དབུ་ཤོག>ཆེད་སྒྲིག
  • ཏང་འཛུཌ་སྐྱོང་ལ་དམ་འཛིན་ནན་ཏན་བྱས་ནས་དབུལ་སྒྲོལ་ལ་ནུས་ཤུཌ་ཡོད་རྒུས་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-22

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ལོ་མཇུག་ཤོས་དེ་ཡིན་པས་ལས་དོན་ཁག་གི་ལས་འགན་སྔར་བས་ལྕི་ལ་བླང་བྱ་སྔར་བས་མཐོ་བ་ཡོད། ས་ཁུལ་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།

    འགག་རྩའི་དུས་ལ་ཇི་ཙམ་སླེབས་པ་དེ་ཙམ་གྱིས་ཏང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་དགོས། 2020ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་ཡིན་པས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་སྣེ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། རྒྱལ་ཁ་འཐོབ་ངེས་ཡིན་པའི་དད་སེམས་ཀྱང་བརྟན་དུ་གཏོང་དགོས། དབུལ་སྐྱོར་གྱི་སྲིད་ཇུས་སློབ་སྦྱོང་དང་ཁོང་དུ་ཏན་ཏིག་ཆུད་པར་བྱེད་པ་དང་། དབུལ་པོ་ཆགས་རྐྱེན་ལ་དབྱེ་ཞིབ་མི་འཕྱུགས་པ་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་དབུལ་སྐྱོར་བྱ་ཐབས་བཟོ་བ་བཅས་བྱས་ནས་དབུལ་སྐྱོར་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་རིང་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཁྲིད་སྟོན་དང་གཙོ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་དགོས། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་གི་འགན་འཁུར་བ་ཨང་དང་པོའི་ལས་འགན་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། “འགན་འཁྲིའི་ལམ་ལུགས་ཀྱིས་འགན་འཁུར་བར་དོ་དམ་དང་། འགན་འཁུར་བས་མི་མང་པོའི་སྣེ་ཁྲིད་པ། མི་མང་པོ་བསམ་ཇུས་གཅིག”གི་ཏང་འཛུགས་སྐྱོང་ལས་དོན་གྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། “མཉམ་ལས་ཁང་དང་ཏང་རྩ་འཛུགས”སོགས་ཀྱི་བྱ་ཐབས་བརྒྱུད། ཏང་གི་གྲོང་གསེབ་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་ཆེད་ལས་མཉམ་ལས་ཁང་གི་དཔལ་འབྱོར་གྱི་ལེགས་ཆ་གཅིག་ལ་གཅིག་རྟེན་གྱིས་ཟུང་འབྲེལ་བྱས་ཏེ་ཏང་འཛུགས་སྐྱོང་མངོན་འགྱུར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས།

    རིམ་ཁག་ཏང་རྩ་འཛུགས་ཀྱིས་དོན་དངོས་ཀྱི་གནས་ཚུལ་ནས་འགོ་བཙུགས་ཏེ། ཏང་འཛུགས་སྐྱོང་ལ་དཔྱད་ཞིབ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་དོན་འཁྱོལ་ཟུང་འབྲེལ་མཐའ་འཁྱོངས་དང་། དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་ལྕག་སྐུལ་དང་རོགས་སྐྱོར་གྱི་བྱ་ཐབས་དོན་འཁྱོལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་འཛུགས་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་བྱེད་པ་གསོ་སྐྱོང་དང་ཤེས་རྟོགས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ལ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་ཀའི་སྤྲོ་སེམས་དང་ཧུར་སེམས་གང་ལེགས་འཕེལ་བར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་ལས་དོན་དང་འཐབ་ནུས་ཡོངས་ཀྱི་རྨང་གཞི་ཞིག་ཡིན་པར་བརྟེན། དེས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་རིང“དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩ་ནི་ཏང་ལ་ཐུག་པ་དང་། རྩ་བ་ནི་མི་ལ་ཐུག་པ། གྲུབ་འབྲས་ནི་སྒྲུབ་པར་ཐུག་པའི”ཐུན་མོང་གི་ངོས་འཛིན་ཟབ་མོ་ཆགས་པར་བྱས་ཏེ། ཏང་རྩ་འཛུགས་ཀྱི་ལེགས་ཆ་དབུལ་སྐྱོར་གྱི་ལེགས་ཆར་སྒྱུར་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་སེལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།