སྙེ་མོ་རྫོང་གི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་བའི་སྒྲིག་བཀོད་ཞིང་ལས་ཀྱི་སེའུ་འདེབས་འཛུགས་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་སྐྱོད་སྐབས། སེའུ་ཡི་མེ་ཏོག་རབ་ཏུ་བཞད་ཅིང་སྐྱེ་འཚར་ཧ་ཅང་ལེགས། སྙེ་མོ་རྫོང་གིས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་གི་ལས་དོན་སྒྲུབ་རིང་། ཞིང་ལས་སེའུ་འདེབས་འཛུགས་འཛུགས་སྐྲུན་རྣམ་གྲངས་ནང་འདྲེན་བྱས་ཤིང་། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཀྱི་འདུ་ཤེས་དང་དེང་རབས་ཅན་གྱི་འདེབས་འཛུགས་དོ་དམ་སྤྱད་ནས་ཞིང་འབྲོག་པ་དབུལ་པོའི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་བཏང་བ་རེད། རྣམ་གྲངས་དེ་ལས་སྔོན་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་54ཡི་མི་གྲངས་243ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་སྣེ་ཁྲིད་ཐུབ་སྟེ་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཕན་པ་མང་པོ་ཐོབ་རྒྱུ་རེད།
ཏང་འཛུགས་སྐྱོང་གི་མཁར་རྫོང་བརྟན་པོ་བསྐྲུན་པ།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་ཚུན། སྙེ་མོ་རྫོང་གིས་ཁྱོན་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། གོང་གིས་འོག་ལ་སྣེ་ཁྲིད་དང་རིམ་པ་བཞིན་སྐུལ་འདེད་བཏང་སྟེ་རྫོང་ཡོངས་དབུལ་སྒྲོལ་འགག་སྒྲོལ་ཐུབ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། གོང་ནས་འོག་བར་དུ“3+3”གི་རྩ་འཛུགས་ཀྱི་མ་ལག་བཙུགས་པ་དང་། རིམ་པ་བཞིན་དམིཌ་ཚད་་འགན་འཁྲིའི་ཡི་གེ་བཞག་སྟེ་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་བ་རེད། རིམ་པ་རེར“2+10”ཡི་ལས་ཀའི་མ་ལག་བཙུགས་ཏེ་ཆེད་དོན་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་བགོས་ངང་འཁུར་བ་རེད།
རྫོང་ཡོངས་ཀྱི་ཤང་རིམ་པའི་ལས་བྱེད་པས་ཁག་བགོས་ནས་ཤང་འགན་ལེན་དང་གྲོང་ཚོ་འགན་ལེན་གྱིས་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། རྫོང་ཡོངས་ཀྱི་ལས་བྱེད་པ་ཚང་མས“གཅིག་རོགས་གཅིག་དང་། གཅིག་གིས་མང་པོར་རོགས་རམ། མང་པོས་གཅིག་ལ་རོགས་རམ”བཅས་ཀྱི་བྱ་ཐབས་གཞིར་བཟུང་ནས “321”གི་ཆ་སྒྲིག་རོགས་སྐྱོར་གྱི་ལམ་སྲོལ་ལག་བསྟར་བྱས་པ་བརྒྱུད། རྫོང་ཡོངས་སུ་ཁ་གཏད་རོགས་སྐྱོར་གྱི་ཆ་སྒྲིག་1874བྱས་ཏེ། ཏང་ཡོན་ལས་བྱེད་པ་ཚང་མར་རོགས་སྐྱོར་བྱ་ཡུལ་ཡོད་པ་དང་། དུད་ཚང་དབུལ་པོ་ཚང་མར་ཆ་སྒྲིག་ལས་བྱེད་པ་ཡོད་པ་རེད།
སྣོད་བཅུད་ཐོན་ལས་འཕེལ་རྒྱས་བཏང་བ།
“ཕྱོགས་ཡོངས་དང་། མཐུན་སྦྱོར། རྒྱུན་མཐུད་འཕེལ་རྒྱས”བཅས་སྤྱི་འདོམས་སུ་བྱས་ཤིང་། བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག སྤོས་ཀྱི་རིག་གནས་ཐོན་ལས་དང་། བོད་བྱ་ཐོན་ལས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཐོན་ལས། སྐྱེ་ལྡན་ཞིང་ལས་བཅས་འཕེལ་རྒྱས་གཏོང་བ་དང་། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་སྙེ་མོའི་ཐོན་ལས་གླིང་དང་སྙེ་མོའི་དེང་རབས་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་གླིང་བསྐྲུན་པའི“ཐོན་ལས་བཞི་དང་གླིང་གཉིས”ཀྱི་བཀོད་ཇུས་བཏོན་ནས། དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་ཆེད་ཕུགས་ཕན་གྱི་ལམ་སྲོལ་བཙུགས་ཏེ་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།
“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། སྐབས་དགུ་པའི་རྫོང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་ཤང་དང་གྲོང་རྡལ་ཁག་འཕེལ་རྒྱས་གཏོང་ཕྱོཌ་དང“གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་དང་། ཤང་དང་གྲོང་རྡལ་གཅིག་ལ་ཁེ་ལས་གཅིག”གི་བླང་བྱར་གཞིགས་པ་དང་། པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཤིང་། དེང་རབས་ཅན་གྱི་ཚོང་གཉེར་རྣམ་པ་སྤྱད་ནས་ཤང་དང་གྲོང་རྡལ་ཁག་གི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས“ཐོན་ལས་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་། ཐོན་རྫས་ཕྱིར་ཚོང་ཐབས་ལམ་ཡག་པ། མང་ཚོགས་ལ་ཁེ་བཟང་མང་བའི”དམིགས་ཚད་མངོན་འགྱུར་བྱུང་ཡོད།
བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་པ།
2019ལོའི་ཟླ་4པར་སྙེ་མོ་རྫོང་མཁར་རུ་ཤང་གིས་པེ་ཅིང་གི་བོད་སྐྱོར་མ་དངུལ་སྒོར་ཁྲི་2100སྤྱད་དེ་བྱ་ནག་རིལ་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཞིང་འབྲོག་ཆེད་ལས་མཉམ་ཁང་གི་བོད་བྱ་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་དང་། བྱ་སྒོང་སྐྱེད་སྲིང་ཁང་། སྒོ་ང་ཉར་ས། གཟན་ཆག་མཛོད། གནོད་མེད་ཐག་གཅོད་ཁང་སོགས་དེང་རབས་ཅན་གྱི་གསོ་ཚགས་ཁང་རབ་དང་རིམ་པ་བསྐྲུན་ནས་གང་མགྱོགས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། མིག་སྔར་རྟེན་གཞི་དེས་བོད་བྱ་20600གསོ་ཚགས་བྱས་པར་ཉིན་ལྟར་སྒོ་ང་1100ལྷག་ཙམ་ཐོན་གྱི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་གིས་བོད་སྐྱོར་ལེགས་ཆར་གཞིགས་པ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། བོད་སྐྱོར་མ་དངུལ་དང་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་པ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་གྱི་ནང་གནས་སྒུལ་ཤུགས་དང“རང་བརྟེན”ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། གནད་སྨིན་དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་དཔེ་སྟོན་ཤང་དང་། དེང་རབས་ཞིང་ལས་མཐོ་གསར་ལག་རྩལ་དཔེ་སྟོན་གླིང་སོགས་དཔེ་སྟོན་རང་བཞིན་དང་སྐུལ་ཁྲིད་རང་བཞིན་ཅུང་ཆེ་བའི་རྣམ་གྲངས་ཁག་གཅིག་གཙོ་གནད་ཐོག་བསྐྲུན་ཏེ་སྙེ་མོ་རྫོང་གི་དཔལ་འབྱོར་དང་། སྤྱི་ཚོགས། ཚན་རྩལ། ཤེས་ལྡན་མི་སྣ། རིག་ནུས་བཅས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།