དབུ་ཤོག>ཆེད་སྒྲིག
  • སྣང་རྫོང་གྲོང་མདའ་གྲོང་རྡལ་གྱི་དབུལ་སྒྲོལ་ལ་ཕན་འབྲས་ལེགས་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2020-05-04

     ཉེ་ཆར་གསར་འགོད་པར་སྣང་རྫོང་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། སྣང་རྫོང་འབྲོང་མདའ་གྲོང་རྡལ་གྱིས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་ཆེར་གཏོང་ལ་དམིཌ་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྔར་བས་ཏན་ཏིག་དང་། ཞིབ་ཕྲ། ལེཌ་པོ་བཅས་བྱས་པས་མང་ཚོགས་དབུལ་པོའི་འབབ་འཕར་ཕྱུག་འགྱུར་གྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་མང་ཚོཌ་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་ཕྱིན་པ་རེད།

    2020ལོ་ནས་བཟུང་། གྲོང་མདའ་གྲོང་རྡལ་གྱིས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་བློར་གཞིགས་ནས་སྲིད་འཛིན་གྲོང་ཚོ་བདུན་ལ་མཛོ་དང་། འབྲི། བ་ལང་གསོ་ཚགས་ཀྱི་རྣམ་གྲངས་དོན་འཁྱོལ་བྱས་ནས་གྲོང་ཚོ་ཚང་མར་མཉམ་སྡེབ་ཐོན་ལས་ཡོད་པ་དང་དུད་ཚང་ཚང་མར་དཔལ་འབྱོར་ཡོང་ཁུངས་ཡོད་པའི་འགན་ལེན་བྱས་པ་རེད།

    གྲོང་མདའ་གྲོང་རྡལ་གྱིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་བསམ་ཕྱོགས་འདོན་རོགས་བྱས་པ་དང་། “དབུལ་སྐྱོར་གྱི་མཚན་མོའི་སློབ་གྲྭ”དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཤེས་བྱ་གསལ་འགྲེལ། དབུལ་སྒྲོལ་ལེ་ཚན་འཁྲབ་སྟོན་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤེལ་བས་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་དང་། འབབ་འཕར་ཕྱུག་འགྱུར་ལ་བརྟེན་ནས་འབྱོར་འབྲིང་དུ་བསྐྱོད་པའི་དད་སེམས་ཟབ་ཏུ་དང་འཇོན་ཐང་ཆེ་རུ། དམངས་དོན་དམངས་ཀྱིས་དོ་དམ་དང་དམངས་དོན་དམངས་ཀྱིས་གཉེར་བའི་ནང་ཞུཌ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཅས་སོང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།