ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་རྣམ་པར་རྒྱལ་བར་བྱེད་པ་དེ་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ཏེ་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་གང་ལེགས་བཏོན་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་པ་རེད།
མིག་སྔར། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་14.9བར་ཆག་ཅིང་དབུལ་ཕོངས་ཐོན་ཚད་5.62%བར་ཆག་ཡོད་པ་དང་། ལོ་མཇུག་གོང་དུ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་དབུལ་སྒྲོལ་ཐུབ་རེ་ཡོད།
ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ནན་དུ་བཏང་བ།
རང་ལྗོངས་ཀྱིས“རིམ་ལྔའི་ཧྲུའུ་ཅིས”དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རིམ་པ་རེ་རེས་འགན་འཁྲིའི་ཡི་གེ་བཞག་ནས་རིམ་པ་བཞིན“དམག་བཀའ་དང་ལེན”བྱས་པ་རེད། ཞིང་ཆེན་རིམ་པའི་ལས་བྱེད་པས་རྫོང་འགན་གཙང་ལེན་པ་དང་། ས་ཁུལ་རིམ་པའི་ལས་བྱེད་པས་ཤང་འགན་གཙང་ལེན་པ། རྫོང་རིམ་པའི་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ། ཧྲུའུ་ཅི་དང་པོ་བཅས་ཀྱིས་དུད་ཚང་འགན་གཙང་ལེན་པ་བཅས་ཀྱི“འགན་གཙང་ལེན་པ་བཞིའི”ལམ་ལུགས་ལག་བསྟར་བྱས་པ་དང་། “ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་ནས། ཁོའོ་རིམ་པ་ཡན་གྱི་ལས་བྱེད་པ་ཁྲི་13.67གྱིས་མང་ཚོགས་དབུལ་པོ་ཁྲི་28.62ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད། ལོ་གསུམ་བསྟུད་མར་གྲོང་ཨུད་དང་ས་ཨུད་ཀྱི་ཧྲུའུ་ཅིས་རུ་ཁག་གི་སྣེ་ཁྲིད་པ་དང་། རྩ་འཛུགས་པུའུ་ཀྲང་དང་གྲོང་ཁྱེར་དང་ས་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་། རྫོང(ཆུས)ཨུད་ཧྲུའུ་ཅི་ཞུགས་པ། དབུལ་སྒྲོལ་འགག་སྒྲོལ་གཙོ་རྐང་དུ་བྱེད་པ་བཅས་ཀྱི་གཙོ་གནད་ལས་དོན་ལ་རང་བཤེར་དཔྱད་བསྡུར་བྱས་ནས་དཔྱད་བསྡུར་ནན་པོ་དང་ཞིབ་བཤེར་ཡོ་བསྲང་དངོས་འབྲེལ་བྱེད་པ་མཐའ་འཁྱོངས་ཀྱིས་ལས་དོན་ཁག་གི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་གཅིག་སྡུད་བཅོས་སྒྲིག་བྱས་པ་དང་། 2019ལོར“ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ད་ཆའི་ལས་འགན་ཡག་པོ་འཁུར་མི་ཐུབ་པ་སོགས་ཕྱོགས་13ཐད་ཀྱི་ལྡོག་ཕྱོགས་ཀྱི་གསལ་ཐོ་བཟོས་ནས། ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་པར། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུཌ་ཁྱོན་599གྲལ་བཤེར་ཐུབ་པ་དང་། ལྗོངས་དང་གྲོང་ཁྱེར་གྱི་རྩ་འཛུགས་སྡེ་ཚན་ཁག་གི་རིམ་སྤོར་ལྟ་སྐུལ་སློབ་སྟོན་ལམ་ལུགས་དང་ཚད་ལོན་ཐོ་གསུབ་ལམ་ལུགས་ལག་བསྟར་བྱས་ནས། རྩིས་ཁྲ་བཟོས་ཏེ་རེ་རེ་བཞིན་དག་ཐེར་བྱས་ཤིང་། མིག་སྔར་ཏང་རྩ་འཛུགས་306གི་དག་ཐེར་ལེགས་སྒྲུབ་བྱུང་ཡོད་པ་རེད།
དབུལ་སྒྲོལ་འགག་སྒྲོལ་གྱི་རྐང་འཛིན་པའི་དཔུང་ཁག་སྟོབས་ཆེར་བཏང་བ།
རང་ལྗོངས་ཀྱིས་རྫོང་དང་ཤང་གི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། རྫོང་དང་ཤང་གི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན“དབུལ་སྒྲོལ་མ་ཐུབ་ན་ལེགས་སྒྲིག་མི་བྱེད་པ་དང་། དབུལ་ཞྭ་མ་ཕུད་ན་ལས་གནས་མི་བརྗེ་བའི”སྒྲིག་ཁྲིམས་ཀྱི་བླང་བྱ་ལག་བསྟར་ནན་པོ་བྱས་ནས། དབུལ་སྒྲོལ་ཐུབ་པའི་རྫོང(ཆུས)55ཡི་ཏང་སྲིད་ཀྱི་ལས་འགན་འཁུར་མཁན་གཙོ་བོ་མུ་མཐུད་བརྟན་པོ་ཡོང་བར་བྱས་པ་རེད། མི་སྤྱོད་ཀྱི་ཕྱོགས་སྟོན་ཁ་གསལ་བཟོས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོར་ལས་བྱེད་པ་ཤེས་རྟོགས་བེད་སྤྱོད་ལ་སྣང་ཆེན་བྱས་པ་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གིས་སྣེ་ཁྲིད་པ་དང་པུའུ་དོན་ཨུ་ལྷན་གྱི་ཁོངས་མི་ཞུགས་ནས། དུས་ཡུན་ཟླ་བ་གཅིག་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་བསྐྱོད་དེ་ལས་བྱེད་པར་བརྟག་ཞིབ་དང་དབྱེ་འབྱེད་བྱས་པ་རེད། བཙན་ཐབས་ཀྱིས་མི་སྣ་སྐོང་འཐེན་དང་མི་ཧྲག་སྐོང་འཐེན་མཐའ་འཁྱོངས་བྱས་ནས་གྲོང་ཚོར་བཅའ་སྡོད་ཀྱི་ལས་བྱེད་པ་ཁྲི་2ལྷག་ཙམ་གྲོང་ཚོ(གྲོང་ལྷན)5486ལ་མངགས་ཏེ། གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཁག་བརྒྱད་སྤེལ་ནས། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་ཀྱི་རྫོང་ཤིན་ཏུ་དབུལ་པོ་19གཙོ་རྒོལ་ཁ་ཕྱོགས་སུ་བཟུང་ནས་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་19གྲོང་ཚོ་དབུལ་པོ་55ལ་བཅའ་སྡོད་བྱེད་པར་མངགས་པ་དང་སྦྲཌ། གཞི་རིམ་གྱི་གནས་ཚུལ་གསལ་པོར་ཤེས་པའི་ཐིང་རིམ་པའི་ལས་བྱེད་པ་19ཡིས་རུ་དཔོན་བྱས་ཏེ་ཧྲུའུ་ཅི་དང་པོ་5400ལྷག་ཙམ་མུ་མཐུད་གྲོང་ཚོར(གྲོང་ལྷན)མངགས་ནས་གྲོང་ཚོ་ཚང་མར་ཁྱབ་ཡོད་པ་རེད། ཤེས་ལྡན་པའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་ལྡན་པའི་ཐོན་ཁུངས་སྣ་ཚོགས་དབུལ་སྐྱོར་འཐབ་ས་དང་པོར་ཕྱོགས་པར་སྐུལ་འདེད་བཏང་ནས། ལྗོངས་ཕྱིའི་ཆེད་བསྡུས་སློབ་ཆེན་སློབ་མ་དང་དམག་ཁོངས་ནས་ཐོན་པའི་ཆེད་བསྡུས་དམག་མི་4500ལྷག་ཙམ་ཚང་མ་གཞི་རིམ་དུ་བཀོད་སྒྲིག་བྱས་པ་དང་། བོད་དུ་ཞབས་འདེཌ་ཞུ་བཞིན་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་2000ཙམ་གཙོ་བོ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་ཁུལ་དུ་བཀོད་སྒྲིག་བྱས་པ་རེད།
གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་འགན་ལེན་ཤུགས་ཆེར་བཏང་བ།
རང་ལྗོངས་ཀྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྣེ་འཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ལྗོངས་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་100%ཚང་མ་ཏང་ཡོན་ཡིན་པའི་གྲུབ་འབྲས་བརྟན་དུ་བཏང་ཞིང་། 2019ལོར་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པ་5399བསྡུས་ནས། གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སྒྲིག་དང་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་བ་རེད། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་ལ་སྣང་ཆེན་བྱས་ནས་ཞིང་འབྲོག་པ་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་དང་ཞིང་འབྲོག་པ་ཕྱུག་འགྱུར་སྣེ་ཁྲིད་པ་ཏང་ཡོན་ལ་གསོ་སྐྱོང་བྱེད་པའི་འདུ་འགོད་ལག་བསྟར་བྱས་ཤིང་། 2019ལོ་ཚུན་དུ་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་3476གསོ་སྐྱོང་བྱས་པས་ལྗོངས་ཡོངས་ཀྱི་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་9311ཟིན་གྱི་ཡོད། གྲོན་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོ་རེར་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གྲོན་དངུལ་སྒོར་ཁྲི་10རེ་མུ་མཐུད་བཀོད་སྒྲིག་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ལ་ལས་སྒྲུབ་གྲོན་དངུལ་ཡོད་པའི་འགན་ལེན་བྱས་པ་རེད། མིག་སྔར། ལྗོངས་ཡོངས་སུ་མཉམ་སྡེབ་དཔལ་འབྱོར་ཡོད་པའི་གྲོང་ཚོ(གྲོང་ལྷན)3740ཡོད་པ་ལས། གྲོང་ཚོ་396གི་ལོ་རེའི་ཡོང་འབབ་སྒོར་ཁྲི་50ཡན་ཟིན་གྱི་ཡོད། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། སྤྱོད་རྒྱུ་འདང་ངེས་ཡོད་པ་དང་། སྤྱོད་ཤན་ཆེ་བ། སྤྱོད་སྒོ་ཡངས་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་རང་བཞིན་དང་། མང་ཚོགས་ཀྱི་རང་བཞིན། སྒོ་དབྱེའི་རང་བཞིན། ཞབས་འདེགས་ཀྱི་རང་བཞིན་བཅས་མངོན་གསལ་དོད་པོ་བྱས་ནས། ཚད་ལྡན་ཅན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་1252བསྐྲུན་པ་དང་། 2020ལོར་ལྗོངས་ཡོངས་ཀྱི་གྲོང་ཚོ་5486ཚང་མར་ཁྱབ་པར་བྱས་ནས། ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པ་དང་མང་ཚོགས་ལ་སྒྲིག་འཛུགས་དང་། དྲིལ་བསྒྲགས། གོང་བུ་གཅིག་སྒྲིལ། ཞབས་འདེགས་ཞུ་བ་བཅས་ཀྱི་གཡུལ་ས་བརྟན་པོ་ཞིག་འཛུགས་རྩིས་ཡོད་པ་རེད།