དབུ་ཤོག>ཆེད་སྒྲིག
  • ཡངས་པའི་རྩྭ་ཐང་སྟེང་དུ་སྙན་པའི་འབྲོག་གླུ་ལེན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-05-05

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་ཚུན་དུ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས“ལའུ་ལན་མཁར་རྫོང་མ་ཕབ་བར། ཁྲབ་རྨོག་ཕུད་དེ་ཕྱིར་མི་ལོག”པའི་བློ་སྟོབས་མཐའ་འཁྱོངས་བྱས་ནས། གོང་འོག་སེམས་མཐུན་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་པ་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རིམ་རྩིས་ལྟར་ན། 2016ལོ་ཚུན་དུ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་དབུལ་པོ་ཉུང་དུ་གཏོང་ཚད་དུད་ཚང་31942ཀྱི་མི་136318(2019ལོའི་ཟླ་11པའི་སྟབས་བསྟུན་ལེགས་སྒྲིག་གྲངས་གཞི)ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་ཕྱིར་འཐེན་ཐུབ་ནས་དབུལ་པོ་ཐོན་ཚད་2015ལོའི་ལོ་མཇུག་གི་22.7%ནས་གཅིག་ཀྱང་མེད་པའི་བར་གྱུར་པ་དང་། གྲོང་ཚོ(གྲོང་ལྷན)1173དབུལ་པོ་ནས་ཕྱིར་འཐེན་བྱས་ཟིན་པ་དང་སྦྲགས། རྫོང་(ཆུས)ཡོངས་རྫོགས་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    “བྱ་སྤྱོད་ཆེན་པོ་གསུམ”ལ་བརྟེན་ནས་ཏང་འཛུགས་སྐྱོང་གིས་དབུལ་སྐྱོར་གྱི་ལག་ལེན་གསར་པར་སྐུལ་འདེད་བཏང་བ།

    དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་ཆེད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས“གདོང་ལེན”བྱ་སྤྱོད་སྤེལ་ནས་ཕུལ་བྱུང་ཏང་ཡོན་དང་། ཕུལ་བྱུང་ལས་བྱེད་པ། ཕུལ་བྱུང་ཤེས་ལྡན་མི་སྣ་བཅས་དབུལ་སྐྱོར་གསར་སྤེལ་གྱི་ལས་ཀའི་འཐབ་ཕྱོགས་དང་པོར་གཅིག་སྡུད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་རྫོང་ཐད་གཏོགས་ལས་ཁུངས་ནས་ཕུལ་བྱུང་ལས་བྱེད་པ་130ཤང་དང་གྲོང་རྡལ་དུ་ལས་གནས་འཁུར་བར་མངགས་པ་དང་། ཕུལ་བྱུང་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་143ཤང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ཤང་དང་གྲོང་རྡལ་དུ་ལས་གནས་འཁུར་བར་མངགས་པ། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་88%ཤང་དང་གྲོང་ཚོའི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་མཁན་ལས་བྱེད་པའི་ཁྲོད་ནས་ཐད་ཀར་བདམས་པ་དང་། ཆ་རྐྱེན་འཛོམས་ཀྱང་ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེ་མོ་བའི་ཁྲོད་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་1063བསྡུས་པ་དང་སྦྲགས། ཕྱུག་འགྱུར་སྣེ་ཁྲིད་པ་དང་། གྲོང་ཁྱེར་དུ་ཚོང་གཉེར་བྱེད་པར་སྐྱོད་མྱོང་བའི་མི་སྣ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ཏུ་སྔོན་ལ་འོས་སྦྱོར་དང་བསྡུས་ནས་ཚན་ཁག་གི་གྲུབ་ཆ་ལེགས་སུ་བཏང་ཡོད་པ་རེད།

    དེ་དང་ཆབས་ཅིག བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས“མཁར་རྫོང”གི་བྱ་སྤྱོད་སྤེལ་བ་དང“རྨང་གཞིའི་ནུས་ཤུགས”ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྣེ་ཁྲིད་བྱས་པ་དང་། 《ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གཏན་འབེབས་བྱས་ཤིང་། ཚད་གཞི་ཅན་ལ་བརྟེན་ནས་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་སྟེ། ལོ་ལྟར་10%ལས་མི་དམའ་བའི་བསྡུར་གྲངས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གཅིག་གཅིག་སྡུད་དག་ཐེར་བྱས་ཡོད། རིམ་རྩིས་ལྟར་ན། 2016ལོ་ཚུན་དུ། གྲོང་ཁྱེར་ཡོངས་ཀྱིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་595ལ་དག་ཐེར་དང་ཆུ་ཚད་མཐོ་རུ་བཏང་བ་རེད།

    གཞན་ཡང་། ནག་ཆུ་གྲོང་ཁྱེར་གྱིས“འགན་སྲུང”བྱ་སྤྱོད་ཧུར་ཐག་སྤེལ་བ་དང“འགག་སྒྲོལ་ནུས་ཤུགས”ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་བརྟན་པོ་བྱས་ནས། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་གཞི་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། 2016ལོ་ཚུན་དུ། རིམ་རྩིས་ལྟར་ན། གྲོང་ཁྱེར་དེས་མ་དངུལ་སྒོར་དུང་ཕྱུར་15.56བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁག་833ཚད་གཞི་ཅན་གྱི་འཛུགས་སྐྲུན་བྱས་པ་དང་། གྲོང་ཚོ(གྲོང་ལྷན)ཚང་མར་ལོ་ལྟར་ཏང་འཛུགས་སྐྱོང་ལས་དོན་གྱི་གྲོན་དངུལ་སྒོར་ཁྲི་10དོན་འཁྱོལ་བྱེད་ཀྱི་ཡོད་པ་རེད།

    “སྣེ་གཉིས་ལ་དམ་འཛིན་དང་བར་རྒྱུད་ལ་སྐུལ་འདེད་གཏོང་བའི”འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ།

    རང་བྱུང་ཁོར་ཡུག་དང་། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས། ཚན་རྩལ་ཆུ་ཚད་སོགས་ཀྱི་རྒྱུ་རྐྱེན་གྱིས་རྐྱེན་པས། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། རིམ་པ་དམའ་བ། ཐོན་ལས་འཁོར་སྦྲེལ་ཐུང་བ། འབྲོག་ཟོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དམའ་བ། སྣེ་འདྲེན་དང་ཀ་རྟེན་ཁེ་ལས་དཀོན་པ་བཅས་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་ཚུན་དུ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་འབྲོག་ལས་ཀྱི་ལྟེ་བའི་ཐོན་ལས་ལ་དམ་འཛིན་ཡག་པོ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། “སྣེ་གཉིས་ལ་དམ་འཛིན་དང་། བར་རྒྱུད་ལ་སྐུལ་འདེད་གཏོང་བའི”འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཚོལ་ཞིབ་བྱས་ནས་ཐོན་ལས་ཀྱི་ལས་སྟེགས་གཏོད་པ་དང་། མཁོ་ཚོང་སྣེ་གཉིས་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་པ་བརྒྱུད། འབྲོག་ལས་ཐོན་ལས་འཁོར་སྦྲེལ་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།

    རིམ་པ་གསུམ་པའི་ལས་སྟེགས(གྲོང་གསེབ་ཀྱི་རིམ་ངོས)སུ“སྣེ་དང་པོར”དམ་འཛིན་གྱིས“ཤང་གཅིག་ལ་མཉམ་ལས་ཁང་རེ”དང“གྲོང་ཚོ་གཅིག་ལ་མཉམ་ལས་ཁང་རེ་ཡོད་པ”བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་བསྡུས་པ་རེད། འབྲོག་པ་མང་ཚོགས་རྩྭ་ར་དང་། ཕྱུགས་རིགས། དངུལ་སྨར་སོགས་ཀྱི་བྱ་ཐབས་བརྒྱུད་མ་རྐང་ལ་ཞུགས་ནས་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད་པའམ་ཡང་ན་རྩྭ་ར་ནང་བཤུག་དང་བོགས་མར་གཏོང་བ་དང་། ལས་ཞུགས་ཐུབ་པ་སོགས་ཀྱི་བྱ་ཐབས་བརྒྱུད་དངུལ་སྨར་གྱི་ཡོང་འབབ་རག་གི་ཡོད། རིམ་པ་གཉིས་པའི་ལས་སྟེགས་སུ(རྫོང་རིམ་ངོས)རྫོང་འབྲོག་ལས་གསར་སྤེལ་ཀུང་སི་བཙུགས་ནས་ཤང་དང་གྲོང་རྡལ་ཁག་དང་གྲོང་ཚོ་རིམ་པའི་འབྲོག་ལས་མཉམ་ལས་རྩ་འཛུགས་འཁོར་སྐྱོད་ནུས་ལྡན་ཐུབ་པར་སྤྱི་འདོམས་བྱེད་པ་དང་། ནོར་ལུག་སྡོམ་གསོའི་རྣམ་གྲངས་ལག་ལེན་བསྟར་ནས་རྒྱུད་སྤེལ་རྟེན་གཞི་དང་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་ཀྱི་རྟེན་གཞི་བཏོད་པ་དང་། རིམ་པ་དང་པོའི་ལས་སྟེགས(གྲོང་ཁྱེར་རིམ་ངོས)སུ“སྣེ་གཞན་ལ”དམ་འཛིན་བྱེད་པ་དང་གྲོང་ཁྱེར་འབྲོག་ལས་གསར་སྤེལ་ཀུང་སི་བཙུགས་ནས་སྟོབས་ཤུགས་དང་། མཚན་སྙན། སྐུལ་ཁྲིད་ཀྱི་ནུས་པ་བཅས་ལྡན་པའི་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ནས་ཕོ་ཕྱུགས་འདེམས་གསོ་དང་མོ་ཕྱུགས་རྒྱུད་སྤེལ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་མཐར། “བར་རྒྱུད་ལ་སྐུལ་འདེད་གཏོང་ཐུབ་པ”བྱས་ནས། གྲོང་ཁྱེར་འབྲོག་ལས་གསར་སྤེལ་ཀུང་སི(སྣེ་འདྲེན་ཁེ་ལས)དང་། རྫོང་འབྲོག་ལས་འཕེལ་རྒྱས་ཀུང་སི(འབྲོག་ལས་ཐོན་སྐྱེད་རྟེན་གཞི) འབྲོག་ལས་མཉམ་ལས་རྩ་འཛུགས། དུད་ཚང་དབུལ་པོའི་ཁེ་ཕན་ཟུང་འབྲེལ་ལམ་སྲོལ་བཅས་ཟུང་འབྲེལ་གྱིས། འབྲོག་ལས་ཐོན་ལས་རྒྱུན་མཐུད་འཁོར་སྐྱོད་ཀྱི་འཕེལ་རྒྱས་བྱུང་ཡོད་པ་རེད།

    “ངལ་ནུས་འབབ་འཕར”གྱི་ལས་ཞུགས་དབུལ་སྐྱོར་གྱི་ལམ་སྲོལ་གསར་པ་བཙུགས་པ།

    གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་དབུལ་པོ་ལས་ཞུགས་དང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཆ་འཕྲིན་གྲངས་གཞི་གནད་སྨིན་འགན་ལེན་བྱེད་ཆེད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས“མཛོད་གཅིག་དང་དེབ་དྲུག”བཟོ་བ་དང་། “དྲ་སྦྲེལ་དང་མི་སྤྱི་ཟུང་འབྲེལ”གྱི་ཆ་འཕྲིན་ཅན་གྱི་ལས་སྟེགས་གཏོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། ནག་ཆུའི་མི་སྤྱིའི་ཁ་པར་APPཡི་བྱེད་ནུས་ཆེ་རུ་གཏོང་བ། “མཛོད་གཅིག་དང་དེབ་དྲུག”གི་ཆ་འཕྲིན་དུས་ཐོག་ཏུ་གསར་སྒྱུར་བཅས་བྱས་ནས། གཟའ་འཁོར་རེའི་ཆ་འཕྲིན་དྲ་ཐོག་དང་དྲ་ཕྱིར་གཅིག་མཚུངས་ཡོང་བར་བྱས་པ་རེད།

    གཞན་ཡང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཐབས་ལམ་མང་པོ་སྤྱད་ནས་ལས་ཞུགས་ཀྱི་ལས་གནས་མང་དུ་བཏང་བ་དང་། ལག་ལེན་ནང“ཁག་གཅིག་རེ་དྲུག”གི་ལས་ཞུགས་འབབ་འཕར་བྱ་ཐབས་འཚོལ་ཞིབ་བྱས་ནས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ངལ་ནུས་མངགས་གཏོང་ཀུང་སི་བཙུགས་པ་དང་། ངལ་རྩོལ་ནུས་ཤུགས་སྤྱོད་པར་སྤྱི་འདོམས་བྱས་ཏེ་ལས་ཞུགས་ཁེ་ལས་ཅན་གྱི་གཉེར་སྐྱོང་དང་། ཀུང་སི་ཅན་གྱི་འཁོར་སྐྱོད། སྟབས་བསྟུན་ཅན་གྱི་དོ་དམ་བཅས་ལ་སྐུལ་འདེད་བཏང་ཡོད། 2019ལོར། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་ནུས་ཤུགས་དབུལ་པོས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་བརྒྱུད་མི་3786གི་ལས་ཞུགས་ལ་སྐུལ་ཁྲིད་དང་། ཐོན་ལས་བརྒྱུད་ཐག་ཉེ་ས་དང་སྟབས་བདེ་སར་མི་11806ལས་ཞུགས་ཐུབ་པ། བོད་སྐྱོར་བརྒྱུད་མི་108ཀྱི་ངལ་ནུས་ཕྱིར་གཏོང་། གནས་དེ་གའི་ཁེ་ལས་བརྒྱུད་མི་1577ལས་ཞུགས་ཐུབ་པ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བརྒྱུད་མི་4823ལ་སྐུལ་ཁྲིད། ཞབས་འདེགས་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་མི་15506ལ་སྐུལ་ཁྲིད་བཅས་བྱས་ཤིང་། ཁྱོན་མི་37606ལ་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་4.97བཏོད་པ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.3བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།