ཉེ་ཆར་བྲག་གཡབ་རྫོང་ཝ་མཁར་ཤང་འཛིག་ཆུ་གྲོང་ཚོར་པད་ཁ་ལས་སྣོན་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་2019ལོའི་ལོ་འཁོར་གྱི་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྲག་གཡབ་རྫོང་ཝ་མཁར་ཤང་འཛིག་ཆུ་གྲོང་ཚོའི་པད་ཁ་ལས་སྣོན་རྣམ་གྲངས་2018ལོར་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། མིག་སྔའི་བར་འཁོར་རྒྱུག་ཡག་པོ་ཐུབ་ནས་ལོ་གཉིས་བསྟུད་མར་ཁེ་སྤོགས་བགོ་རྒྱུ་བྱུང་བས་མང་ཚོགས་དབུལ་པོའི་ཡོང་འབབ་མང་དུ་མངོན་གསལ་ཕྱིན་ཡོད་ལ་གྲོང་ཚོ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་ཀྱང་ཐུབ་ཡོད། ཁེ་སྤོགས་བགོ་བའི་མཛད་སྒོའི་ཐོག་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་གྲོང་ཚོ་དེའི་པད་ཁ་ལས་སྣོན་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལས་ཚོང་གཉེར་ཡོང་འབབ་སྒོར་ཁྲི་21.83བྱུང་བ་དང་། ཐོན་སྐྱེད་མ་གནས་ཕུད་རྗེས་ཁེ་སྤོགས་སྒོར་43820དུད་ཚང་45(དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་37དང་ཡིག་ཚགས་དང་གཱ་མ་བཟོས་པའི་དུད་ཚང་8ཚུད་པ)ལ་བགོས་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་973བྱུང་ཡོད།