དབུ་ཤོག>ཆེད་སྒྲིག
  • ཅང་ཅེས་ཉིང་ཁྲི་གྲོང་ཁྱེར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-21

    ཚེས་14ནས་16ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་ནས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དང་སྨན་གླིང་རྫོང་སོགས་སུ་ཕེབས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་གི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་དེ་གར་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་དོན་དག་ཐེར་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་སྦྲགས། ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”དག་ཐེར་ལས་དོན་ཚོགས་འདུ་ཡང་འཚོགས་པ་རེད།

    དུང་དཀར་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དང་སྐྱེམས་སྟོང་ཤང་གླ་གཡེར་གྲོང་ཚོའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་ཅང་ཅེས་དུད་ཚང་དབུལ་པོ་དང་ཏང་ཡོན་རྒན་གྲས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ། ཁྱིམ་ཚང་གི་ཡོང་འབབ་དང་། བུ་ཕྲུག་སློབ་ཞུགས་དང་ལས་ཞུགས་གནས་ཚུལ། སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་ཚུལ། དེ་བཞིན་སྨན་རིན་རྩིས་ཞུ་བྱེད་ཚུལ་སོགས་བཀའ་འདྲི་གནང་བ་རེད། ཁོང་གིས་ལས་དོན་མི་སྣར་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་འཚོའི་བྱེད་ཐབས་ཁག་གཞི་རིམ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་པ། མང་ཚོགས་ལ་ཕན་པ་གང་དུ་ཡོད་པ་དང་ཕན་པ་སུ་ལ་འདོགས་པ་ཤེས་སུ་འཇུག་པ་བཅས་བྱས་ནས། མང་ཚོགས་ལ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་བར་ལྕག་སྐུལ་བྱེད་དགོས་པའི་མངགས་བྱ་གནང་བ་རེད།

    སྣང་རྫོང་གི་སློབ་ཆེན་སློབ་མའི་གཉིས་གཏོད་ལྟེ་གནས་སུ་ཅང་ཅེས་ལས་གཏོད་བྱེད་མཁན་སློབ་ཆེན་སློབ་མ་ཚོར་གོ་སྐབས་ལ་དམ་འཛིན་དང་དུས་བབ་དང་བསྟུན་ཏེ། སྦྱངས་པའི་སྔོན་ཐོན་ཤེས་བྱ་དང་དོ་དམ་གྱི་འདུ་ཤེས་ལ་བརྟེན་ནས་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་སྤུས་རྟགས་ཆགས་པར་བྱས་ཏེ། སློབ་ཆེན་སློབ་མ་དང་ཞིང་འབྲོག་པ་དེ་བས་མང་བའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ལྕག་སྐུལ་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།