དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། བོད་ལྗོངས་སྟེང་ཆེན་རྫོང་གིས་ཐོན་ལས་འཕེལ་རྒྱས་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྣོད་བཅུད་ལས་གནས་ཀྱི་ཁ་གསབ་སོགས་ཀྱི་བྱེད་ཐབས་བརྒྱུད་2019ལོའི་ལོ་མཇུག་ཏུ་དུད་ཚང་3174ཡི་མི་གྲངས་13889དབུལ་སྒྲོལ་ཐུབ་པ་དང་གྲོང་ཚོ(གྲོང་ལྷན)དབུལ་པོ་63ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་ཐོན་ཚད་16%ནས་0%བར་ཆག་ཡོད།
ཐོན་ལས་སྣ་མང་ཅན་ཡོད་པས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་སོང་བ།
བོད་ལྗོངས་སྟེང་ཆེན་གྲོང་རྡལ་གྲོང་འབེལ་གྲོང་ཚོའི་སྐོར་གླེང་སྐབས་ཚང་མས་ཕྲེང་བའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། གཞོན་ནུའི་འདོན་འཇུག་རུ་ཁག གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཚེ་རིང་དབང་འདུས་བཅས་ཡིད་ལ་འཁོར་སྲིད། ཚེ་རིང་དབང་འདུས་ཀྱི་སྣེ་ཁྲིད་འོག་གྲོང་འབེལ་གྲོང་ཚོའི་ཕྲེང་བའི་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་གྲོང་མིར་ཡོང་འབབ་སྒོར་ཁྲི་3.5ལྷག་ཙམ་འཕར་བ་དང་། གཞོན་ནུའི་འདོན་འཇུག་རུ་ཁག་བཙུགས་པའི་ཟླ་དང་པོ་དེར་ཡོང་འབབ་སྒོར་ཁྲི་5.786བྱུང་བ། དྲོད་ཁང་ཆེ་མོའི་ནང་གི་སྒོར་ཁྲི་5ལྷག་ཙམ་རི་བའི་མེ་ཏོག་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་5སྣེ་ཁྲིད་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་ལ་སོགས་རེད།
ལོ་38ལ་སླེབས་པའི་གྲོང་འབེལ་གྲོང་ཚོའི་གྲོང་མི་ཟླ་མཚོས“ད་ཆ་ལས་ལ་བརྩོན་ནུས་ན་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱང་ཡག་པོ་ཡོད་པས་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བར་ཡིད་ཆེས་ཆེན་པོ་ཡོད”ཅེས་བརྗོད།
2016ལོའི་ཚུན་དུ། བོད་ལྗོངས་སྟེང་ཆེན་རྫོང་གིས“འདེབས་འཛུགས་རྟེན་གཞི་ཆེན་པོ་བདུན་དང་གསོ་ཚགས་རྟེན་གཞི་ཆེན་པོ་ལྔ”ཡི་ཐོན་ལས་བཀོད་ཇུས་གཞིར་བཟུང་། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཤང་དང་གྲོང་རྡལ་13གསོ་ཚགས་དང་འདེབས་འཛུགས་རྟེན་གཞིར་བྱེད་པ་དང་ཐོན་ལས་གླིང་ཁུལ་ཞིང་འབྲོག་ཐོན་རྫས་ལས་སྣོན་ལྟེ་གནས་སུ་བྱས་ནས“དྭངས་གཙང་ཨ་སྔོན”དང“མཆོད་རྟེན་གསུམ་རྟགས་ཅན”སོགས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་རྟགས་ཧུར་ཐག་བཏོད་པ་རེད།
གཞན་ཡང་བོད་ལྗོངས་སྟེང་ཆེན་རྫོང་གིས་མུའུ་ཁྲི་ལོན་པའི་ཞོག་དམར་དང་། བོད་སྨན་སྨན་རྒྱུ། པད་ཁ། གཟན་རྩྭ་ལས་སྣོན་ཁང་སོགས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་60ལག་བསྟར་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་4663ལས་ཞུཌ་ཐུབ་པར་བྱས་ཡོད།
ཁང་པ་གསར་པར་སྤོས་པས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཟབ་ཏུ་སོང་བ།
ལོ་66ལ་སླེབས་པའི་བགྲེས་སོང་རིན་ཆེན་གཡུ་མཚོའི་སྡོད་ཁང་གསར་པ་ནི་བོད་ལྗོངས་སྟེང་ཆེན་རྫོང་ས་སྒང་གྲོང་ཚོའི་བཀྲ་ཤིས་བདེ་བཟང་བཀོད་སྒྲིག་ས་ཚིགས་སུ་གནས་ཡོད།
སྔོན་ཆད་ཀྱི་འཚོ་བའི་ཁོར་ཡུག་སྐོར་གླེང་སྐབས་བགྲེས་སོང་གིས“སྔོན་ཆད་ང་ཚོའི་ཁང་པ་ནི་ས་སྒང་གྲོང་ཚོའི་ཝ་སྒ་ཚོགས་ཆུང་དུ་གནས་ཡོད་ཅིང་། གནས་དེར་ས་རྒྱུ་ཞན་ལ་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་ཡོད”ཅེས་བརྗོད།
སྡོད་ཁང་གསར་པར་སྤོས་པ་ནས་བཟུང་རིན་ཆེན་གཡུ་མཚོས་ཉིན་ལྟར་ཞོགས་པ་སྔ་པོ་ནས་ཁང་པར་གཙང་སྦྲ་བྱེད་པ་དང་། ཕྲུ་གུ་ཚོ་ལས་ཐག་བཅད་དེ་ཁྱིམ་དུ་ལོག་ནས་ནང་མི་མཉམ་འཛོམས་ཀྱི་དུས་དེ་ནི་ཁོང་གི་ངོས་ནས་བརྗོད་ན་ཉིན་གཅིག་རིང་གི་བདེ་སྐྱིད་ཆེ་ཤོས་དེ་རེད།
རིན་ཆེན་གཡུ་མཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྟེང་ཆེན་རྫོང་གི་ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཁྲོད་ཀྱི་མཚོན་ཚུལ་ཙམ་ཞིག་རེད།
སྟེང་ཆེན་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1640ཡི་འཚོ་བའི་ཁོར་ཡུག་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་དཀོན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་སྟེང་ཆེན་རྫོང་གིས་རིམ་རྩིས་བྱས་ན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་77538བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་31འཛུགས་སྐྲུན་ལེགས་སྒྲུབ་དང་སྡོད་ཁང་1981གསར་སྐྲུན་བྱས་པར་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་སྨི་ངོས་གྲུ་268598.27ཟིན་པའི་ནང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་གི་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་སྨི་ངོས་གྲུ་172548.66དང་། མི་རེའི་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་22 ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་དུད་ཚང་དབུལ་པོ་1640 གནས་སྤོས་བཀོད་སྒྲིག་མི་གྲངས་7808བཅས་ཟིན་ནས་2018ལོར་ཚང་མ་གནས་སྤོས་བྱས་པ་དང་འབྲེལ་དབུལ་སྒྲོལ་ཡང་ཐུབ་ཡོད།
སྣོད་བཅུད་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བས་མང་ཚོགས་ཚོ་ལྗང་མདོག་ཕྱུག་འགྱུར་ལམ་བུར་བསྐྱོད་པ།
བོད་ལྗོངས་སྟེང་ཆེན་རྫོང་ཞེ་གཞུང་ཤང་ཞེ་སྨད་གྲོང་ཚོའི་གྲོང་མི་རྒྱལ་མཚན་དབང་འདུས་ཁང་པའི་ནང་བསྡུ་གསོག་རྒྱག་བཞིན་ཡོད་ཅིང་། ལོ་རེའི་སྒོར་3500ཡི་སྣོད་བཅུད་ཁ་གསབ་རོགས་དངུལ་ལས་ཁོང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། “2016ལོར་ནགས་སྲུང་བ་བྱས་ཚུན་ཡོང་འབབ་མང་དུ་སོང་བ་མ་ཟད་འཚོ་བ་ཡང་ཡག་ཏུ་ཕྱིན་སོང”ཞེས་རྒྱལ་མཚན་དབང་འདུས་ཀྱིས་བརྗོད།
རྒྱལ་མཚན་དབང་འདུས་དང་འདྲ་བར་སྣོད་བཅུད་ཁ་གསབ་རོགས་དངུལ་ལེན་མཁན་སྟེང་ཆེན་རྫོང་དུ་གྲོང་མི་མང་དག་ཅིག་ཡོད་ཅིང་། སྟེང་ཆེན་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་པ་བསོད་ནམས་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “སྣོད་བཅུད་ཁ་གསབ་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཚུན་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོའི་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་དང་ཧུར་སེམས་ཆེ་རུ་སོང་ནས་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད”
བོད་ལྗོངས་སྟེང་ཆེན་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བསྡོམས་རྩིས་ལས་མངོན་པར་གཞིགས་ན། སྣོད་བཅུད་ཁ་གསབ་ལ་བརྟེན་ནས་དབུལ་སྒྲོལ་ལས་དོན་སྤེལ་ཚུན། སྟེང་ཆེན་རྫོང་གིས་སྣོད་བཅུད་ཁ་གསབ་ཀྱི་ལས་གནས་ཐོག་མི་20298(དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མི་5323ཡོད་པ)བསྡུས་ཏེ་ལོ་བཞིའི་རིང་རིམ་རྩིས་བྱས་ན་ཁ་གསབ་དངུལ་སྒོར་ཁྲི་22503.8སྤྲད་ཡོད།
བདེ་ཐང་དབུལ་སྐྱོར་ཐད་བོད་ལྗོངས་སྟེང་ཆེན་རྫོང་གིས“སྔོན་ལ་སྨན་བཅོས་བྱེད་པ་དང་མཇུག་ཏུ་སྨན་རིན་རྩིས་རྒྱག་པའི”རྩིས་རྒྱག་ལམ་ལུགས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་བུ་རབས་ཚ་རྒྱུད་དུ་དབུལ་པོ་མི་ཆགས་པ་བྱ་ཆེད། 2016ལོའི་ཚུན་དུ“རྩ་ཆག་གསུམ་དང་ཁ་གསབ་གཅིག”གི་སྲིད་ཇུས་ལ་བརྟེན་ནས་སློབ་ཆེན་སློབ་མ་དབུལ་པོ་256ལ་དངུལ་སྒོར་ཁྲི་298རོགས་སྐྱོར་བྱས་ཡོད། 2019ལོར་བོད་ལྗོངས་སྟེང་ཆེན་རྫོང་གིས“འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱེད་པའི”རྩ་དོན་གཞིར་བཟུང་ཐོན་ལས་རོགས་སྐྱོར་དང་ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་ཡོང་ཐབས་བྲལ་བའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་1354སྤྱི་ཚོགས་ཀྱི་ཐ་སྐྱོང་བྱ་ཁོངས་སུ་བཅུག་ཡོད།
དཔྱིད་རླུང་བསིལ་བུར་ལྡང་། མེ་ཏོག་མཚར་སྡུག་ལྡན། བོད་ལྗོངས་སྟེང་ཆེན་རྫོང་གི་བུ་ཕྲུག་ཚོས་དཔྱིད་རླུང་དང་བསྟུན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་མཆིས།