དབུ་ཤོག>ཆེད་སྒྲིག
  • རི་བོ་ཆེ་རྫོང་གིས་ལས་ཞུགས་རྩལ་ནུས་ཀྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-04-16

    ཉེ་ཆར། རི་བོ་ཆེ་རྫོང་གིས་ཁྲོམ་རའི་མི་སྤྱོད་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། “ལས་སྒྲུབ་གསོ་སྦྱོང”གི་རྣམ་པར་བརྟེན་ནས་ཞིང་འབྲོག་མང་ཚོགས་59ཁག་སོ་སོར་སྒྲིག་འཛུགས་བྱས་ཏེ་བཟའ་བཏུང་དང་མགྲོན་ཁང་གི་ཞབས་ཞུ་དང་ཁང་པ་མཛེས་བཟོའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ཐེངས་གཉིས་བྱས་པ་རེད།

    གསོ་སྦྱོང་བྱེད་རིང་། འབྲེལ་ཡོད་སྡེ་ཚན་གྱིས་ཆེད་མི་གསོ་སྦྱོང་བྱ་ཡུལ་དུ་མངགས་ནས་ཞིང་འབྲོག་མང་ཚོགས་དང་སྤེལ་རེས་ཞིབ་ཕྲ་བྱས་པ་མ་ཟད། གསོ་སྦྱོང་ལས་དོན་ཐད་ཀྱི་ཞིང་འབྲོག་པའི་སློབ་མའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་དང་འབྲེལ། རང་འགུལ་ངང་གསོ་སྦྱོང་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོང་ཚོར་ལས་ཞུགས་ཀྱི་འདུ་ཤེས་ཟམ་མི་ཆད་པར་བསྒྱུར་ནས་ལས་ཞུགས་འབབ་འཕར་སྔ་ཙམ་ཐུབ་རྒྱུའི་སྐུལ་ལྕག་བཏང་བ་དང་ཕྱོགས་མཚུངས། གསོ་སྦྱོང་རིང་སློབ་མ་ཚང་མར་གླ་ཕོགས་སྤྲད་པ་དང་གསོ་སྦྱོང་མཇུག་འགྲིལ་རྗེས་ཚད་གཞི་ལོན་མཁན་ཚོ་ཐག་ཉེ་སར་ལས་ཞུགས་སྟབས་བདེ་ཐུབ་པར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།