དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-17

    འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད། མིག་སྔར་ལྗོངས་ཡོངས་ཀྱི་མི་དམངས་ཚོས་སྤོབས་སེམས་ཆེན་པོས་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་རྒྱུའི་ཐད་འབད་འབུངས་ཡར་བརྩོན་བྱེད་བཞིན་ཡོད། 2019ལོར་ཕྱིར་དྲན་བྱེད་སྐབས་ང་ཚོས་དངོས་སྒྲུབ་ཀྱིས་མདུན་ཕྱོགས་སུ་སྐྱོད་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ནས་དཔལ་འབྱོར་གྱི་གྲངས་གཞི་ཁག་འཕར་ཚད་མངོན་གསལ་དོད་པོ་བྱུང་ཡོད།

    ཐོན་ལས་དར་རྒྱས་བྱུང་ནས་གསོན་ཤུགས་འཕེལ།

    2019ལོར་རང་ལྗོངས་ཀྱི་ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མའི་ཐོན་ལས། ཡུལ་སྐོར་རིག་གནས་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་སོགས་ཐོན་ལས་ཆེ་གྲས་བདུན་ལ་སྐུལ་མ་བརྟན་པོ་བཏང་བ་དང་། ནས་ཐོན་འཕར་དང་འབྲི་གཡག་རྒྱགས་གསོའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ནུས་རྒྱུ་གཙང་མའི་ཐོན་ལས་དང་ཐོན་ལས་གསུམ་པ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཞིང་ལས་ཐོན་རྫས་བསྡོམས་འབོར་307ཟིན་པ་དང་རིམ་རྩིས་ལྟར་ན་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲེམས་ཚོང་དང་འགྲེམས་ཚོགས་ཐོག་གསེར་གྱི་བྱ་དགའ་ཐོབ་པའི་ཐོན་རྫས་41ཡོད་པ་དང་། ལྗོངས་ཡོངས་ཀྱི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡོམས་འབོར་ཆན་ཝ་ཁྲི་352.87ཟིན་ནས་རིམ་རྩིས་ལྟར་ན་ཕྱིར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་14.3ཟིན་པ་དེ་དུས་མཚུངས་ལས་109%འཕར་བ། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3713.74ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་530.79ཟིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ལ་རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་གསར་གཏོད་གྲོང་ཁྱེར་ཐོག་མའི་ཆོག་མཆན་ཐོབ་པ་དང་། ཉིང་ཁྲིར་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གྲབས་འཛུགས་ཀྱི་ཆོག་མཆན་ཐོབ་པ། པ་སྣམ་རྫོང་ལ་ཆོག་མཆན་ཐོབ་ནས་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་རྫོང(གྲོང་ཁྱེར)གི་གྲས་ཤིག་ཏུ་འགྱུར་རྒྱུ་རེད། རང་ལྗོངས་སུ་མཐོ་གསར་ལག་རྩལ་ཁེ་ལས་50ཡོད་པས“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་ཐུབ་ནས་ས་མཐོའི་ས་གཞི་ཆེ་མོའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    གྲངས་གཞིའི་སྟོན་གྲངས་མཐོ་རུ་ཕྱིན་པ་ཕུད། ཚོང་གཉེར་ཁོར་ཡུག་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་ཁྲལ་གྲོན་ཁག་ཤུགས་ཆེན་བཅག་ནས་ཁེ་ལས་དང་མང་ཚོགས་ལ་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེན་པོ་བྱུང་ཡོད།

    དམངས་འཚོ་ལེགས་བཅོས་བྱས་པས་མི་སེམས་དྲོས།

    སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་ངེས་པར་དུ་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་དགོས།

    དམངས་འཚོའི་གནད་དོན་ཆེ་ཤོས་ཡིན་པའི་ལས་ཞུགས་ཐག་གཅོད་བྱ་ཆེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས“ལས་ཞུགས་བརྟན་པོ་ཡོང་བ”བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་མཐའ་འཁྱོངས་བྱས་པས། 2019ལོའི་ཟླ་1ནས་ཟླ་9བར་ཁོ་ནར་རིམ་རྩིས་ལྟར་ན་ལས་ཞུགས་ལས་གནས་ཁྲི་6ལྷག་ཙམ་མཁོ་འདོན་བྱས་པ་དེས་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་17693ལས་ཞུགས་ཐུབ་པ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ཁྲི་50.8ལས་ཞུགས་གཞན་སྒྱུར་ཐུབ་ཡོད།

    རང་ལྗོངས་ཀྱི་སྨན་བཅོས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་སྨན་ཁང(འཕྲོད་བསྟེན་ཁང)196མགྱོགས་མྱུར་བསྐྲུན་པ་དང་ཐག་རིང་ལུང་ཁུག་གྲོང་ཚོའི་སྨན་བཅོས་ཞབས་ཞུའི་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་པར་མིག་སྔར“ནད་ཆེན”རིགས་367རང་སྐྱོང་ལྗོངས་སུ་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2248གྲོང་ཁྱེར་དང་ས་ཁུལ་དུ་བཅོས་ཐུབ་པ། རྒྱུན་མཐོང“ནད་ཆུང”རྫོང་དང་ཆུས་སུ་བཅོས་ཐུབ་པ་བཅས་བྱུང་ཡོད།

    རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བར་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་ཁ་གསབ་སོགས་ཀྱི་ཚད་གཞི་སྔར་བས་སྤར་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་སྐྱོབ་བཅོས་ཁ་གསབ་དངུལ་སྒོར་དུང་ཕྱུར་9.28དང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་གཉིས་ཀྱི་རང་སྐྱོང་ལྗོངས་རིམ་པའི་མ་དངུལ་སྒོར་དུང་ཕྱུར་1.12བཅག་ཡོད། མི་ཐེངས་ཁྲི་370.7རིགས་ཁག་གི་སྤྱི་ཚོགས་འགན་བཅོལ་ལ་ཞུགས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་སྤྱིར་བསྐྲུན་ཟིན་ཡོད། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཁྲི་3.89མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད།

    རྣམ་གྲངས་དོན་འཁྱོལ་བྱུང་བས་ཕན་འབྲས་ཐོན།

    2019ལོར་བོད་ཀྱི་སྨན་བཅོས་མ་བྱས་གོང་གི་120མྱུར་སྐྱོབ་ནད་པའི་ཆ་འཕྲིན་བརྒྱུད་གཏོང་མ་ལག་ཐོག་མ་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་དུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། “ནད་པ་མྱུར་སྐྱོབ་རླངས་འཁོར་ནང་བླུགས་པ་དང་ཆབས་ཅིག དེའི་ཆ་འཕྲིན་རྫོང་སྨན་ཁང་དུ་འབྱོར་གྱི་ཡོད། མྱུར་སྐྱོབ་རླངས་འཁོར་ཐོག་ནད་བརྟག་སྨན་པས་ནད་པར་དུས་ཐོག་ཏུ་སྨན་བཅོས་བྱ་རྒྱུའི་བཀའ་གཏོང་ཆོག”ཅེས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་པའོ་ལེས་ངོ་སྤྲོད་བྱས།

    ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཐུང་ཧྲུན་གྱིས་གསར་འགོད་པར། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་120ཟིན་པའི་སུའུ་ཝ་ལུང་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ནི་བོད་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་ཆུ་ཤུགས་གློག་ཁང་གི་ལས་གྲྭ་ཆེ་གྲས་ཨང་དང་པོ་ཡིན་པ་དེས་འཕྲུལ་ཙུའུ་ཨང་1པོ་ནས་4པ་བར་གྱི་ལྕཌ་མདོང་སྒྲིག་སྦྱོར་དང་། ཆུ་ལོག་འབབ་ལམ་འདྲུ་བ། རགས་ཆེན་སིམ་འགོག་གྲུབ་ཆ་ཨར་སྐྲུན་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་2021ལོར་ཐོན་སྐྱེད་བྱེད་འགོ་ཚུཌ་པའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་བཤད།

    རྣམ་གྲངས་ཀྱི་སྐུལ་ཁྲིད་འོག་རང་ལྗོངས་ཀྱི་དཔལ་འབྱོར་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ནུས་བསྣན་ཡོད། 2019ལོར་ལྗོངས་ཡོངས་ཀྱིས་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཏུན་དུང་ཕྱུར་119.72ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་10.2%འཕར་བ་དང་། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་60.94ཟིན་པ་དང་སྤྱི་ཚོགས་ཡོངས་སུ་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་54.4ཟིན་པ་དེ་དུས་མཚུངས་ལས་28.8%དང་14.4%སོ་སོར་འཕར་ཡོད་པ་རེད། ལྗོངས་ཡོངས་ཀྱི་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་200.6ཟིན་པ་དེ་དུས་མཚུངས་ལས་207.1%འཕར་ཡོད། ལྗོངས་ཡོངས་ཀྱི་རིགས་ཁག་གི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་31.7ཡོད་པའི་ནང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུས་མཚུངས་ལས་62.3%འཕར་ཡོད། དངུལ་རྩའི་སྒྲིག་གཞིས་ཁེ་ལས་ཕྲན་ཚེགས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁེ་ལས་ཕྲན་ཚེགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1055.09ཟིན་པ་དེ་དུས་མཚུངས་ལས་21.84%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།