དབུ་ཤོག>ཆེད་སྒྲིག
  • ལྷོ་བྲག་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-17

     ཉེ་ཆར། གསར་འགོད་པར་ལྷོ་བྲག་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་རྫོང་དེས་ལོ་མཇུག་ཏུ་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གཏོང་སྤྲོད་བྱེད་ཚད་92%ལྷག་ཙམ་ཟིན་པའི་འགན་ལེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།

    རྫོང་དེས་གནད་དོན་དང་ཞན་ཆ་ཕྱོགས་ཡོངས་ནས་སེལ་བ་དང་གནད་དོན་གྱི་འབྱུང་རྩ་གནད་ལ་འཁེལ་པོས་བཙལ་ནས་ཞན་ཆ་དུས་ཐོག་ཏུ་སེལ་བ་དང་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་རེད། ཐོན་ལས་རྣམ་གྲངས་ལ་དམ་འཛིན་ཏན་ཏིག་དང་། དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཁེ་ཕན་ཟུང་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད། དཔྱད་གཞིའི་ཡིག་རིགས་ཀྱི་ཟུར་བཙུགས་རྩིས་ཁྲ་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་ཇུས་ཤེས་མཁན་གསོ་སྦྱོང་བྱས་ཏེ་གཞི་གྲངས་དང་གནས་ཚུལ་ཁ་གསལ་ཡོང་བའི་འགན་ལེན། འཐུང་ཆུའི་བདེ་འཇགས་གྲལ་བཤེར་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་ཆུའི་སྤུས་ཚད་ཚད་ལེན་གྱི་འབྲེལ་ཡོད་བླང་བྱར་ནན་པོར་གཞིགས་ཏེ་འབྱུང་རྩ་ནས་སྦགས་བཙོག་གཏན་འགོག་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། ཞིང་འབྲེལ་མ་དངུལ་དང་དམངས་འཚོའི་མ་དངུལ་གང་མགྱོགས་གསེད་བཀྲོལ་དང་བསྡུ་སྒྲིལ་བྱས་ཏེ་ལོ་མཇུག་ཏུ་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གཏོང་སྤྲོད་བྱེད་ཚད་92%ལྷག་ཙམ་ཟིན་པའི་འགན་ལེན་བྱ་རྒྱུ་རེད། མང་ཚོགས་ཀྱི་འབབ་འཕར་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཡག་པོ་བྱེད་པ་དང་། ལས་མིའི་མཉམ་འབྲེལ་རུ་ཁག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་མང་ཚོགས་དབུལ་པོ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན། དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱས་ཏེ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དབུལ་པོའི་རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་འཐབ་ཀྱི་གཏམ་རྒྱུད་ཡག་པོ་གླེང་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དྲང་ནུས་གཅིག་ཏུ་བསྒྲིལ་ཡོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།