དབུ་ཤོག>ཆེད་སྒྲིག
  • ལུང་ཁུག་མང་ཚོགས་ཀྱིས་ཕྱུག་འགྱུར་ལམ་བུར་ཇི་ལྟར་བསྐྱོད་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-10

    “ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི”ཐག་རིང་ལུང་ཁུག་གི་མང་ཚོགས་ཀྱིས་ཇི་ལྟར་བྱས་ཏེ་དབུལ་སྒྲོལ་ཡོང་བ་བྱས་ཡོད་དམ། དབུལ་སྒྲོལ་བྱེད་པར་ཡང་སྙིང་དུས་ཡུན་ཇི་ཙམ་ཡོད་དམ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དུད་ཚང་དབུལ་པོ་ཇི་ལྟར་བྱས་ནས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱེད་དགོས་སམ།

    རྣམ་གླིང་རྫོང་མཁར་རྩེ་ཤང་ཤར་ཕྱོགས་གྲོང་ཚོའི་ཚེ་རིང་རྡོ་རྗེ་དང་དབང་མོ་བཟའ་ཚོས་རང་ཉིད་ཀྱི་ཉམས་མྱོང་དངོས་ལ་བརྟེན་ནས་དྲི་བ་དེར་ལན་བརྒྱབ་ཡོད། 

    རྣམ་གླིང་རྫོང་ནི་གཞིས་རྩེ་གྲོང་ཁྱེར་གྱི་མི་འབོར་མང་ཤོས་ཀྱི་རྫོང་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་མི་འབོར་མང་བའི་རྫོང་གཉིས་པ་དང་། རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་གི་གྲས་ཤིག་ཀྱང་རེད། ཐོན་ལས་འགོ་འཛུགས་ཕྱི་བ་དང་། རྨང་གཞི་ཞན་པ། ཐོན་ཁུངས་དཀོན་པ་བཅས་ཀྱི་རྐྱེན་པས་རྣམ་གླིང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དེ་སྔ་འཕྲད་མྱོང་མེད་པའི་དཀའ་ངལ་དང་འགྲན་སློང་འཕྲད་ཡོད། 

    དུས་རབས་གོང་མར་བསྐྲུན་པའི་ས་ཕག་གི་ཁང་པ་དེ་ནི་ཚེ་རིང་རྡོ་རྗེ་དང་དབང་མོ་བཟའ་ཚོའི་དེ་སྔའི་ཁྱིམ་ཡིན་པ་དང་ཁང་པ་དེ་ནས་ཁོང་གཉིས་ཀྱི་འདས་པའི་འཚོ་བ་ཇི་འདྲ་ཡོད་མེད་ཤེས་ཐུབ་ཀྱི་འདུག

    2016ལོར། ཚེ་རིང་རྡོ་རྗེའི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དུད་ཚང་ལ་གཏན་འཁེལ་བྱས་པ་རེད། དུས་དེ་ནས་བཟུང་ཚེ་རིང་རྡེ་རྗེའི་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་བྱུང་འགོ་བརྩམས། 

    2017ལོར་ཚེ་རིང་རྡོ་རྗེ་རྣམ་གླིང་རྫོང་གིས་སྒྲིག་འཛུགས་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་ཏེ་ཁ་ལོ་བའི་ལག་ཁྱེར་བླངས་པ་རེད། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་འོག་ཚེ་རིང་རྡོ་རྗེར་ཁ་ལོ་བའི་ལས་ཀ་ཞིག་རག་ཅིང་། ཟླ་རེའི་གླ་ཆ་སྒོར་6000ཟིན་ཡོད་པ་རེད།

    2017ལོའི་ལོ་མཇུག་ཏུ་ཚེ་རིང་རྡོ་རྗེས་དབུལ་སྐྱོར་སྐྱེད་མེད་དངུལ་བུན་སྒོར་ཁྲི་3གཡར་ནས་གཙང་གཞུང་གྲོང་ཚོར་སྨི་ངོས་གྲུ་40ལྷག་ཙམ་ཡོད་པའི་ཁང་པ་ཞིག་བོགས་མར་བླངས་ཏེ་ཇ་ཁང་ཞིག་བཙུགས་པ་རེད། 

    2018ལོའི་ཟླ་4པར་ཚེ་རིང་རྡོ་རྗེའི་ཁྱིམ་ལ་གཙང་གཞུང་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་གསར་པའི་ལྡེ་མིག་རག་པ་དང་ཚེ་རིང་རྡོ་རྗེས་ཁྱིམ་ཆས་སོགས་ཉོས་ཏེ་ཁང་པ་གསར་པར་སྤོ་རྒྱུའི་གྲ་སྒྲིག་བྱས་པ་རེད། 

    2018ལོའི་ལོ་མཇུག་ཏུ་ཚེ་རིང་རྡོ་རྗེས་སྐྱེལ་འདྲེན་བྱས་པའི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་ཡོད་པ་དང་དབང་མོའི་ཇ་ཁང་ལ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་4ཙམ་ཡོད་པས་ནང་མིས་རང་འགུལ་ངང་དབུལ་པོའི་དུད་ཚང་ལས་ཕྱིར་འཐེན་བྱེད་རྒྱུའི་རེ་ཞུ་ཕུལ་བ་རེད། 

    2019ལོའི་ལོ་འགོར་ཚེ་རིང་རྡོ་རྗེས་དངུལ་བུན་འཇལ་ཚར་བ་མ་ཟད་རླངས་འཁོར་ཞིག་ཀྱང་ཉོས་པ་རེད། 

    2019ལོའི་ཟླ་4པར་བཀོད་སྒྲིག་ཞིབ་ཚགས་བྱས་རྗེས་ཚེ་རིང་རྡོ་རྗེས་ཡུན་རིང་རེ་སྒུག་བྱས་པའི་ཁང་པ་གསར་པར་སྤོས་པ་རེད། 

    2020ལོའི་ཟླ་4པར་ཚེ་རིང་རྡོ་རྗེའི་ཁྱིམ་ལ་སླར་ཡང་རྨོ་ཞིང་རག་པ་རེད། 

    ཉེ་བའི་ལོ་ཤས་ཀྱི་འགྱུར་ལྡོག་གླེང་སྐབས་ཚེ་རིང་རྡོ་རྗེ་དང་དབང་མོར་དགའ་ཚོར་ཆེན་པོ་སྐྱེ་ཡི་ཡོད་ལ། ཚེ་རིང་རྡོ་རྗེས་མ་འོངས་པར་ཡིད་ཆེས་ཆེན་པོ་བཅངས་ཡོད་པ་སྟེ། དངུལ་བསགས་ཏེ་རང་ཉིད་ལ་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ཉོས་ནས་ཡོང་འབབ་དེ་བས་མང་བ་གསོག་རྒྱུ་དང་། ཁང་པ་དེ་བས་ཆེ་བ་ཞིག་བོགས་མར་བླངས་ནས་ཇ་ཁང་གི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དེ་རེད། 

    གླེང་མོལ་བྱེད་རིང་ཚེ་རིང་རྡོ་རྗེ་དང་དབང་མོས“འཚོ་བ་ནི་ཇི་ཙམ་བསྐྱལ་ན་དེ་ཙམ་གྱིས་བདེ་སྐྱིད་ལྡན་པས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དགོས་ན་གལ་ཆེ་ཤོས་ནི་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་དགོས་པ་ལས། གནམ་ནས་བག་ལེབ་ཟག་མི་སྲིད་པས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལས་མི་དེ་བས་མང་བ་ལས་བརྩོན་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱེད་ཐུབ་པའི་རེ་བ་ཡོད”ཅེས་ཡང་ཡང་བརྗོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། རྣམ་གླིང་རྫོང་གི་གནས་སྤོས་གྲོང་ཚོ་5ལ་ཐོན་ལས་སྲ་བརྟན་མཐོར་གཏོང་གི་རྣམ་གྲངས་ཁྱོན་22རག་པའི་ནང་རྣམ་གྲངས་21གི་མ་དངུལ་དམིགས་སར་འབྱོར་བ་དང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྣམ་གྲངས་ཁྱོན་23ཡོད་པ་རེད། 

    རྣམ་གླིང་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྦྲགས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།