དབུ་ཤོག>ཆེད་སྒྲིག
  • རྩྭ་ཆུ་བཟང་ལ་ནོར་ལུག་ཤ་ཤེད་རྒྱས། ཨ་ཁུ་འབྲོག་པའི་འཚོ་བ་བདེ་ཞིང་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-11

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ནི་གདོད་མའི་སྣོད་བཅུད་བཟང་བའི་འབྲོག་ལས་རྫོང་ཞིག་ཡིན་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཡོད། 2001ལོའི་ཟླ་6པར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག“རྒྱལ་ཁབ་ཀྱིས་བོད་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བཏོན་ནས། ཁ་གཏད་རོགས་སྐྱོར་བྱེད་ཁོངས་ཆེ་རུ་བཏང་བ་དང་འབྲེལ། ཞིང་ཆེན(གྲོང་ཁྱེར)3དང་ཀྲུང་དབྱང་ཁེ་ལས་17གྱི་ཁ་གཏད་རོགས་སྐྱོར་གྱི་ལས་འགན་མང་དུ་བཏང་ཡོད། དེ་ནས་བཟུང་། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་གཅིག་རྒྱུན་གཅིག་འཛིན་གྱི་སྒོ་ནས་སྙན་རོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་མུ་མཐུད་བསྒྲུབས་ཡོད། ལོ་18རིང་། སྔ་རྗེས་སུ་ཁག་ཐེངས་9ཡི་བོད་སྐྱོར་ལས་བྱེད་པ་11མུ་མཐུད་སྙན་རོང་རྫོང་དུ་མངགས་ནས་རྩ་བ་ཚུགས་པར་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་ཆེད། སྙན་རོང་རྫོང་གི་ལས་བྱེད་པ་དང་མང་ཚོགས་དང་མི་རིགས་ཁག་གི་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་སྟེ། ལྷག་བསམ་རྣམ་དག་ངང་མེས་རྒྱལ་གྱི་དྲིན་གཟོ་བའི་ཀུན་སློང་བཟང་པོར་བརྟེན་ནས་གངས་ལྗོངས་ས་མཐོ་དང་ཀྲུང་དབྱང་ཁེ་ལས་འབྲེལ་གཏུག་དམ་ཟབ་ཐུབ་པ་བྱས་པ་རེད།

    བདེ་ཞིང་སྐྱིད་པའི་འབྱོར་འབྲིང་འཚོ་བ་དོན་གཉེར་བྱས་པ།

    སྙན་རོང་གྲོང་རྡལ་ཚུ་སྤགས་གྲོང་ཚོར་གྲལ་སྟར་སྒྲིག་པའི་སྡོད་ཁང་གསར་པ་མང་པོ་མཐོང་རྒྱུ་ཡོད་པ་ནི་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་རོགས་སྐྱོར་བྱས་ནས་སྐྲུན་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཡིན་ཞིང་། ལོ་བཅོ་བརྒྱད་རིང་། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་རིམ་རྩིས་ལྟར་ན་མ་དངུལ་སྒོར་ཁྲི་18157.83བཏང་ནས། ནག་ཆུ་གྲོང་ཁྱེར་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་པོ་དང་། སྣོད་བཅུད་དཔེ་སྟོན་གྲོང་ཚོ་དང་པོ། གྲོང་དཀྱིལ་གྲོང་ཚོ་ལེགས་བཅོས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་པོ་སོགས་ཀྱི་འབྱོར་འབྲིང་གྲོང་ཚོ་7བསྐྲུན་ཏེ། འབྲོག་པ་དུད་ཚང་352ཀྱི་མི་གྲངས་981གི་སྡོད་གནས་ཆ་རྐྱེན་ལེགས་སུ་ནུས་ལྡན་བཏང་ཡོད་པ་རེད།

    “ད་ལྟ་ང་ཚོའི་འཚོ་བ་ཧ་ཅང་སྟབས་བདེ་པོ་འདུག སྡོད་ཁང་ཡག་པོ་འདི་འདྲར་སྡོད་རྒྱུ་བྱུང་བ་དེ་སྔ་བསམ་པའི་ཡུལ་ལ་མེད”ཅེས་སྙན་རོང་གྲོང་རྡལ་ཚུ་སྤགས་གྲོང་ཚོའི་ཡུལ་མི་ཟླ་བས་བརྗོད། རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པ་ཡོད་པ་ཕུད། ད་དུང་གཅིག་སྡུད་འཐུང་ཆུའི་བདེ་འཇགས་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་ཡུལ་མི་ཚོ་བློ་བདེའི་ཆུ་འཐུང་རྒྱུ་བྱུང་བ་དང་སྦྲགས། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་རོགས་སྐྲུན་བྱས་པའི་སློབ་ཁང་དུ་ཕྲུ་གུ་ཚོ་དེང་རབས་ཅན་གྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོ་མྱོང་བཞིན་ཡོད་པས། ཡུལ་མི་རྣམས་ཀྱི་འཚོ་བ་བདེ་ཞིང་སྐྱིད།

    འབྲོག་ལས་ཐོན་ལས་ཕྱོགས་སྒྱུར་མགྱོགས་མྱུར་བྱས་པ།

    འབྲོག་ལས་ནི་སྙན་རོང་རྫོང་མི་དམངས་ཀྱི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཡིན་ཞིང་། 2016ལོར། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་མ་དངུལ་སྒོར་ཁྲི་1200བཏང་ནས། གཙོ་གནད་ཐོག་འབྲོག་ར་སྒྱུར་བཀོད་བྱས་པ་དང་། རྒྱལ་ཁབ་ཀྱི་ཐོན་ལས་འཕེལ་རྒྱས་མ་དངུལ་དང་ཟུང་འབྲེལ་བྱས་ནས་རིམ་རྩིས་ལྟར་ན་མ་དངུལ་སྒོར་ཁྲི་6910བཏང་ནས་དཀར་ཆུ་འབྲོག་ར་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། རིམ་རྩིས་ལྟར་ན་འབྲི་གཡག་མགོ་གྲངས་1020བགོ་བཤའ་བརྒྱབ་པར། ཁེ་སྤོགས་མ་དངུལ་སྒོར་ཁྲི་427ཟིན་ཡོད། མིག་སྔར། དཀར་ཆུ་འབྲོག་རས་འབྲོག་པ་དུད་ཚང་118ཀྱི་མི་གྲངས་222དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    དགའ་སྐྱིད་ཁྱིམ་ནི་ཉི་མ་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། སྲིད་ཇུས་བཟང་པོར་བརྟེན་ནས་ཁོང་དང་ཆུང་མས་ངལ་རྩོལ་མ་རྐང་དུ་བྱས་ཏེ། སྲིད་གཞུང་གི་གསོ་སྦྱོང་ནང་ཞུགས་པ་དང་འབྲེལ། འབྲོག་རའི་མཉམ་ལས་ཁང་ལ་ཞུགས་པ་རེད། 2018ལོ་ནས་བཟུང་། ཁྱོ་ཤུག་གཉིས་པོར་རྩྭ་རའི་ཁ་གསབ་སོགས་ཀྱི་ཡོང་འབབ་ཕུད། ད་དུང་ལོ་ལྟར་མཉམ་ལས་ཁང་ནས་ཡོང་འབབ་སྒོར་ཁྲི་5བྱུང་ནས་རྦད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་རེད།

    ད་ཆ་དཀར་ཆུ་འབྲོག་ར“ཀུང་སི་དང་། མཉམ་ལས་རྩ་འཛུགས། དབུལ་སྐྱོར་རྟེན་གཞི། ཚན་ཞིབ་རྟེན་གཞི། གསོ་སྦྱོང་རྟེན་གཞི། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”“དྲུག་གཅིག་སྒྲིལ”གྱི་དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་ཀྱི་འདེགས་སྐྱོར་རྟེན་གཞི་དང་སྣོད་བཅུད་གསོ་ཚགས་རྟེན་གཞིར་གྱུར་ཡོད། 2019ལོར། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས“ཁྲ་བོ་ལ་ཚགས་ཤ”ཚོང་ཟོག་ཏུ་ཐེངས་དང་པོ་གྱུར་ནས་པེ་ཅིང་དུ་འཚོང་འགོ་ཚུགས་པ་དང་འབྲེལ། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་འཛད་སྤྱོད་དབུལ་སྐྱོར་གྱི་ཚོང་ཟོག་ཉོ་སྒྲུབ་འདུ་ཚོགས་ལ་ཞུགས་ནས་རང་བྱུང་འབྲོག་རར་གསོས་པའི་ཚགས་ཤ་རྒྱ་མ་2000བཙོངས་པར་འབྲོག་པར་འབབ་འཕར་སྒོར་ཁྲི་20ཙམ་རག་ཡོད་པ་རེད།

    ཏང་འཛུགས་སྐྱོང་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྣེ་ཁྲིད་བྱས་པ།

    “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ། སྙན་རོང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། 2019ལོའི་ཟླ་1ཚེས་29ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སྙན་རོང་རྫོང་རྫོང་དབུལ་པོའི་གྲས་ལས་ཕྱིར་འཐེན་ཐུབ་པ་དང་། ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་81323ཟིན་ནས། 2015ལོའི་དུས་མཚུངས་ཀྱི་སྒོར་ཁྲི་49022.7ལས་39.72%འཕར་ཡོད་པ་དང་། ད་ཆ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་ལ། སྤྱི་པའི་ཞབས་ཞུའི་ཆུ་ཚད་ཀྱང་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

    གཡུ་མཆོག་ཤང་དོ་ནག་གྲོང་ཚོའི་ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ནམ་མཁའ་ཡིས་བོད་སྐྱོར་ལས་བྱེད་པའི་ལག་ནས་འཇུ་བཞིན“ཁྱེད་ཚོས་ང་ལ་ལྟ་བར་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མགྱོགས་པོ་ནང་དུ་གསོལ་ཇ་མཆོད་པར་ཕེབས་དང”ཞེས་དགའ་ཚོར་ཆེན་པོས་བརྗོད། སྔར་ནས་བཟུང་། རྒྱལ་ཁབ་ནུས་རྒྱུ་ཚོགས་པས“ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ལ་སྣེ་ཁྲིད་བྱེད་པའི”གཙོ་རྐང་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མ་དངུལ་སྒོར་ཁྲི་40“དབུལ་སྒྲོལ་འཐབ་སའི”ཏང་འཛུགས་སྐྱོང་གི་ཆེད་དོན་གྲོན་དངུལ་ལ་བརྩིས་ནས། ཆ་སྒྲིག་རོགས་སྐྱོར་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་འབྲེལ། ལས་བྱེད་པའི་བྱང་ཚད་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་སོགས་ཀྱི་བྱེད་སྒོ་གཉེར་བ་རེད། དེ་དང་དུས་མཚུངས། མ་དངུལ་སྒོར་ཁྲི་120བཏང་ནས“གཅེས་སེམས་དཔེ་དེབ་ཁང”བསྐྲུན་ཏེ་ཤང་དང་གྲོང་རྡལ་ཚང་མར་འབྲོག་པའི་ལྟ་ཀློག་ལ་འཚམ་པའི་དཔེ་དེབ་ཁྲི་2ཡོད་པའི་འགན་ལེན་བྱེད་པ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་བ་བཅས་བྱས་ནས“ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།