ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ཨ་ཟུར་ཤང་ནི་འབྲོག་ལས་ཤང་ཞིག་ཡིན་པ་དང་འབྲོག་ལས་ཐོན་སྐྱེད་ནི་ཤང་ཡོངས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་རེད། རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པས་ས་མཐོའི་ནད་དང་ཡུལ་ནད་ནི་དབུལ་པོར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ཡིན་སྟབས། དབུལ་སྒྲོལ་གྱི་ལམ་བུར་དཀའ་ཚེགས་ཆེ་བ་དང་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ཤིན་ཏུ་ལྕི་པོ་ཡོད་པ་རེད།
གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོའི་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་པ།
གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ་འདེམས་གཏོང་གི་ལས་དོན་ལ“ཕྱིར་མིག་ལྟ་བའི”ལས་དོན་ཧུར་ཐག་སྤེལ་ཏེ། ལས་དོན་དེ་ཉིད་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་ཡིན་པའི་གྲོང་ཚོ་བར་ཁྱབ་པ་བྱས་ནས་ཧྲུའུ་ཅི་དང་པོ་གང་མགྱོགས་མངགས་པ་དང་། ཤང་གིས་གྲོང་ཚོར་འབྲེལ་གཏུག་བྱེད་མཁན་གྱི་ལས་བྱེད་པ་སོགས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོར་མངགས་པ་དང་། ལས་ཀའི་དུས་ཚོད་དང་སེམས་ནུས་འགན་ལེན་མི་ཐུབ་པའི་ལས་བྱེད་པ་འཕྲལ་དུ་ལེཌ་སྒྲིག་བྱས་པ་རེད། དཔྱད་ཞིབ་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོའི་འགན་ཡུན་དུས་ཚོད་སྤྱིར་ན་ལོ་གཉིས་ནས་གསུམ་བར་ཡིན་ཞིང་། དེའི་རིང་ཤང་ཏང་ཨུད་དང་སྲིད་གཞུང་གི་གོ་གནས་འཁུར་མི་ཆོག་པ་དང་ཟླ་རེར་ཉུང་མཐར་ཡང་གྲོང་ཚོར་ལས་ཀ་ཉིན་15བྱེད་དགོས་པ་དང་། ཚན་པ་དང་གྲོང་ཚོའི་ནང་ལས་ཀ་མི་བྱེད་པའི་གནས་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་པ་རེད། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པར་བསྔགས་བརྗོད་དང་དྲིལ་བསྒྲགས་བྱས་ཏེ་ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་གོ་གནས་སྤར་ཡོད། གྲོང་སྡོད་ལས་དོན་གྱི་ལས་འགན་འཁུར་མི་ཐུབ་མཁན་ལ། ལས་བྱེད་པའི་དོ་དམ་དབང་ཚད་གཞིར་བཟུང་འདེམས་གཏོང་ཚན་པས་ཕྱིར་བསྐོངས་ནས་གཟའ་འཁོར་གཅིག་ནང་ཚུན་དུ་ལས་བྱེད་པ་གཞན་འདེམས་གཏོང་བྱས་པ་རེད།
ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་བཅོས་སྒྲིག་རིམ་སྤོར་ལ་དམ་འཛིན་བྱས་པ།
ལོ་རེའི་ལོ་འགོར། ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་ཐེངས་གཅིག་བྱས་ནས། འགོ་ཁྲིད་ཚན་ཁག་འཐུས་སྒོ་ཚང་མིན་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་འཁུར་ཐུབ་མིན། ལས་ཀའི་གནས་ཚུལ་རྒྱུན་གཏན་ཡོད་མེད། རྩ་འཛུགས་ལམ་ལུགས་འཐུས་སྒོ་ཚང་མིན། རྨང་གཞིའི་འགན་ལེན་དོན་ཐོག་ཏུ་འཁྱོལ་མིན། ཏང་ཡོན་དང་མང་ཚོགས་བློ་ཡིད་ཚིམ་མིན་བཅས་ལ་རིམ་པས་ཞིབ་བཤེར་བྱས་ནས། བཅོས་སྒྲིག་བྱ་ཡུལ་གཏན་འཁེལ་དང་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ལས་དོན་གྱི་རྩིས་ཁྲ་བཟོས་པ་རེད། “གཅིག་རེ་ལྔའི”བླང་བྱ་གཞིར་བཟུང(བཅོས་སྒྲིག་གི་ཇུས་གཞི་ཆ་ཚང་གཅིག་བཟོ་བ་དང་། ལས་དོན་ཚོགས་ཆུང་གཅིག་མངགས་པ། ཧྲུའུ་ཅི་དང་པོ་གཅིག་བཀོད་སྒྲིག རོགས་སྐྱོར་རྣམ་གྲངས་ཁག་གཅིག་གཏན་འཁེལ། འགོ་ཁྲིད་ཚན་ཁག་གཅིག་འཛུགས་པ)གཅིག་སྡུད་བཅོས་སྒྲིག་གི་ལས་དོན་སྤེལ་བ་རེད།
ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་རྒྱུར་དམ་འཛིན་བྱས་པ།
ཏང་ཡོན་རོགས་སྐྱོར་ཚོགས་ཆུང་བཙུགས་ནས་ཏང་ཡོན་ཕྱུག་པོས་དཀའ་ངལ་ཡོད་པའི་ཏང་ཡོན་ལ་རོགས་རམ་བྱེད་པ་དང་། ཏང་ཡོན་གྱིས་དུད་ཚང་དབུལ་པོར་གཅིག་གཏད་གཅིག་གིས་རོགས་རམ་བྱེད་པ། ཏང་ཡོན་ཚང་མས་དོན་དངོས་ལ་གཞིགས་ནས་དུད་ཚང་དབུལ་པོ་གཅིག་ནས་གཉིས་བར་ལ་རོགས་རམ་བྱེད་པ། ཏང་ཡོན་གྱིས་དུད་ཚང་དབུལ་པོར་རོགས་རམ་བྱེད་པའི་ཟིན་ཐོ་བཟོ་བ་བཅས་བྱས་ཏེ། བསམ་བློའི་སློབ་གསོའི་རོགས་རམ་དང་། དངོས་པོའི་རོགས་རམ། མ་དངུལ་གྱི་རོགས་རམ་བཅས་བྱས་པ་དང་འབྲེལ། བསམ་བློའི་སློབ་གསོའི་རོགས་རམ་གལ་ཆེར་བཞག་པ་རེད། 2019ལོར་ཨ་ཟུར་ཤང་གི་ཏང་ཡོན་དང་། ལས་བྱེད་པ་རྒན་གྲས། དུད་ཚང་ཕྱུག་པོ་སོགས་ཀྱིས་རང་འགུལ་ངང་དུད་ཚང་དབུལ་པོར་སྒོར་ཁྲི་106རི་བའི་ཕྱུགས་རིགས་མགོ་གྲངས་2614ཞལ་འདེབས་བརྒྱབ་པ་རེད།
འབྲོག་ལས་བྱེད་སྟངས་བསྒྱུར་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ།
2017ལོའི་ཟླ་བཅུ་པར་ཨ་ཟུར་ཤང་གི་ཞིང་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་ཐོ་འགོད་མ་རྩ་སྒོར་ཁྲི་60ཟིན་ཡོད། མཉམ་ལས་ཁང་དེས་གསོ་ཚགས་གཙོ་བོར་བྱས་པ་དང་། ས་ཕག་དང་སྐྱེལ་འདྲེན། ངལ་ནུས་ཕྱིར་གཏོང་བཅས་ཞོར་ལས་སུ་བྱས་ཏེ། “ཤང་གཅིག་ལ་མཉམ་ལས་ཁང་གཅིག”གི་སྣེ་མང་དབུལ་སྐྱོར་ཐོན་ལས་གཉེར་སྐྱོང་འདུ་ཤེས་འཕེལ་རྒྱས་བཏང་བ་རེད།
2019ལོའི་ལོ་སྟོད་དུ། ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་མི་ཐེངས་351ཕྱིར་གཏོང་བྱས་པར་ཡོང་འབབ་སྒོར་ཁྲི་145.67བྱུང་བ་མ་ཟད། མི་རེར་ཆ་སྙོམས་ཡོང་འབབ་སྒོར་5000ལྷག་ཙམ་བྱུང་ཡོད། “ཤང་གཅིག་ལ་མཉམ་ལས་ཁང་གཅིག”གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ནང་ཞུགས་རྗེས། ཤང་ཡོངས་ཀྱི་མི་འབོར་དབུལ་པོར་ཁེ་བཟང་སྒོར་3000བྱུང་བས། མཉམ་ལས་རྩ་འཛུཌ་ནང་ཞུགས་ཏེ་ངལ་རྩོལ་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱེད་པའི་དམིགས་ཡུལ་སྤྱིར་ན་མངོན་འགྱུར་བྱུང་བ་རེད།