དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་ཀྱི་བརྟག་ཞིབ་ཚོགས་ཆུང་པ་སྣམ་རྫོང་དུ་བསྐྱོད་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-11

    ཚེས་7ནས་9ཉིན་བར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཡིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་པ་སྣམ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་པ་སྣམ་རྫོང་གི་རིམ་ཁག་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། བརྟན་ལྷིང་ལས་དོན་གྱི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། གནད་སྨིན་ཇུས་འདོན་དང་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པའི་ཐད་ཐབས་ངོ་མ་ཟམ་མི་ཆད་པར་འདོན་པ་བཅས་བྱས་ཏེ། ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལེགས་ཆ་འདོན་སྤེལ་དང་ཞན་ཆ་སེལ་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། མང་ཚོགས་འབབ་འཕར་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ལས་གྲུབ་ཆར་སྤྱི་འདོམས་འཆར་འགོད་བྱེད་པ། དབུལ་སྒྲོལ་གྱི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། དག་ཐེར་གྱི་ཇུས་གཞི་ལྟར་ལས་བགོས་ཚགས་ཚུད་དུ་གཏོང་བ་དང་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དག་ཐེར་ལ་དམ་འཛིན་བྱེད་པ། སྒྲིག་ཁྲིམས་ཀྱིས་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་ཤིང་། མང་ཚོགས་དབུལ་པོ་རང་ལོག་དང་དབུལ་པོར་འགྱུར་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་། དབུལ་སྐྱོར་དང་། རིག་སྐྱོར། བློ་སྐྱོར་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ནང་གནས་སྒུལ་ཤུགས་སྤེལ་རྒྱུར་དོ་སྣང་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་པ་གང་ནས་བྱུང་བ་དང་། ཕན་པ་སུ་ལ་འདོགས་པ་གསལ་པོ་ཤེས་རྒྱུར་སློབ་གསོ་ཁྲིད་སྟོན་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།