དབུ་ཤོག>ཆེད་སྒྲིག
  • གནད་སྨིན་དབུལ་སྐྱོར་བྱེད་པའི་འགག་རྩ་གནད་སྨིན་ལ་རག་ལས་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-24

    དབུལ་སྐྱོར་གསར་སྤེལ་བྱེད་པའི་འགག་རྩ་ནི་གནད་སྨིན་ཡོང་མིན་ལ་ཐུག་ཅིང་། རྒྱལ་ཕམ་གྱི་གཙོ་གནད་ཀྱང་གནད་སྨིན་ཡོང་མིན་ལ་རག་ལས་ཡོད། ས་གནས་ཁག་གི་ཐོན་ཁུངས་ཀྱི་ཁྱད་ཆོས་མི་འདྲ་བ་དང་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ལའང་བཟང་ངན་ཡོད་པས། ཐོན་ལས་དབུལ་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་པར་བྱ་ཟིན་ཉ་ཟིན་བྱེད་མི་རུང་བར་ངེས་པར་དུ་གནད་སྨིན་ཤུགས་འདོན་བྱེད་དགོས།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་གསུམ་ལྡན་གྲོང་ཚོར་དུས་ཐུང་ལོ་ཤས་རིང་དབུལ་སྒྲོལ་འགག་སྒྲོལ་ཐད་ལ་འགྱུར་ལྡོག་ཆེན་པོ་དེ་ལྟ་བུ་བྱུང་དོན་ཡང་གནད་སྨིན་ཡག་པོ་ཐུབ་པས་རེད།

    དབུལ་པོར་འགྱུར་རྐྱེན་ཤེས་རྟོགས་ཐུབ་ཚེ་གཞི་ནས་དབུལ་པོའི་རྩ་བ་མེད་པར་བཟོ་ཐུབ། ས་གནས་ཁག་གི་གནས་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པས་ཚང་མར་བྱ་ཐབས་གཅིག་ཁོ་ན་སྤྱོད་མི་རུང་བར་ཡུལ་བབ་དང་བསྟུན་པའི་སྒོ་ནས་ཐབས་ལམ་མང་བའི་གནད་སྨིན་དབུལ་སྐྱོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས། ཐབས་ལམ་གཙོ་བོའི་ངོས་ནས་བལྟས་ན། “དབུལ་སྐྱོར་ཇི་ལྟར་བྱེད་པའི”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་འགག་རྩ་ནི་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ“ཁག་གཅིག་རེ་ལྔའི”འདུ་འགོད་ལག་བསྟར་བྱེད་པར་ཐུག་ལ། དེ་ཡང་གཅིག་ནས་ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པར་བྱས་ཁར། ས་གནས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ནས་ས་གནས་དེ་རིང་དུ་དབུལ་སྒྲོལ་ཡོང་བར་བྱེད་དགོས་པ་དང་། གཉིས་ནས་ཁག་གཅིག་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱས་ཏེ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས། གསུམ་ནས་སྣོད་བཅུད་ཁ་གསབ་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པར་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་འབོར་དབུལ་པོ་རྣམས་ས་གནས་ཀྱི་ནགས་སྲུང་བ་སོགས་སྣོད་བཅུད་སྲུང་སྐྱོང་གི་ལས་གནས་སུ་བཀོད་སྒྲིག་བྱེད་དགོས། བཞི་ནས་སློབ་གསོ་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པར་བྱས་ཏེ་སློབ་གསོར་བརྟེན་ནས་མི་རབས་ནས་མི་རབས་བར་དབུལ་པོ་ཡིན་པའི་བར་མཚམས་གཅོད་པའི་རྩ་བཅོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལྔ་ནས་སྤྱི་ཚོགས་འགན་སྲུང་ལ་བརྟེན་ནས་ཁག་གཅིག་ཐ་སྐྱོང་ཐུབ་པར་བྱས་ཏེ་མི་འབོར་དབུལ་པོའི་ཁྲོད་ཀྱི་ངལ་རྩོལ་ནུས་ཤུགས་ཡོངས་སུ་ཤོར་བའམ་ཡང་ན་ཆ་ཤས་ཤོར་བར་སྤྱི་ཚོགས་འགན་སྲུང་ལ་བརྟེན་ནས་ཐ་སྐྱོང་ཐུབ་པར་བྱེད་དགོས།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་རེ་བ་ཆེ་ཤོས་ཡིན་ལ། ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་ཡང་རེད། དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཡུས་ཀུང་གིས་རི་བོ་སྤོས་པའི་བློ་སྟོབས་ལ་བརྟེན་ནས་དཀའ་སྤྱད་དངོས་སྒྲུབ་བྱས་ཚེ་ང་ཚོས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མ་ལུས་པར་དབུལ་སྒྲོལ་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།