དབུ་ཤོག>ཆེད་སྒྲིག
  • ​ བསྟན་ཁོས་ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-20

    ཟླ་4ཚེས་14ཉིན་ནས་ཚེས་16ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོས་ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་གནང་བ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།

    བསྟན་ཁོས་ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ཁུར་ནས། མང་ཚོགས་དབུལ་པོ་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་དང་དབུལ་སྒྲོལ་ངོ་མ་ཐུབ་པར་བྱས་ཏེ། དབུལ་སྒྲོལ་གྲུབ་འབྲས་ཀྱི་ལོ་རྒྱུས་ཀྱི་ཉམས་སད་ཐེག་པ་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཀྱིས་ཁ་གསལ་བཏོན་པའི་དུས་ཚོད་ཀྱི་མཚམས་ཚིགས་ལ་ནན་པོར་གཞིགས་ཏེ། དངོས་ཐོག་བདེན་འཚོལ་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་། ལས་འགན་ཁ་གསལ་དང་བྱེད་ཐབས་ཞིབ་ཚགས། དག་ཐེར་གྱི་འགན་འཁྲི་རིམ་གྱིས་ནན་དུ་གཏོང་བ། དག་ཐེར་ལས་དོན་དོན་འཁྱོལ་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། དག་ཐེར་ལས་དོན་གྱི་ཕན་འབྲས་དངོས་ཀྱི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་དགོས་པ། གནད་དོན་གྱི་སྟོན་ཕྱོཌ་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། ལས་ཀའི་ཞན་ཆ་སེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་འཛུགས་སྐྲུན་གྱི་ཆོས་ཉིད་ལ་བསྟུན་པ། རྣམ་གྲངས་འཛུགས་སྐྲུན་གྱི་ཆོག་འཐུས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་གཞོལ་རྒྱུར་ཤུགས་སྣོན་རྒྱག་པ། དངོས་ཡོད་གོ་ཆོད་ཀྱི་ལས་ཀའི་བྱེད་ཐབས་ལ་བརྟེན་ནས་སྤུས་ཚད་མཐོ་པོའི་སྒོ་ནས་སྐོར་གཟིགས་དག་ཐེར་ལས་འགན་ལེགས་གྲུབ་བཅས་བྱས་ཏེ་མང་ཚོགས་ལ་ཡོང་འབབ་འཕར་རྒྱུ་འགན་ལེན་བྱེད་དགོས་པ། མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱས་ཏེ། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་སེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། དཀའ་སྤྱད་ངལ་རྩོལ་གྱི་ལག་གཉིས་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ། ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་སྤྱད་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཕན་ཆེ་དང་། ནུས་ལྡན། གཏིང་ཟབ་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།