དབུ་ཤོག>ཆེད་སྒྲིག
  • སྤེན་པ་བཀྲ་ཤིས་ཀྱིས་གཞི་རིམ་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-20

    ཟླ་4ཚེས་14ནས་ཚེས་16ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དང་། ས་སྐྱ་རྫོང་། རྣམ་གླིང་རྫོང་བཅས་སུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་བརྟག་ཞིབ་གནང་བ་དང་ཤིང་འཛུགས་ནགས་བཟོ་སོགས་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་རྣམ་གྲངས་ལ་གཟིགས་ཞིབ་གནང་བ་མ་ཟད། ད་དུང་གྲོང་ཚོ་དང་དུད་ཚང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཞེས་པའི་གསོན་ཉམས་དོད་པའི་སློབ་གཞི་དེ་བེད་སྤྱོད་ཡག་པོ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཆོད་སེམས་དང་དད་སེམས་སྔར་བས་བརྟན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེའི་ལོ་རྒྱུས་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རླབས་ཆེན་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་དེ་བཞིན་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་། འཚོ་བ་སྐྱེལ་སྟངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་བཅས་ལ་བྱུང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་ངོས་འཛིན་གང་ལེགས་ཐུབ་པ་བྱེད་དགོས་ལ་དེ་བས་གཅེས་འཛིན་ཡང་བྱེད་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་སྨིན་རང་བཞིན་ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་དགོས། གནད་དོན་ཤེས་རྟོགས་བྱུང་ན་གཞི་ནས་གནད་དོན་ཐག་གཅོད་ཐུབ་པ་དང་གཞི་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་ཐུབ། གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས་ཤིང་། “ཁག་གཅིག་རེ་བྱས་པ་ལྔ”དང་ལྷག་པར་དུ་ཐོན་ལས་དབུལ་སྐྱོར་ལ་དམ་པོར་དམིགས་ཏེ། དབུལ་སྐྱོར་རྣམ་གྲངས་ཀྱི་རྒྱུན་མཐུད་རང་བཞིན་དང་འཚར་ལོངས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་མཁན་མང་ཚོགས་གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་འགྱུར་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། དམིགས་ཚད་ལ་དམ་པོར་དམིགས་ནས་རྒྱུན་ཆད་མེད་པར་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་ཁྲོད་འདུས་པའི་ལམ་ལུགས་ཀྱི་ལེགས་ཆ་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལག་ལེན་གྱི་ཉམས་མྱོང་། རླབས་ཆེན་གྱི་སྙིང་སྟོབས་བཅས་ཕྱོགས་སྡོམ་ཡག་པོ་དང་གདམ་གསེས་ཡག་པོ་བྱས་ནས་ལམ་ལུགས་སུ་འགྱུར་བ་བྱེད་དགོས། མང་ཚོགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་མང་ཚོགས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་པ་དང་ཆབས་ཅིག རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འཕེལ་གང་ཐུབ་བྱས་ཏེ། མང་ཚོགས་ལ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་དགོས་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།