དབུ་ཤོག>ཆེད་སྒྲིག
  • ཧི་མ་ལ་ཡའི་རི་གཤམ་ནས་དབུལ་སྒྲོལ་གྱི“གདོང་མཆོང་དུང་བརྡ”གྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-29

    725313_yis_1587113796029_s.jpg

    འདི་ནི་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་གིས་མང་ཚོགས་དབུལ་པོའི་ཁྱིམ་དུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་དང་། དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས། ཆ་སྒྲིག་རོགས་སྐྱོར་བཅས་བྱེད་བཞིན་པ། 

    བཅིངས་འགྲོལ་དམག་མི་ཡག་པོ་འདུག

    ཚེ་རིང་པ་སངས་དགའ་ཚོར་འདི་འདྲ་བྱེད་དོན་ནི་བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་45ལྷག་ཙམ་བཏང་ནས་གམ་པའི་ལུག་གསོ་ཚགས་ཀྱི་རྣམ་གྲངས་བསྐྲུན་པས་རེད།

    ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་ཤུགས་ཆེན་བྱས་པའི་ཁྲོད། གམ་པ་རྫོང་དགྱེས་རུ་གྲོང་ཚོ་ནི་དེའི་ནང་གི་ཚབ་མཚོན་ཙམ་རེད།

    གཞིས་རྩེ་དང་བར་ཐག་སྤྱི་ལེ་480ཆོད་པའི་ས་དགའ་རྫོང་རྒྱལ་གྲོང་ཚོར་གྲོང་མི་ཚེ་དབང་བུ་ཁྲིད་ཞིང་ནང་དུ་དཔྱིད་འདེབས་ལས་ལ་བྲེལ་བཞིན་མཆིས། དེ་སྔ་དང་མི་འདྲ་བ་ཞིག་ནི་སྔོན་ཆད་རྨོན་མཛོས་ས་ཞིང་རྨོ་བ་དེ་ད་ཆ་ཞིང་སྤྱོད་འདྲུད་འཐེན་འཕྲུལ་འཁོར་ལ་བསྒྱུར་པ་དེ་རེད།

    2018ལོར་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཞིག་གིས་མ་དངུལ་སྒོར་24500བཏང་ནས་བུ་ཁྲིད་ཀྱི་ཁྱིམ་ལ་འདྲུད་འཐེན་འཕྲུལ་འཁོར་ཉོས་པས་གྲོང་གསེབ་ཏུ་ངལ་ནུས་མི་འདང་བའི་དཀའ་ངལ་ཐག་གཅོད་ནུས་ལྡན་ཐུབ་པ་རེད།

    2018ལོ་ཚུན་དུ། ཡན་ལག་དམག་ཁུལ་ཁང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་56བཏང་ནས་གམ་པ་རྫོང་དགྱེས་རུ་གྲོང་ཚོ་དང་རྒྱལ་རྩེ་རྫོང་ནུ་མ་གྲོང་ཚོར་འགྱིག་ཤོག་དྲོད་ཁང་ཆེ་མོ་སྐྲུན་རོགས་བྱས་པ་དང་། གཏིང་སྐྱེས་རྫོང་མང་རྭ་གྲོང་ཚོའི་ཡ་ཙེ་གསོ་ཚགས་རྟེན་གཞི་དང་གམ་པ་རྫོང་གི་གམ་པའི་ལུག་གསོ་ཚགས་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་75.5བཏང་བ། མ་དངུལ་སྒོར་ཁྲི་30ལྷག་ཙམ་བཏང་ནས་རྒྱལ་རྩེ་རྫོང་གཡུལ་གྲོང་ཚོའི་ཞིང་ཆུ་འདྲེན་པའི་ཆུ་བེད་སྒྲིག་ཆས་དང་འབྲུ་རིགས་ལས་སྣོན་ཁང་སྐྲུན་རོགས་བྱས་པ་རེད།

    རྒྱལ་གྲོང་ཚོའི་གྲོང་མི་རྡོ་རྗེ་སྒྲོལ་མའི་བུ་མོ་བློ་བཟང་ལྷ་མོ་ཧུའུ་ནན་མདོག་ལྡན་ལྕགས་རིགས་ལས་རིགས་ལག་རྩལ་སློབ་གླིང་དུ་ཡོད་པ་དང་། ལོ་རེའི་སློབ་ཡོན་ཐད་རྡོ་རྗེ་སྒྲོལ་མའི་ཁྱིམ་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། སློབ་ཡོན་ལ་སེམས་ཁྲལ་བྱེད་པའི་སྐབས་སུ་བཅའ་སྡོད་དཔུང་སྡེས་སློབ་སྐྱོར་དངུལ་སྒོར་5000བློ་བཟང་ལྷ་མོར་སྤྲད་པ་རེད།

    “སློབ་གསོར་མུ་མཐུད་དབུལ་སྐྱོར་བྱས་ཏེ་སློབ་སྐྱོར་མ་དངུལ་རོགས་རམ་བྱེད་པ་དེ་གནད་སྨིན་དབུལ་སྐྱོར་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ན་ནིང་ཁོ་ནར་ང་ཚོས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་དབུལ་པོ་12ལ་རོགས་སྐྱོར་བྱས་ནས་ཁོང་ཚོ་སློབ་ཆེན་དུ་སྐྱོད་ཐུབ་པ་བྱས་ཡོད”ཅེས་ཡན་ལག་དམག་ཁུལ་ཁང་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་ཀྲང་ཅུན་པོ་ཡིས་ངོ་སྤྲོད་བྱས།

    གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་སློབ་གསོའི་རོགས་སྐྱོར་གྱི་གྲུབ་འབྲས་ལ་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད་ཅིང་། རྒྱ་མཚོ་གཞུང་ཤང་ཕུགས་རེའི་སློབ་ཆུང་དུ་མ་དངུལ་སྒོར་ཁྲི་48.9བཏང་ནས་རྒྱལ་སྲུང་སློབ་གསོ་ཁང་བསྐྲུན་པ་དང་། སློབ་མ་དབུལ་པོ་50ཡན་ལག་དམག་ཁུལ་ཁང་གི་ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ཀྱི་ཆ་སྒྲིག་རོགས་སྐྱོར་མིང་ཐོའི་ནང་བཅུག་པ། མི་སྒེར་གྱིས་ལོར་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་3000ལས་བརྒལ་བ། “1+1”གི་ཆ་སྒྲིག་སློབ་སྐྱོར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    དགའ་འོས་པའི་དབུལ་སྒྲོལ་གྱི་གྲུབ་འབྲས་ལ་ལྟ་བཞིན་ཡན་ལག་དམག་ཁུལ་ཁང་གི་སི་ལིང་ཡོན་མཱ་ཡུན་ལ་སེམས་ཤུགས་ཆེན་པོ་སྐྱེས་ཡོད། ཁོང་གིས“ཡན་ལག་དམག་ཁུལ་ཁང་གིས་གྲོང་ཚོ་དབུལ་པོ་37གྱི་དུད་ཚང་དབུལ་པོ་196ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་ཚང་མ་2019ལོའི་ལོ་མཇུག་ཏུ‘དབུལ་ཞྭ’ཕུད་ཡོད། ང་ཚོས་མུ་མཐུད་ནུས་ཤུགས་བཏོན་ནས་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་ཡིན”ཞེས་བཤད།

    ཆོད་སེམས་ཡོད་ལ་བྱ་སྤྱོད་དེ་བས་ཡོད་ཅིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། 2018ལོ་ཚུན་དུ་ཡན་ལག་དམག་ཁུལ་ཁང་གིས་དཔོན་དམག་མི་ཐེངས་1155མངགས་པ་དང་། རླངས་འཁོར་དང་འཕྲུལ་ཆས་141བཀོད་སྒྲིག་བྱས་ཤིང་། མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ནས་དབུལ་སྐྱོར་རྣམ་གྲངས་20ལྷག་ཙམ་བསྐྲུན་པ་དེ་དག་དྲིལ་བསྒྲགས་སློབ་གསོ་དང་། ཁོར་ཡུག་བཅོས་སྒྲིག རྩལ་ནུས་གསོ་སྦྱོང་། ཐོན་ལས་དབུལ་སྐྱོར། འོས་འགན་སྐོར་སྐྱོད་སྨན་བཅོས། སློབ་སྐྱོར་མ་དངུལ། ཏང་ཀྲི་པུའུ་མཉམ་སྐྲུན་སོགས་ལ་སྤྱད་པས་མི་འབོར་དབུལ་པོ་1200ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།