ཚེས་24ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་བཅས་ཡིན་པའི་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་2020ལོའི་ཚོགས་འདུ་ཐེངས་3པ་གཙོ་སྐྱོང་གནང་ཞིང་། 《དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་རྒྱུ་གཏན་འགོག་གི་ལྟ་སྐུལ་ཚད་ལེན་གྱི་ཉེན་བརྡ་དང་རོགས་སྐྱོར་ལམ་སྲོལ་བཟོ་རྒྱུའི་སྐོར་གྱི་ལག་བསྟར་བྱེད་ཐབས》དང་། 《ལྗོངས(ཀྲུང་དབྱང)ཐད་གཏོཌ་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པའི་ཐིང་རིམ་པའི་འགོ་ཁྲིད་ཀྱིས་གྲོང་སྡོད(གྲོང་ལྷན)བྱ་ཡུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ལྟ་སྐུལ་དམག་འཐབ་ཀྱི་བྱེད་པོའི་འགན་འཁྲི་འཁུར་མཁན་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》《ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོཌ་སྐྱོར་གྱི་ལས་དོན་སྒྲུབ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》བཅས་ལ་ཞིབ་འཇུག་བྱས་པ་མ་ཟད། ཉེ་དུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་དང་འཇམ་དཔལ་ཚོགས་འདུར་ཞུགས་པ་རེད།
ནོར་བུ་དོན་གྲུབ་ཀྱིས། དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་མཐའ་མའི་དམག་འཐབ་་ལས་ཡུན་ལྡོག་རྩིས་དང་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་ཤིང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དབུལ་ཕོངས་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་པ་དང་ལྷག་དོན་དུ་དབུལ་ཕོངས“མཁྲེགས་ས”ཐག་གཅོད་བྱེད་པའི་འཐབ་ཇུས་གལ་ཆེན་ཞིག་རེད་ཅེས་གསུངས།
ནོར་བུ་དོན་གྲུབ་ཀྱིས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཆུ་ཚད་མཐོ་རུ་གཏོང་བ་ནི་ལས་སླ་པོ་ཞིག་གཏན་ནས་མིན། འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་ཞན་ཆ་དང་སྐྱོན་ཆ་སེལ་བར་གོ་ཆོད་པ་དང་དོན་དངོས་ལ་འཚམ་པའི་བྱ་ཐབས་དང་ཐབས་ལམ་འདོན་པ་དང་བྱ་ཐབས་གསར་གཏོད་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཚོགས་འདུ་ཐེངས་135པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་དང་། འབྲེལ་ཡོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོ་དང་། སྨན་བཅོས། འཐུང་ཆུ་འགན་ལེན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ། བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་ས་ཆ་དངོས་ཀྱི་སྐུལ་སྤེལ་དང་ཁ་གཏད་བོད་སྐྱོར་དང་དབུལ་སྐྱོར་ཟབ་གཏོང་ལས་དོན་གྱི་ཚོགས་འདུ་ཡག་པོ་འཚོག་པ། ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱིས“ཕྱིར་མིག་བལྟ་བའི”ཚུར་ལན་བསམ་འཆར་དོན་འཁྱོལ། དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་གསོ་སྦྱོང་ལས་དོན་འགོ་འཛུགས་པ། གྲོང་གསེབ་དར་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཞིབ་ཕྲའི་ཇུས་གཞི་འདོན་པ་བཅས་བྱས་ཏེ། མང་ཚོགས་ཀྱིས་རང་རྟོགས་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཤིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།