དབུ་ཤོག>ཆེད་སྒྲིག
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིས”དབུལ་སྒྲོལ་འགག་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-22

    2018ལོའི་ཟླ་5ཚེས་8ཉིན། རྒྱལ་རྩེ་རྫོང་མྱང་སྟོད་ཤང་ཆུ་སྣེ་གྲོང་ཚོའི་གྲོང་མི་མིག་ཆུང་གིས་གཟབ་ནན་ངང་གྲོང་ཚོ་ཨུ་ལྷན་དང་གྲོང་སྡོད་ལས་དོན་རུ་ཁག་ལ་དམིགས་བསལ་གྱི་རེ་འདུན་ཞུ་ཡིག་ཅིག་ཕུལ་བ་སྟེ། རང་འགུལ་ངང་དབུལ་སྒྲོལ་ཐུབ་པའི་རེ་འདུན་ཞུ་ཡིག་དེ་རེད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད། ས་གནས་དེ་གའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། ཕྱུག་འགྱུར་འཇོན་ཐང་ཅན། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བཅས་སྒྲིག་འཛུགས་བྱས་ནས“དབུལ་སྒྲོལ་ཕྱུག་འགྱུར་ལག་པ་གཉིས་ལ་བརྟེན། རྩལ་ནུས་གསོ་སྦྱོང་དུད་ཚང་ཚང་མར་བྱེད”ཅེས་པའི་ཆེད་དོན་སྒྲོག་འགྲེལ་སྐུལ་སློང་ཚོགས་འདུ་འཚོགས། སྒྲོག་འགྲེལ་པས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྔོན་ཐོན་བྱས་རྗེས་དང་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་རེ་རེ་བཞིན་བརྗོད་པ་རེད།

    སྒྲོག་འགྲེལ་མཇུག་སྒྲིལ་རྗེས། མིག་ཆུང་གིས་རང་འགུལ་ངང་གྲོང་སྡོད་ལས་དོན་རུ་ཁག་བཙལ་ནས་ལག་རྩལ་སྦྱངས་ཏེ་དབུལ་སྒྲོལ་བྱེད་འདོད་པའི་བསམ་ཚུལ་བཤད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པའི་སྐུལ་སློང་དང་རྒྱབ་སྐྱོར་འོག་མིག་ཆུང་གིས་ཚ་ལ་རྒྱག་པའི་ལག་རྩལ་གང་མགྱོགས་ཁོང་དུ་ཆུད་པ་རེད།

    ད་ཆ། མིག་ཆུང་གིས་རྒྱལ་རྩེ་རྫོང་རྒྱལ་སྲུང་ལམ་གྱི་ཉེ་འགྲམ་དུ་ཚ་ལ་རྒྱག་ས་ཞིག་བཙུགས་པས། ཟླ་རེར་ཡོང་འབབ་སྒོར་5000ཡན་བྱུང་སྟེ་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད།

    ས་དགའ་རྫོང་དར་རྒྱས་གླིང་ཤང་ས་ལྷག་གྲོང་ཚོའི་གྲོང་མི་ཀརྨ་མཐར་ཕྱིན་ནི་སྔོན་ཆད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཆང་རྐྱལ”ཞིག་ཡིན་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཏན་ནས་འདང་གི་མེད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། ས་གནས་དེ་གའི་སྒྲོག་འགྲེལ་པས་ཆེད་མངགས་ཀརྨ་མཐར་ཕྱིན་ཁྲིད་དེ་ཤང་གི་ཕྱུག་འགྱུར་འཇོན་ཐང་ཅན་གྱི་ཁྱིམ་དུ་ཁོང་ཚོའི་འཚོ་བ་གསར་པར་ལྟ་བ་དང་། དབུལ་སྒྲོལ་གཟི་བརྗིད་དུད་ཚང་དུ་ཕྱུག་འགྱུར་གྱི་ཉམས་མྱོང་ཉན་པ། གྲོང་ཚོ་ཨུ་ལྷན་གྱི་དྲིལ་བསྒྲགས་སྒྲོམ་སྟེགས་ཐོག་གི་སྲིད་ཇུས་བཟང་པོར་ལྟ་བར་བསྐྱོད།

    2018ལོར། ཤང་གིས་གད་སྙིགས་གཙང་སེལ་བ་བསྡུ་སྐབས་ཀརྨ་མཐར་ཕྱིན་གྱིས་མིང་ཐོ་བཀོད་པ་དང་། ནམ་རྒྱུན་གད་སྙིགས་དབོར་ཞོར་དུ་གང་སར་ལས་ཀ་འཚོལ་བར་སོང་བས་ལོ་མཇུག་ཏུ་ཁོང་གི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་ཡོད། 2019ལོར། ས་ལྷག་གྲོང་ཚོས་དེ་སྔའི་རིམ་གསུམ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཀརྨ་མཐར་ཕྱིན་གྱིས་ཁྱིམ་གྱི་ལུག་མ་རྐང་ནང་བཅུག་པས་མཉམ་ལས་ཁང་གི་མ་རྐང་གི་བདག་པོ་དང་ཧྲེ་ཡོན་ལ་གྱུར་ཡོད།

    “དེ་དག་ཚང་མ་ནི་སྒྲོག་འགྲེལ་པའི་བཀའ་དྲིན་ཡིན། ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’‘སེམས་རྣལ་རིལ་བུས’ངའི་སྒྱིད་ལུག་གི་ནད་གཞི་རྦད་དེ་དྲག་སྐྱེད་བྱུང་སོང”ཞེས་ཀརྨ་མཐར་ཕྱིན་གྱིས་གསར་འགོད་པར་བརྗོད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དབུལ་པོའི་བྱེད་པོའི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྩ་བཅོས་བྱེད་ཐབས་ལ་བརྩིས་ནས། གྲོང་ཁྱེར་ཡོངས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ཡོད།

    —— བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས《གྲོང་སྲོལ་དམངས་ཆིངས (མཛུབ་ཁྲིད་བསམ་འཆར)》བཟོས་ནས་བཀྲམ་སྟེ“ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་རང་རྟོགས་ངང་དབྱེ་མཚམས་གསལ་པོ་འབྱེད་པ་དང་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ”དང“ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་གཏན་འགོག་བྱེད་པ”སོགས《གྲོང་སྲོལ་དམངས་ཆིངས》ནང་བཀོད་པ་དང་། ཏང་ཡོན་རྒན་གྲས་དང་། དཔེ་བཟང་བ་རྒན་གྲས། ལས་བྱེད་པ་རྒན་གྲས། དམག་ཞབས་ཐིམ་པའི་དམག་མི། ཕྱུག་འགྱུར་འཇོན་ཐང་ཅན་སོགས་གདན་དྲངས་ཏེ་གྲོང་གསེབ་ཀྱི་མཁས་པའི་ལས་འཛིན་ལྷན་ཚོགས་བཙུགས་པ་དང་། 《གྲོང་སྲོལ་དམངས་ཆིངས》ལག་བསྟར་དོན་འཁྱོལ་ལ་ལྟ་སྐུལ་བྱས་ནས་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

    —— གྲོང་ཁྱེར་ཡོངས་ཀྱིས“བྱ་དགར་བརྟེན་ནས་ཁ་གསབ་བྱེད་པའི”བྱ་ཐབས་སྤྱད་དེ། མ་དངུལ་སྒོར་ཁྲི་1881.22བསྡུ་སྒྲིལ་གྱིས་རང་རྟོགས་ངང་ཐོན་སྐྱེད་འཕེལ་རྒྱས་དང་རང་ངོས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་མང་ཚོགས་དབུལ་པོ་དུད་ཚང་10737ལ་བྱ་དགའ་སྤྲད་པས། ཞིང་འབྲོག་ཁུལ་དུ་འགྲན་སློབ་སྙེག་བརྒལ་དང་ཕྱུག་འགྱུར་བརྩོན་ལེན་གྱི་རྣམ་པ་བཟང་པོ་ཞིག་རྒྱུན་མཐུད་ངང་བཏོད་ཡོད་ལ། མང་ཚོགས་དབུལ་པོའི“ལས་བརྩོན་ཕྱུག་འགྱུར་བྱུང་ན་གཟི་བརྗིད་དང་། སྒྱིད་ལུག་དབུལ་པོར་གྱུར་ན་ངོ་ཚ་ཡིན་པའི”ལྟ་བའང་དེ་བས་ཟབ་ཏུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།