚོའི་ལོ་མང་རིང་གི་སེམས་ནད་དུ་གྱུར་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ཁྲ་འབྲུག་གྲོང་རྡལ་སྲིད་གཞུང་གིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད། ཅིན་ཟླ་བ་སོཌ་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་3གྱི་ཉེན་ཡོད་སྡོད་ཁང་ལ་སྒྱུར་བཀོད་བྱེད་དགོས་པ་ཤེས་རྟོགས་བྱུང་།

    འཚོ་བ་སྐྱོ་ཤོས་དང་སྡོད་ཁང་ཉེན་ཁ་ཆེ་ཤོས་ཡིན་པའི་དཀའ་ངལ་ཡོད་པའི་མང་ཚོགས་བདེ་འཇགས་ལྡན་པའི་ཁང་པའི་ནང་སྤོ་རྒྱུར་རོགས་རམ་བྱེད་ཆེད། ཁྲ་འབྲུག་གྲོང་རྡལ་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་རོགས་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་དང་གཅེས་སེམས་ལྡན་པའི་ཁེ་ལས་ཏེ། ལྷོ་ཁ་གཙང་ཡོན་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་དང་འབྲེལ་བ་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྡོད་ཁང་གསར་པ་རྒྱག་རོགས་བྱས་པ་རེད།

    ད་ཆ་ཅིན་ཟླ་བའི་ནང་མི་ཚོ་ཁོང་ཚོའི་རེ་བ་ལྟར་བདེ་འཇགས་ལྡན་ལ་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པར་སྤོས་པ་རེད།

    ཚེ་རིང་རྡོ་རྗེས་ཁྲ་འབྲུག་གྲོང་རྡལ་སྲིད་གཞུང་གི་ལས་དོན་པའི་ལག་ནས་བཟུང་སྟེ་སེམས་འགུལ་ཐེབས་བཞིན་དུ། “ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་གཞུང་དང་ཁེ་ལས་ཀྱིས་ང་ཚོའི་དཀའ་ངལ་སེལ་རོགས་གནང་བས། ང་ཚོ་ནང་མི་ཚོ་གཞི་ནས་ཁང་པ་གསར་པར་སྤོ་ཐུབ་སོང་། ཏང་གི་དབུལ་སྐྱོར་སྲིད་ཇུས་ཡག་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་དང་སྒུལ་ཤུགས་འཕེལ་སོང”ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།