དབུ་ཤོག>ཆེད་སྒྲིག
  • མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་དང་དྲ་འཕྲིན་གཞུང་ལས་ཁང་གིས་ཆ་སྒྲིག་རོཌ་སྐྱོར་དུད་ཚང་ལ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-17

    ཉེ་ཆར། མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་དང་དྲ་འཕྲིན་གཞུང་ལས་ཁང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་དགེ་རྒྱས་རྫོང་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོར་བསྐྱོད་ནས། ཆ་སྒྲིག་རོགས་སྐྱོར་དུད་ཚང་19ལ་འཚམས་འདྲི་བྱས་ནས་ཁོང་ཚོར་འཚམས་འདྲིའི་དངུལ་དང་། རྩམ་པ། འབྲས། གྲོ་ཞིབ་སོགས་འཚོ་བའི་མཁོ་ཆས་སྤྲད་པ་རེད།

    འཚམས་འདྲིའི་བྱེད་སྒོ་སྤེལ་རིང་། ལས་བྱེད་པ་དང་ལས་བཟོ་ཚང་མས་རང་ཉིད་ཀྱི་ཆ་སྒྲིག་རོགས་སྐྱོར་དུད་ཚང་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་རོགས་སྐྱོར་མང་ཚོགས་ཀྱི་ཟླ་རེའི་ཡོང་འབབ་གནས་ཚུལ་དང་། དེ་བཞིན་ཐོན་སྐྱེད་དང་འཚོ་བར་འཕྲད་པའི་དཀའ་ངལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། གནད་སྨིན་རོགས་སྐྱོར་ལག་དེབ་ནན་ཏན་ངང་རྒྱོང་བ་དང་རོགས་སྐྱོར་བྱ་ཡུལ་གྱི་དཀའ་ངལ་དང་། དབུལ་པོར་གྱུར་རྐྱེན་ལ་དམིགས་ཏེ་ཚང་མ་དང་མཉམ་དུ་བསམ་ཕྱོགས་བཟོ་བ་དང་བྱེད་ཐབས་བཏོན་ནས་རོགས་སྐྱོར་གྱི་འཆར་གཞི་བཟོ་རོགས་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།