དབུ་ཤོག>ཆེད་སྒྲིག
  • ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-01

     རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚེས་29ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ནོར་བུ་དོན་གྲུབ། ཅང་ཅེ་བཅས་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་དང་། རྒྱལ་མཚན། དབང་ཧའེ་ཀྲོའུ། ཧྲེ་མོའུ་ཅུན། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། ལུའོ་མེ། མོང་ཞའོ་ལིན། འཇམ་དཔལ། ཀྲང་ཧུང་པོ། རེན་ཝུའེ་བཅས་ཕེབས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཟུར་བཞུགས་གནང་བ་རེད།

    ཆེ་དགྲ་ལྷས་སྲིད་གཞུང་གི་ཏང་ཙུའུ་ཡི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་དང་སྣེ་ཁྲིད་དེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་བ་དང་། ཏང་ཙུའུ་ཡི་ཁོངས་མི་གཞན་དག་གིས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་སྤེལ་ཞིང་། ཚང་མས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་ལ་དམ་པོར་དམིགས་ནས། རང་ཉིད་ཀྱི་གནས་ཚུལ། འགན་འཁྲིའི་གནས་ཚུལ། ལས་དོན་གྱི་གནས་ཚུལ་བཅས་བཏོན་ཏེ།

     རང་ངོས་ཀྱི་གནད་དོན་ལ་ཞིབ་ལྟ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། དག་ཐེར་བྱ་ཐབས་ཁ་གསལ་བཟོས་ནས་རང་སྐྱོན་རང་བརྗོད་ཀྱིས་མི་དང་གནད་དོན་མཐོང་བ་དང་། ཕན་ཚུན་ཟོལ་མེད་སྐྱོན་བརྗོད་བྱེད་པ། བསམ་བློ་དང་གནད་དོན་གྱི་ངོ་བོར་གཏུག་པ་བཅས་བྱས་པས་བསམ་བློ་གཅིག་གྱུར་དང་། མཐུན་སྒྲིལ་དམ་ཟབ། དག་ཐེར་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད་པ་རེད།

    དག་ཐེར་དོན་འཁྱོལ་ལ་སྔར་བས་དམ་འཛིན་ཡག་པོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་སྐོར་ལ་ཆེ་དགྲ་ལྷས་སྲིད་གཞུང་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། སྣེ་ཁྲིད་དེ་ཐོས་བསམ་མྱོང་རྟོགས་ལ་འབད་བརྩོན་དངོས་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དང《ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གསུམ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དག་ཐེར་ཇུས་གཞིའི》བླང་བྱ་དང་ཡང་ཡང་བསྡུར་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དག་ཐེར་གྱི་འགན་འཁྲི་འཁུར་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་དང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”སྐབས་བཏོན་པའི་གནད་དོན་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་ཞིབ་ལྟ་བྱེད་སྐབས་ཐོན་པའི་གནད་དོན་སོགས་སྤྱི་འདོམས་བྱེད་པ་དང་། གནད་དོན་དག་ཐེར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱུན་གཏན་ལས་དོན་དང་ཟུང་འབྲེལ་བྱས་ནས་སྡེབ་གཅིག་ལ་དག་ཐེར་དོན་འཁྱོལ་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྗེས་མཐུད་རོགས་སྐྱོར་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཐོན་ལས་དབུལ་སྐྱོར་གྱི་ཡུན་རིང་གི་གནད་དོན་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཅུག་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་བཟང་བ་དང་རྒྱུན་མཐུད་ཐུབ་པའི་འགན་ལེན་བྱེད་དགོས་པ། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གོང་གིས་འོག་ལ་སྣེ་ཁྲིད་པ་དང་དམ་པ་དོན་གཉེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་སྦྲེལ་ཐག་དམ་དུ་བཏང་སྟེ་དབུལ་སྐྱོར་ལས་དོན་དངོས་སུ་སྒྲུབ་པ་དང་། དབུལ་སྒྲོལ་གྱི་བརྒྱུད་རིམ་ཏན་ཏིག་ཡོང་བ། དབུལ་སྒྲོལ་ལ་གྲུབ་འབྲས་དངོས་ཐོབ་པ་བཅས་ཡོང་བའི་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ཁྲོད་ཏང་གི་གཟུགས་བརྙན་བཟང་པོ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། སྐོར་གཟིགས་གཞུང་དོན་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།