དབུ་ཤོག>ཆེད་སྒྲིག
  • བདེ་སྡོད་དམངས་ཕྱུག་གི་ཧྲུའུ་ཅི་ཡག་པོ་བདེ་སྐྱིད་དཔལ་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-08

    འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚྭ་ཆུ་ཐང་གྲོང་ཚོ་ནི་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་8ཀྱི་གཅིག་སྡུད་བཀོད་སྒྲིག་གི་ཡུལ་གཞན་དུ་གནས་སྤོས་བྱས་པའི་གྲོང་ཚོ་ཞིག་རེད། གྲོང་ཚོ་དེ་ནི་མང་ཚོགས་ཀྱི་སློབ་གསོ་ཐེབས་ཚད་དམའ་བ་དང་། ལས་ཞུགས་ཀྱི་རྩལ་ནུས་ཞན་པ། ཁྲོམ་རའི་འདུ་ཤེས་ཞན་པ། མང་ཚོགས་དབུལ་པོ་མང་བ་བཅས་རེད། 2017ལོར་ཚྭ་ཆུ་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོའི་འགན་ཁུར་བར་བཏང་བའི་བདེ་སྐྱིད་དཔལ་སྒྲོན་གྱིས་གྲོང་ཚོ་གཞན་གྱི་འཇུག་ཟིན་པའི་བྲེལ་ཚབས་དང་རྨོངས་ཚོད་ཀྱིས་རྣམ་གྲངས་བསྐྲུན་པ་སོགས་མ་བྱས་པར་གྲོང་མི་ཚོ་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་ངལ་རྩོལ་བྱས་ཏེ་འཁོན་འགྲས་མེད་པ་དང་བརྩེ་དུང་ཟབ་མོས་འབྲེལ་གཏུག་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ཐད་མང་ཚོགས་ཀྱི་བསམ་ཚུལ་དངོས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་པ་རེད། གནད་སྨིན་དབུལ་སྐྱོར་དོན་འཁྱོལ་ཏན་ཏིག་བྱ་ཆེད་ཁོང་གིས་གྲོང་ཚོའི་ལས་བྱེད་པ་དང་། ཏང་ཡོན་རྒན་གྲས། ཕྱུག་འགྱུར་འཇོན་ཐང་ཅན་བཅས་ཀྱི་སྣེ་ཁྲིད་དེ་དུད་ཚང་དབུལ་པོའི་ཁྱིམ་དུ་འདྲི་རྩད་དུ་བསྐྱོད་ནས་གྲོང་ཚོའི་འཕེལ་རྒྱས་ཐད་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས། ཟླ་བ་གཅིག་ཙམ་བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད་གྲོང་ཚོ་ཡོངས་ཀྱི་གཞི་རྩའི་གནས་ཚུལ་དང་དཔྱད་གཞི་ཨང་དང་པོ་ཁོང་དུ་ཆུད་དེ་ཚྭ་ཆུ་ཐང་གྲོང་ཚོའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ཐད་རྨང་གཞི་བཟང་པོ་ཞིག་བཏིང་བ་རེད།

    ཇི་ལྟར་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ལ་དེའི་ཁྲོད་ནས་ཐོབ་ཆ་རག་པ་བྱེད་པའི་ཐད་བདེ་སྐྱིད་དཔལ་སྒྲོན་གྱིས་དབུལ་སྐྱོར་གྱི་སྲིད་ཇུས་དང་དེ་བཞིན་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་ཞིབ་ལྟ་དང་སློབ་སྦྱོང་བྱས་ཏེ་དབུལ་སྐྱོར་གྱི་སྙིང་དོན་ཁོང་དུ་ཆུད་པ་དང་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱད་དེ་ནུས་ཤུགས་ཡོད་རྒུས་ཚྭ་ཆུ་ཐང་གྲོང་ཚོར་དོན་དངོས་དང་བྱ་བཟང་སྒྲུབ་ཡོད་པ་རེད། འདམ་གཞུང་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པའི་ལེགས་ཆ་སྤྱད་དེ་ཁོང་གིས་དུས་ཐུང་ལུག་རྒྱགས་གསོའི་རྣམ་གྲངས་རེ་ཞུ་བྱས་ནས་ལག་བསྟར་བྱས་པ་དང་། དུས་ཐུང་ལུག་རྒྱགས་གསོའི་རྟེན་གཞི་བསྐྲུན་པ། ལྷས་ར་རྒྱག་པ། རྩྭ་ཁང་ལ་དུག་སེལ་བྱེད་པ། སྤྱི་པའི་གསང་སྤྱོད་དང་གློག་སྒྱུར་ཁང་བཀོད་སྒྲིག་སོགས་ཞོར་གཏོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ། ལུག་2250(དུད་ཚང་རེར་15)ཉོས་པ་བཅས་བྱས་པ་རེད། མིག་སྔར་དུས་ཐུང་ལུག་རྒྱགས་གསོ་དངོས་སུ་བྱེད་བཞིན་ཡོད་པ་དང་ན་ནིང་ལོ་མཇུག་ཏུ་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་3700ནས་8000བར་བགོས་ཏེ་གནས་སྤོས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་འགན་ལེན་ནུས་ལྡན་བྱས་པ་རེད།

    ཚྭ་ཆུ་ཐང་གྲོང་ཚོའི་གནས་སྤོས་དུད་ཚང་མང་ཆེ་བར་གྲུམ་བུའི་ནད་ཡོད་པས་བདེ་སྐྱིད་དཔལ་སྒྲོན་གྱིས་གོང་རིམ་གྱི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཚྭ་ཆུ་ཐང་ས་བབ་མཐོ་བའི་གྲུམ་བུའི་ནད་ཀྱི་བདེ་ཐང་སླར་གསོའི་ཞིབ་འཇུག་རྟེན་གཞི་བཙུགས་ཏེ་མང་ཚོགས་ལ་སྨན་བཅོས་བྱས་པ་མ་ཟད་འབྲེལ་ཡོད་ཚན་ཞིབ་ལས་དོན་ཡང་སྤེལ་བ་རེད། ཁོང་གིས་ད་དུང་གྲོང་སྡོད་ལས་དོན་རུ་ཁག་དང་ཁ་གཏད་རོགས་སྐྱོར་གྱི་ལས་སྟེགས་ལ་བརྟེན་ནས་ནད་པ་ལྷ་སར་སྨན་བཅོས་བྱེད་པར་མཐུན་སྦྱོར་རོགས་རམ་བྱས་པས་ནད་པར་དུས་ཐོག་ཏུ་སྨན་བཅོས་ནུས་ལྡན་བྱུང་ཡོད་པ་རེད།

    མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། བདེ་སྐྱིད་དཔལ་སྒྲོན་གྱིས་ད་དུང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་མཉམ་དུ་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་། ཁོངས་གཏོགས་ཀྱི་ཐོན་ཁུངས་ལེགས་ཆ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར། རང་བརྟེན་ལས་གཏོད་ལ་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ་མང་ཚོགས་ལས་ཞུགས་བཀོད་སྒྲིག་བྱས་པ་རེད།

    བསམ་པ་རྣམ་དག་གིས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་ཚེ་དམངས་ཀྱིས་བསམ་ཤེས་ཐོབ་ངེས་རེད། ལྷག་བསམ་ཟོལ་མེད་ཀྱིས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་ཚེ་དམངས་ཀྱི་བརྩི་བཀུར་ཐོབ་ངེས་རེད། བདེ་སྐྱིད་དཔལ་སྒྲོན་གྱི་ལྷག་བསམ་ཟོལ་མེད་ཀྱིས་ཞབས་འདེགས་དང་ལྷག་བསམ་རྣམ་དག་གིས་ལས་སྒྲུབ་ལ་གྲོང་མིའི་ཡིད་ཆེས་དང་བརྩི་བཀུར་ཐོབ་ནས་མང་ཚོགས་ཚོའི་སེམས་ནང་གི“ཧྲུའུ་ཅི་ཡག་པོར”གྱུར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།