ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་དབུལ་སྐྱོར་དང་། རིག་སྐྱོར། བློ་སྐྱོར་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དམིགས་ཚད་དུ་བྱེད་པ་དང“སྣེ་ཁྲིད་གཉིས་དང་གསོ་སྐྱོང་གསུམ”གྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ལ་དམིགས་ནས་བྱེད་ཐབས་ཞིབ་ཚཌ་སུ་དང་གཞི་རྟེན་གསར་གཏོད་ཀྱིས་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་ཞིང་འབྲོག་ཁུལ་སྤུས་ཚད་ལེགས་པོས་འཕེལ་རྒྱས་འགྲོ་བར་སྒུལ་ཤུཌ་ཆེན་པོ་བསྣན་པ་རེད།
ཏང་ཡོན་གྱིས་ཕྱུག་འགྱུར་སྣེ་ཁྲིད་པ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་རེ་བ་གསར་པ་སྒྲུབ་ཅིང་། ཏང་ཡོན་ཚོར་བསམ་བློར་བཅིངས་འགྲོལ་གཏོང་བའི་སྣེ་ཁྲིད་བྱས་ནས་རང་སྟོབས་རང་སྤེལ་དང་ལས་བརྩོན་ཕྱུག་འགྱུར་ཁྲོད་མིག་དཔེ་ཡག་པོ་དང་སྣེ་ཁྲིད་པ་ཡག་པོ་བྱེད་པའི་ལྕག་སྐུལ་བྱས་པ་རེད། ཏང་ཡོན་གྱི་ཚོགས་ཆེན་འཚོགས་པ་དང་། སྐད་འཕྲིན་དང་འཕྲིན་ཐུང་གཏོང་བ། འབྲེལ་ཡོད་དཔྱད་གཞི་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་དངུལ་དང་རྣམ་གྲངས་སོགས་སྐོར་གྱི་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱས་ནས་ཞིང་འབྲོག་པ་ཏང་ཡོན་ཚོས་སྣེ་ཁྲིད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་བཏོད་པ་དང་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་ལྕག་བྱས་ཡོད། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་བྱེད་པའི་དཔེ་མཚོན་བཏོད་འདེམས་ཡག་པོ་བྱས་ཏེ་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་སློབ་སྦྱོང་བྱེད་པ་དང་སྦྲགས་དུས་ཐོག་ཏུ་སློབ་སྦྱོང་བྱ་རྒྱུའི་ཁྱབ་གདལ་གཏོང་བ་དང“ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པའི་དཔེ་སྟོན་རྟེན་གཞི”ཧུར་ཐག་བཏོད་དེ་རྒྱ་ཆེའི་ཏང་ཡོན་སྐུལ་སློང་གིས“ཏང་ཡོན་གྱི་དཔེ་སྟོན་དུད་ཚང”གཏོད་པའི་བརྩོན་ལེན་བྱས་པ་དང“ལས་ཀ་གསར་གཏོད་བྱེད་འདོད་པ་དང་། བྱེད་ཕོད་པ། བྱེད་ཤེས་པ”བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་བཏོད་ཡོད།
ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་བྱས་པ་དང་ལས་དར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྣན་ཞིང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དབུལ་སྐྱོར་དང་། བློ་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་གྱིས་ཞིང་འབྲོག་མང་ཚོགས་ཚོས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་ཕུགས་འདུན་འགྲུབ་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ“སྒུག་བརྟེན་སློང་གསུམ”གྱི་བསམ་བློར་འགྱུར་ལྡོག་ཏན་ཏིག་བཏང་བ་རེད། ཕྱུག་འགྱུར་གྱི་ཐབས་ལམ་ཡང་དག་བཙལ་ཏེ་མ་དངུལ་དང་། ལག་རྩལ། ཆ་འཕྲིན་བཅས་དང་དེ་བཞིན་མི་ཤུགས་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས“ཏང་ཡོན་དང་ཞིང་དུད”ཟུང་དུ་འབྲེལ་བ་དང“མཉམ་ལས་ཁང་དང་། ཏང་ཡོན། ཞིང་དུད”བཅས་ཟུང་དུ་འབྲེལ་བ་སོཌ་ཀྱི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་ཏང་ཡོན་དང་མང་ཚོགས་མཉམ་དུ་ཕྱུག་པོ་ཆགས་པའི་མཉམ་སྡེབ་སྒྲིག་གཞི་ཞིག་བཙུགས་ཡོད། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དང་། ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ། དམག་ཞབས་ཐིམ་པའི་དམག་མི་སོགས་ཤེས་ལྡན་མི་སྣའི་ལེཌ་ཆ་འདོན་སྤེལ་གང་ལེཌ་བྱས་ཏེ་ཐུན་མོང་ཐོག་མང་ཚོཌ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་ཡོད་པ་རེད།
ཏང་ཡོན་རྣམས་ཕྱུག་འགྱུར་འཇོན་ཐང་ཅན་ལ་གསོ་སྐྱོང་བྱས་ཏེ་དམིགས་ཚད་ལག་བསྟར་བྱེད་པའི་ཁྲོད་ནུས་པ་ཆེ་རུ་དང་རྩལ་ནུས་མཐོ་རུ་བཏང་ཞིང་། རིག་གནས་ཀྱི་བྱང་ཚད་ལེགས་པ་དང་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་བའི་ཏང་ཡོན་ཁག་གཅིག་བདམས་ནས་གཙོ་གནད་ཐོག་གསོ་སྐྱོང་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ(གྲོང་ལྷན)བཅས་རིམ་གསུམ་ཆ་སྒྲིག་གི་རོགས་སྐྱོར་ལམ་སྲོལ་བཙུགས་པ་དང“ཆ་སྒྲིག”དང“སློབ་རོགས་འཁྲིད”གསུམ་གྱི་བྱེད་སྒོ་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་ཏེ་ཐོན་སྐྱེད་གཉེར་སྐྱོང་རྣམ་གྲངས་གཏན་འཁེལ་བྱེད་རོགས་བྱས་ནས་ཡིད་རྟོན་དངུལ་བུན་དང་། ལག་རྩལ་ཞབས་ཞུ། མ་དངུལ་རྒྱབ་སྐྱོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་རེད། ཞིང་འབྲོག་པ་ཏང་ཡོན་116པེ་ཅིང་དང་། ཅང་སུའུ། ཀྲེ་ཅང་སོགས་ལ་བཏང་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། གྲོང་ཚོའི(གྲོང་ལྷན)བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། “ཞིང་གསུམ”སྲིད་ཇུས་ཁོང་དུ་ཆུད་པ་སོགས་ཀྱི་ནང་དོན་གཙོ་གནད་ཐོག་སློབ་སྦྱོང་བྱེད་པར་བཏང་བ་རེད། མིག་སྔའི་བར་ས་ཁུལ་ཡོངས་ཀྱིས་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་300གསོ་སྐྱོང་བྱས་པས་ཏང་ཡོན་80%ཡིས་སྤྱོད་གོ་ཆོད་པའི་ལག་རྩལ་2ནས་3བར་ཁོང་དུ་ཆུད་དེ་གཞི་རིམ་ཏང་ཡོན་ཁྲོད་ཕྱུག་འགྱུར་འཇོན་ཐང་ཅན་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད་པ་རེད།
ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་གྲོང་ཚོའི་ལས་བྱེད་པར་གསོ་སྐྱོང་བྱས་ཏེ་གྲོང་དར་དམངས་ཕྱུག་གི་ཁྲོད་ཡར་རྒྱས་ཧུར་ཐག་ཡོང་བ་བྱས་ཤིང་། ཕུལ་བྱུང་གི་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་གྱི་ཁྲོད་ནས་ཕྱོགས་བསྡུས་བྱང་ཚད་ལེགས་པ་དང་མང་ཚོགས་ཀྱིས་བློས་འགེལ་བའི་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་བདམས་ནས་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པར་བྱེད་ཀྱི་ཡོད། ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་ཤང་དང་གྲོང་རྡལ་ལས་ཁུངས་སུ་གནས་སྦྱར་སྦྱོང་བརྡར་ལ་བཏང་ནས་ལས་ཁུངས་ཀྱི་ལས་ཀའི་བརྒྱུད་རིམ་ཁོང་དུ་ཆུད་པ་བྱས་ཏེ་གྲོང་ཚོའི(གྲོང་ལྷན)ལས་དོན་དོ་དམ་ཁྲོད་ཞུགས་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་རེ་འབོད་ཉན་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་དང་། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས། དམངས་དོན་རྩོད་གཞི་སེལ་བ་སོགས་གྲོང་ཚོའི(གྲོང་ལྷན)ལས་ཀའི་ཉམས་མྱོང་བསགས་ཡོད། ལག་རྩལ་ཤེས་པ་དང་། གཉེར་སྐྱོང་ཤེས་པ། དོ་དམ་མཁས་པ་སོགས་ཀྱི་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན“ཆ་རྐྱེན་ཞན་པའི་གྲོང་ཚོ”དང“གྲོང་ཚོ་དབུལ་པོ”སོགས་འགག་རྩའི་ལས་གནས་སུ་ལས་དོན་སྤེལ་དུ་འཇུག་གི་ཡོད་པ་རེད།