དབུ་ཤོག>ཆེད་སྒྲིག
  • ཐང་རྒོད་ནོར་གཞོང་དུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-01

    ས་བབ་མཐོ་ཚད་སྨི་4200ཡོད་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གནས་ཡུལ་གྲོང་ཚོའི་ཨུ་མིག་ཚོགས་ཆུང་དེ་དེ་སྔོན་མཐའ་བཞི་རི་བོས་སྐོར་བའི་ཐང་རྒོད་ཀྱི་ཁྲོད་དུ་ཆགས་ཡོད། གསར་འགོད་པ་གྲོང་ཚོ་དེར་སྐྱོད་སྐབས་ད་ཆ་ཡུལ་དེར་ཞིང་ཁས་ཁེངས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་མཐོང་བྱུང་།

    དེ་སྔོན་ཐང་རྒོད་ཡིན་པའི་སྙེ་མོ་རྫོང་གིས་ས་མེད་འདེབས་འཛུགས་ཀྱི་ལག་རྩལ་ལ་བརྟེན་ནས་སྔོ་ཚལ་དང་ཤིང་ཏོག་སྣ་ཚོགས་འདེབས་འཛུགས་བྱས་ཤིང་། གཞོང་སྟེགས་མང་པོ་གྲལ་སྟར་འགྲིག་པོར་བཞག་པ་དང་ཉི་འོད་དྲོད་ཁང་མང་པོ་ཞིག་བསྐྲུན་པ་དག་ཨུ་མིག་ཚོགས་ཆུང་གི་ཐང་རྒོད་ཐོག་གི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། འདི་ལོ་སླར་ཡང་ས་ཞིང་དེའི་ནང་སེའུ་དམར་བཏབ་ཡོད།

    སྙེ་མོ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བའི་སྒྲིག་བཀོད་ཞིང་ལས་ཏེ་སེའུ་དམར་འདེབས་འཛུགས་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་ཚ་ཚ་འུར་འུར་དང་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད་པའི་མཛེས་ལྗོངས་ཀྱིས་ཁེངས་འདུག

    “དེ་སྔོན་གཙོ་བོ་ཞིང་ལས་བྱེད་ཀྱི་ཡོད། ད་ཆ་ངས་སེའུ་དམར་འདེབས་འཛུགས་ཀྱི་ལག་རྩལ་ཤེས་བྱུང་། འདིར་ལས་ཀ་བྱས་ན་དྲག་ཆར་རླུང་འཚུབ་དང་བུ་ཡུག་ཁྲོད་འགྲོ་མི་དགོས་པར་ཉིན་རེར་ཡོང་འབབ་སྒོར་100ཡོང་གི་འདུག ངས་འདེབས་འཛུགས་ཀྱི་ལག་རྩལ་ཡག་པོ་སྦྱངས་ཏེ་ང་ཚོའི་གྲོང་ཚོའི་མི་དེ་བས་མང་བ་སྣེ་འཁྲིད་དེ་ལག་རྩལ་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་གནས་ཡུལ་གྲོང་ཚོའི་གྲོང་མི་གྲུང་ཏོག་ལྷ་མོས་དྲོད་ཁང་ནང་གདེང་ཚོད་ཆེན་པོའི་ངང་དེ་ལྟར་བརྗོད།

    སེའུ་དམར་གསོན་ཚད་འགན་ལེན་བྱ་ཆེད། སྙེ་མོ་རྫོང་གིས་རིག་ནུས་དྲོད་ཁང་བསྐྲུན་ནས་ས་རྒྱུ་ལེགས་སུ་བཏང་སྟེ་ལོ་གཅིག་སྔ་སྣུར་དུ་ཚོད་ལྟའི་ངང་འདེབས་འཛུགས་བྱས་པ་མ་ཟད། ཧྲན་ཏུང་ཞིང་ཆེན་ཧྲོའུ་ཀོང་གྲོང་ཁྱེར་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཐོན་ལས་རྣམ་གྲངས་ཀྱི“གཅིག་གཏད་གཅིག”ལ་རོགས་རམ་བྱེད་མཁན་ལས་བྱེད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོར་སེའུ་དམར་འདེབས་འཛུགས་ཀྱི་ལག་རྩལ་ཁྲིད་པ་རེད།

    མིག་སྔར། རིག་ནུས་དྲོད་ཁང་ཆེན་པོ་9ནང་པེ་ཅིང་དང་ཧྲན་ཏུང་ནས་ནང་འདྲེན་བྱས་པའི་སེའུ་དམར་སྡོང་ཕྲུག་བཙུགས་ཡོད། དེའི་ནང་ནས་མེ་ཙའོ་དང་། ཧུང་ཏེང་། ལ་ཧྥེ་སི་སོགས་ཚང་མ་ནི་སེའུ་དམར་ཆེ་བའི་རིགས་སུ་གཏོགས་ཀྱི་ཡོད།

    དེ་ལྟར། ལས་བྱེད་པ་དང་མང་ཚོགས་གང་ཞིག་ཡིན་རུང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སྡོང་ཕྲུག་རེར་བདག་སྐྱོང་ཡག་པོ་བྱས་པའི་ཁར། ཆེད་ལས་ལག་རྩལ་པའི་མཛུབ་ཁྲིད་འོག་སྙེ་མོ་རྫོང་གནས་ཡུལ་གྲོང་ཚོའི་ཐང་རྒོད་དུ་བཏབ་པའི་སེའུ་དམར་སྡོང་ཕྲུག་ལ་མེ་ཏོག་བཞད་ནས་འབྲས་བུ་སྨིན་ཡོད།

    མིག་སྔར། སེའུ་དམར་སྡོང་པོར་མེ་ཏོག་བཞད་པའི་དུས་སུ་སླེབས་ཤིང་། མེ་ཏོག་ཁྲ་ལྷམ་མེར་བཞད་པའི་ཡུལ་དུ་ལས་མི་ཚོས་དུས་ཚོད་དམ་འཛིན་གྱིས་སྡོང་ཕྲུག་ལ་གཡོག་བྱེད་དང་། མི་ཐབས་ལ་བརྟེན་ནས་ཟེའུ་འབྲུ་སྡེབ་སྦྱོར། ཚང་མས་རང་འགན་གཙང་སྒྲུབ། ཁག་བགོས་མཉམ་ལས་བཅས་བྱེད་བཞིན་ཡོད།

    “ངས་སེའུ་དམར་འདེབས་འཛུགས་བྱས་ནས་ཡུན་རིང་མ་སོང་བས་མུ་མཐུད་སློབ་སྦྱོང་དང་འཚོལ་ཞིབ་བྱེད་བཞིན་ཡོད། ང་ཚོས་གཡོག་བྱེད་བྱས་པའི་སེའུ་དམར་སྐྱེ་འཚར་ཡག་པའི་ཁར། ན་ནིང་ཚོད་འདེབས་བྱས་པའི་ཉམས་མྱོང་ཡོད་པས་ད་ཆ་སེའུ་དམར་འདེབས་འཛུགས་ལ་སྔར་བས་ཡིད་ཆེས་ཆེན་པོ་ཡོད། མི་སེར་ཚོས་སེའུ་དམར་འདེབས་འཛུགས་བྱས་པ་བརྒྱུད་ཡོང་འབབ་མང་དུ་དང་འཚོ་བའི་སྤུས་ཚད་མཐོ་རུ་འགྲོ་བ་མཐོང་སྐབས། ངས་སྒྲུབ་བཞིན་པའི་ལས་ཀར་དོན་སྙིང་ཆེན་པོ་ལྡན་པའི་མྱོང་ཚོར་ཡོང་གི་འདུག”རང་ཉིད་ཀྱི་རོགས་རམ་འོག་མི་མང་པོ་ཞིག་གི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། བསམ་བློར་ཡང་འགྱུར་ལྡོག་ཕྱིན་སོང་ཞེས་རྣམ་གྲངས་ཀྱི“གནས་ཀྱིས་གནས”ལ་རོགས་རམ་བྱེད་མཁན་ལས་བྱེད་པ་བདེ་སྐྱིད་ཀྱིས་དགའ་སྤྲོ་ཆེན་པོས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན་རྣམ་གྲངས་དེར་བསྡོམས་མ་དངུལ་སྒོར་ཁྲི་5284.57(ཁག་གཉིས་ཚུད་པ)བཏང་བ་དང་། སེའུ་དམར་སྡོང་རྐང་3000འཛུགས་རྩིས་ཡོད་པ། རྣམ་གྲངས་ཡོངས་སུ་འཁོར་རྒྱུག་བྱུང་རྗེས་སྔོན་དཔག་བྱས་ན་ལོར་ཡོང་འབབ་སྒོར་ཁྲི་300ཙམ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་54ཡི་མི་243ལ་འབབ་འཕར། དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་3000བཅས་ཡོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།