དབུ་ཤོག>ཆེད་སྒྲིག
  • ​ བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན་བཅས་ཀྱི་བོད་རིགས་ས་ཁུལ་ཕྱོགས་ཡོངས་ནས་དབུལ་སྒྲོལ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-04-24

    ■ མཚོ་སྔོན་ཞིང་ཆེན།

    མཚོ་སྔོན་ཞིང་ཆེན་གྱི་རྫོང་དབུལ་པོ(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)42དང་། གྲོང་ཚོ་དབུལ་པོ་1622 མི་འབོར་དབུལ་པོ་ཁྲི་53.9བཅས་ཡོངས་རྫོགས་དབུལ་སྒྲོལ་དང་དབུལ་པོ་ལས་ཕྱིར་འཐེན་ཐུབ་པ།

    ■ བོད་རང་སྐྱོང་ལྗོངས།

    བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74ཡོངས་རྫོགས་དབུལ་ཞྭ་འཕུད་ཐུབ་པ།

    ■ སི་ཁྲོན་བོད་རིགས་ས་ཁུལ།

    སི་ཁྲོན་བོད་རིཌ་ས་ཁུལ་གྱི་རྫོང་དབུལ་པོ་32ཡོངས་རྫོགས་དབུལ་ཞྭ་འཕུད་ཐུབ་པ་དང་། གྲོང་ཚོ་དབུལ་པོ་2063དབུལ་པོ་ལས་ཕྱིར་འཐེན་ཐུབ་པ།

    སའི་གོ་ལའི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་ལོ་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ནས་གཏམ་བཟང་ཞིག་གྲགས་ཡོད་པ་རེད།

    ཟླ་4ཚེས་21ཉིན་དཔེ་སྐྲུན་བྱས་པའི《མཚོ་སྔོན་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོའི་ཐོག《རང་ཞིང་ཆེན་དུ་ཕྱོགས་ཡོངས་ནས་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མི་ལྷག་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད》ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། ཚེས་20ཉིན་གསར་འགོད་པར་ཞིང་ཆེན་དབུལ་སྐྱོར་ཅུས་ནས་ཤེས་རྟོགས་བྱུང་བར། གཞོང་ཐང་སོགས་རྫོང(ཆུས)17རྒྱལ་ཁབ་ཀྱི་རྫོང་དབུལ་པོ་ཕྱིར་འཐེན་གྱི་ཚད་གཞིར་སླེབས་ནས་དངོས་སུ་དབུལ་ཞྭ་འཕུད་ཐུབ་ཡོད་པ་རེད། དེ་ནས་བཟུང་། རང་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས་དང་། ཚྭ་འདམ་སྲིད་འཛིན་ཨུ་ལྷན་དང་། དེ་སྔའི་མང་ཡ་དང་ལེང་ཧུའུ་སྲིད་འཛིན་ཨུ་ལྷན་ཚུད)ཡོངས་རྫོགས་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་ཐུབ་ཡོད་པ་རེད།

    གསར་འགོད་པར་དོ་སྣང་བྱུང་བར། གོང་གསལ་མཚོ་སྔོན་གཞུང་ཕྱོགས་སྨྱན་སྦྱོར་གྱིས་ཉེ་ལམ་ལོ་ཤས་རིང་དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱབ་ཁོངས་ནང་ཞིང་ཆེན་དེར་ཐོབ་པའི་གྲུབ་འབྲས་ཞིབ་ཕྲ་བཀོད་ཡོད་པ་སྟེ། 2017ལོར། མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་དང་། འབའ་རྫོང་། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་བཅས་རྫོང་3ཁག་དང་པོར་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ་ནས་ཕྱིར་འཐེན་ཐུབ་པ་དང་། 2018ལོར། མཚོ་སྔོན་ཞིང་ཆེན་གྱིས་ཡང་འབད་བསྐྱར་འབད་བྱས་ནས། གཞོང་ཐང་ཆུས་དང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་། རྐང་ཚ་རྫོང་། གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། ཝུའུ་ལམ་རྫོང་། ཐེམ་ཆེན་རྫོང་བཅས(གྲོང་ཁྱེར་དང་ཆུས)7ཞིང་ཆེན་དེ་ཡོངས་ཀྱི་རྫོང་དབུལ་པོ་ནས་ཕྱིར་འཐེན་ཐུབ་ཡོད། 2019ལོར། ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། སྐུ་འབུམ་རྫོང་། སྟོང་སྐོར་རྫོང་། དགོན་ལུང་རྫོང་། འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་། མདོ་ལ་རྫོང་། མདའ་བཞི་རྫོང་། བྲག་དཀར་རྫོང་། མང་རྫོང་། ཡུལ་ཤུལ་གྲོང་ཁྱེར། ཁྲི་འདུ་རྫོང་། རྨ་སྟོད་རྫོང་སོགས་རྫོང(ཆུས)12རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་ཐུབ་ཡོད་པ་རེད།

    དེ་ནས་བཟུང་། གཅིག་སྡུད་འགག་སྒྲོལ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་དེ་ཡོངས་ཀྱི་རྫོང་དབུལ་པོ(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)42དང་། གྲོང་ཚོ་དབུལ་པོ་1622 མི་འབོར་དབུལ་པོ་ཁྲི་53.9བཅས་ཡོངས་རྫོགས་དབུལ་སྒྲོལ་དང་དབུལ་པོ་ནས་ཕྱིར་འཐེན་ཐུབ་ནས། ཕྱོགས་ཡོངས་ནས་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མི་ལྷག་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཕྱོགས་ཡོངས་ནས་མཇུག་བསྡུ་བ་དང་བསྟུན་ནས། ཉེ་ཆར། ཞིང་ཆེན་མང་པོ་ཞིག་གིས་ཞིང་ཆེན་དེ་ཡོངས་ཀྱི་རྫོང་དབུལ་པོ་ཡོངས་རྫོགས་དབུལ་ཞྭ་འཕུད་ཐུབ་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད་པ་རེད།

    ཟླ་4ཚེས་11ཉིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་གཞུང་ཕྱོགས་དཔོད་ཕྲན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་11ཉིན་བར། ཧོ་པེ་དང་། ཧྲན་ཤིས། ནང་སོག ཅི་ལིན། ཧེ་ལུང་ཅང་། ཧོ་ནན། ཧུའུ་ནན། ཧའེ་ནན། ཁྲུང་ཆིང་། བོད་ལྗོངས། ཧྲའན་ཤིས་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་11ཏུ་རྫོང་དབུལ་པོ་ཡོངས་རྫོགས་དབུལ་ཞྭ་འཕུད་ཐུབ་ཡོད་པ་རེད། ད་དུང་རང་རྒྱལ་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས་7གྱི་མཐའ་མཇུག་གི་རྫོང་དབུལ་པོ་52ལྷག་ཡོད་པ་དག་2020ལོར་དབུལ་ཞྭ་འབུད་རྒྱུ་ཡིན་པ་རེད།

    དོ་སྣང་བྱེད་དགོས་པ་ཞིག་ལ། མཚོ་སྔོན་ཞིང་ཆེན་ལ་འདི་ལོ་དབུལ་སྒྲོལ་ཐུབ་པའི་རྫོང(ཆུས)17ཡོད་པའི་ནང་། རྨ་ཆེན་རྫོང་དང་། པད་མ་རྫོང་། གཅིག་སྒྲིལ་རྫོང་སོགས་ས་ཆ་མང་པོ་མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཁོངས་སུ་གཏོགས་ཀྱི་ཡོད། མཚོ་སྔོན་ཞིང་ཆེན་དེ་ཡོངས་ཀྱི་རྫོང་དབུལ་པོ་ཡོངས་རྫོགས་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་པ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་བོད་རིགས་ས་ཁུལ་ཡང་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་པ་མཚོན་གྱི་ཡོད་པ་རེད།

    2019ལོའི་ཟླ་12ཚེས་23ཉིན། བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་སྤྱི་བསྒྲགས་སྤེལ་ནས། གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་རྒྱལ་རྩེ་རྫོང་སོགས་རྫོང(ཆུས)19རྫོང(ཆུས)དབུལ་པོའི་གྲས་ནས་ཕྱིར་འཐེན་ཐུབ་པའི་ཁྱབ་བསྒྲགས་བྱས་པ་དང་། དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74ཡོངས་རྫོགས་དབུལ་ཞྭ་འཕུད་ཐུབ་པ་མཚོན་ཡོད་པ་རེད།

    འདི་ལོའི་ཟླ་2ཚེས་20ཉིན། མི་དམངས་ཉིན་རེའི་ཚགས་པར་གྱི་གཞུང་ཕྱོགས་དཔོད་ཕྲན་ཐོག་གནས་ཚུལ་སྤེལ་གསལ། ཚེས་18ཉིན་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་བརྡ་ཐོ་བཏང་སྟེ། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ཁྲོ་ཆུ་རྫོང་དང་། འཛམ་ཐང་རྫོང་། རྔ་བ་རྫོང་གསུམ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཉག་ཆུ་རྫོང་དང་བྲག་འགོ་རྫོང་། གསེར་རྟ་རྫོང་སོགས་བོད་རིགས་ས་ཁུལ་གྱི་རྫོང་16རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱེད་རྒྱུར་ཆོག་མཆན་སྤྲད་ཡོད་པ་རེད། དེ་གོང་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་ཐུབ་པའི་བོད་རིགས་ས་ཁུལ་གྱི་རྫོང་16བསྣན་པ་ནས་བཟུང་། སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ཡོངས་རྫོགས་དབུལ་ཞྭ་འཕུད་ཐུབ་ཡོད་པ་རེད།

    སི་ཁྲོན་བོད་རིགས་ས་ཁུལ་ནི་རང་རྒྱལ་གྱི་བོད་རིགས་ས་ཁུལ་ཆེ་གྲས་གཉིས་པ་དེ་ཡིན་པ་དང་། དེའི་ནང་དཀར་མཛེས་ཀྲོའུ་དང་། རྔ་བ་ཀྲོའུ། ལེང་ཧྲན་ཀྲོའུ་བཅས་ཀྱི་རྫོང་དབུལ་པོ་32ཚུད་ཡོད་པ་དང་། 2013ལོའི་ལོ་མཇུག་ཏུ་གྲོང་ཚོ་དབུལ་པོ་2063དང་མི་འབོར་དབུལ་པོ་ཁྲི་36ཡོད་པ་དང་། དབུལ་པོ་ཆགས་ཚད་20.1%ཟིན་གྱི་ཡོད་པ་རེད། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས། རྫོང་དབུལ་པོ་32ཡོངས་རྫོགས་དབུལ་ཞྭ་འཕུད་ཐུབ་པ་དང་། གྲོང་ཚོ་དབུལ་པོ་2063དབུལ་པོ་ནས་ཕྱིར་འཐེན་ཐུབ་པ། མི་འབོར་དབུལ་པོ་ཁྲི་0.24ཉུང་དུ་ཕྱིན་པ་བཅས་བྱུང་ནས། དབུལ་པོ་ཆགས་ཚད་0.1%བར་ཆག་ཡོད་པ་རེད།

    དེའི་ཐོག་མཚོ་སྔོན་ཞིང་ཆེན་དུ་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མི་ལྷག་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བསྣན་ན། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན་བཅས་ཀྱི་བོད་རིགས་ས་ཁུལ་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།