ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཆེད་དོན་འཚོགས་འདུ་གཙོ་སྐྱོང་གནང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་ཇི་ལྟར་བརྗོད་རྒྱུའི་སྐོར་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་འབྲེལ་ཡོད་བླང་བྱ། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་འབྲེལ་ཡོད་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
སྤེན་པ་བཀྲ་ཤིས་ཀྱིས་བླང་བྱ་བཏོན་དོན། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ངང་གཞི་རིམ་དང་། མང་ཚོགས། འཐབ་ས་དང་པོ་བཅས་སུ་བསྐྱོད་དེ་དུས་ཚོད་འདང་ངེས་སྤྱད་ནས་གནས་སྡོད་བཅའ་འདྲི་དང་། སེམས་ནུས་ཡོད་རྒུས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་དྲིལ་བསྒྲགས། དབུལ་སྒྲོལ་འགག་སྒྲོལ་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་བྱུང་བའི་འཕོ་འགྱུར་ཆེན་པོ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ། རང་ཉིད་ཀྱི་མྱོང་ཚོར་དངོས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་གྲུབ་འབྲས་ཁྲོད་ཀྱི་བསམ་པའི་སྟོབས་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་ལེགས་ཆར་གསལ་འགྲེལ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་བསླབ་གཞི་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་གྲུབ་འབྲས་མེད་པ། བོད་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མེད་པ་བཅས་གསལ་སྟོན་གཏིང་ཟབ་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་ཁོང་རུས་པའི་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྔོག་འདོན་གཏིང་ཟབ་དང་ངོ་མཚར་གྱི་སྒོ་ནས་མངོན་པར་བྱས་ཏེ་གསར་འགྱུར་དང་། རིག་རྩལ། སྤྱི་ཚོགས་བཅས་དྲིལ་བསྒྲགས་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་བསྟར་བྱེད་ལུགས་དྲིལ་བསྒྲགས་ཤུགས་ཆེན་དང་། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་བྱ་གཞག་དྲིལ་བསྒྲགས་ཤུགས་ཆེན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དྲིན་ཚོར་འབད་འཐབ་ཀྱི་དཔེ་མཚོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་སེམས་ཤུགས་སྔར་བས་ཆེ་རུ་གཏོང་དགོས།