དབུ་ཤོག>ཆེད་སྒྲིག
  • ལྷོ་ཁ་གྲོང་ཁྱེར་གྱིས་ལྟ་སྐུལ་དང་གྲལ་བཤེར་གནད་སྨིན་བྱས་ནས་དབུལ་སྒྲོལ་ལ་ཕན་འབྲས་ཐོན་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-22

    ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་ཆེ་མོ་དང་གྲལ་བཤེར་ཆེ་མོའི་བྱེད་སྒོ་སྤེལ་ནས་དབུལ་སྒྲོལ་སྤུས་ཚད་མཐོ་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས“ངེས་པར་དུ་འགྲོ་དགོས་པ་བཞི་དང་། ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ་བཞི། ངེས་པར་དུ་འདྲི་དགོས་པ་བཞི”མཐའ་འཁྱོངས་ཀྱིས་ལྟ་སྐུལ་དང་གྲལ་བཤེར་གནད་སྨིན་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ཚད་གཞིར་དམིགས་ནས་གཞི་གྲངས་ཁ་གསལ་ཡོད་མེད་དང་། བྱེད་ཐབས་ཡག་པོ་ཡོད་མེད། ཕན་འབྲས་དོན་དངོས་ཡིན་མིན་བཅས་ལ་གྲལ་བཤེར་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཚད་གཞི་དང་བསྡུར་ནས་གནད་དོན་རྙིང་པར་གསེད་བཀྲོལ་དང་། གནད་དོན་གསར་པར་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གནད་དོན་བཙལ་འཚོལ་གནད་ལ་འཕིཌ་པ་དང་ཆ་ཚང་བ་བྱས་པ་རེད། དག་ཐེར་ལ་ལྟ་སྐུལ་དང་མཛུབ་ཁྲིད་ཏན་ཏིག་བྱས་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་། མངོན་བཤེར་ལྐོག་ཞིབ་སོགས་ཀྱི་ཐབས་ལམ་བརྒྱུད་གཞི་རིམ་གྱི་འཐབ་ས་དང་པོ་དང་། དུད་ཚང་། རྣམ་གྲངས་བསྐྲུན་ཡུལ་བཅས་ལ་བསྐྱོད་པ་དང་། ཤེས་རྟོགས་ཐུབ་པའི་གནད་དོན་དག་ཐེར་དོན་འཁྱོལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་གྲལ་བཤེར་བྱས་ནས་དག་ཐེར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་གནད་དོན་དག་ཐེར་གནད་ལ་འཕིགས་པ་བྱས་པ་རེད། ཙུའུ་ཀྲང་གི་འགན་འཁྲི་ནན་དུ་བཏང་ནས་སྤྱིའི་འགན་འཁྲི་དང་སྤྱིའི་མཐུན་སྦྱོར། སྤྱིའི་བཀོད་འདོམས་ཀྱི་འགན་འཁྲི་ཁུར་བ་དང་། ཙུའུ་ཀྲང་གཞོན་པའི་འགན་འཁྲི་ནན་དུ་བཏང་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལས་འགན་ཁག་བགོས་དང་རྒྱུན་གཏན་གྱི་བཀོད་གཏོང་ལ་ཤུགས་སྣོན། ལས་འགན་དབྱེ་འབྱེད་ཞིབ་ཕྲ་བྱས་ནས་རུ་སྣེ་ཁྲིད་དེ་གྲལ་བཤེར་ལས་དོན་སྤེལ་བ། ཚོགས་ཆུང་གི་ཁོངས་མིའི་འགན་འཁྲི་ནན་དུ་བཏང་ནས“དོན་ཚན་རེ་རེ་བཞིན་ལྟ་བ་དང་། རྩིས་རེ་རེ་བཞིན་རྒྱག་པ། དུད་ཚང་དང་གྲོང་ཚོ་རེ་རེ་བཞིན་ཞིབ་བཤེར”བྱེད་པ། ཁོངས་གཏོཌ་ཁུལ་གྱི་འགན་འཁྲི་ནན་དུ་བཏང་ནས་རྫོང་དང་ཤང་ཚང་མར་འབྲེལ་གཏུག་མི་སྣ་བཀོད་སྒྲིག་བྱས་ནས་གཞོཌ་འདེཌ་གྲལ་བཤེར་ལས་དོན་ལ་ཆེད་མངཌ་འགན་ཁུར་བ། སྒྲིག་ཁྲིམས་ཀྱི་བླང་བྱ་ལྟ་སྐུལ་དང་གྲལ་བཤེར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཚད་གཞི་མཐོ་པོས་ལག་བསྟར་དང་བླང་བྱ་ནན་པོས་སྒྲིག་ཁྲིམས་ལག་ལེན་བསྟར་བ་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།