དབུ་ཤོག>ཆེད་སྒྲིག
  • གནས་སྤོས་མང་ཚོགས་བདེ་སྐྱིད་དཔལ་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-10

    2017ལོའི་ཟླ་12པར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཚལ་གུང་ཐང་ཁྲོམ་གཞུང་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཏེ། དྲིན་སྐྱོང་གླིང་སྡེ་ཁུལ་བཙུགས་པ་རེད། མིག་སྔར་སྡེ་ཁུལ་དུ་ཁྲེང་ཀོན་ཆུས་དང་། ལྷུན་གྲུབ་རྫོང་། མཁའ་འགྲུལ་ཁུལ་གསར་བཅས་ཀྱི་དུད་ཚང་764ཡི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་3188འཚོ་བ་སྐྱེལ་བཞིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། དྲིན་སྐྱོང་གླིང་སྡེ་ཁུལ་ཏང་ཀྲི་པུས་མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་དང་། སྡེ་ཁུལ་དེ་ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི་རང་ཡུལ་ལྟ་བུར་འགྱུར་བ་བྱས་ནས་ལས་ཞུགས་ཀྱི་ནུས་པ་ཡོད་པའི་མང་ཚོགས་ཚང་མ་ལས་ཞུགས་བརྟན་པོ་ཐུབ་པ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་བཏང་བ་རེད།

    ཏང་ཡོན་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ།

    དྲིན་སྐྱོང་གླིང་སྡེ་ཁུལ་གྱིས་མང་ཚོགས་ཀྱི་དུས་རྒྱུན་འཚོ་བ་ནས་འགོ་བཙུགས་ཏེ་མང་ཚོགས་ལ་ཉིན་གང་དང་ཕྱོགས་ཡོངས་ཀྱི་ཞབས་འདེགས་ཞུས་པ་དང་ཆབས་ཅིག ཏང་ཡོན་གྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ཞབས་ཞུ་རྣམ་པའི་དཔུང་ཁག་གཏོད་རྒྱུ་འགག་རྩར་བརྩི་བ། ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་པ་རེད།

    ཏང་ཡོན་གྱིས་གཞི་རིམ་དང་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལས་དོན་གྱི་སྤྱིའི་བླང་བྱར་གཞིགས་ནས། དྲིན་སྐྱོང་གླིང་སྡེ་ཁུལ་ཏང་ཀྲི་པུས་ཏང་ཡོན་ཁྱབ་ཚུལ་དང་ཟུང་འབྲེལ་བྱེད་པ་དང་། ཁྲོམ་གཞུང་གིས་སྡེ་ཁུལ་ལ་དམ་འཛིན་བྱེད་པ། སྡེ་ཁུལ་གྱིས་དྲ་མིག་དང་གྲོང་མིར་དམ་འཛིན་བྱེད་པ། ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པར་བརྟེན་ནས། ཐབས་ལམ་མང་པོ་དང་། རྣམ་པ་མང་པོ། ཕྱོགས་ཡོངས་བཅས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་བསྒྲུབས་པ་དང་། སྡེ་ཁུལ་དྲ་མིག་གི་ཏང་ཡོན་169ཡིས་གཞི་རིམ་དང་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལས་དོན་སྤེལ་ཏེ་ཏང་ཡོན་ཞུགས་ཚད་100%ཟིན་ཡོད་ལ། ཆ་སྙོམས་ཏང་ཡོན་1གིས་དུད་ཚང་5ནས་7བར་གྱི་མང་ཚོགས་ལ་འབྲེལ་གཏུག་བྱས་ཏེ་དུད་ཚང་འགན་གཙང་ལེན་ཚད་100%ཟིན་ནས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད། ཐབས་ལམ་སྣ་ཚོགས་སྤྱད་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་རོགས་བྱས་ཏེ་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་བཏང་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ཏེ་ཞི་མཐུན་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

    སྒྲོག་འགྲེལ་མི་སེམས་ལ་ཟུག་པ།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་ནས་གྲོང་མི་ལུང་ཁུག་ནས་དོན་ཏེ་ཐོག་བརྩེགས་ཁང་བཟང་དུ་སྤོས་པ་དང་སྡེ་ཁུལ་གྱི་གྲོང་མིར་གྱུར། ཐོབ་ཐང་གསར་པ་དང་ཁོར་ཡུག་གསར་པའི་ནང་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་དུ་སྡེ་ཁུལ་གྱིས་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཞིང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི” “གཉིས་བསྡུར་གསུམ་བཤེར་ལ་སྣང་ཆེན་བྱེད་པ”སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་། དེ་བཞིན “ཁག་གཅིག་རེ་ལྔ”དང“གནད་སྨིན་དྲུག”སོགས་འབྲེལ་ཡོད་ནང་དོན་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་། དྲིན་ལན་སུ་ལ་འཇལ་དགོས་པ་ཁ་གསལ་བཤད་པས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བའི་མང་ཚོགས་ཀྱི་རེ་འདུན་སྔར་བས་ཆེ་རུ་ཕྱིན་པ་རེད།

    ཁྱིམ་དུ་བསྐྱོད་ནས་གནད་སྨིན་སྒྲོག་འགྲེལ་བྱས་ཤིང་། སྡེ་ཁུལ་གྱི་ལས་དོན་པ་མང་ཚོགས་ཀྱི་ཁྱིམ་ཚང་རེ་རེ་བཞིན་ལ་བསྐྱོད་ནས་གནས་ཀྱིས་གནས་ལ་གནད་སྨིན་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། ཁོངས་གཏོགས་ཁུལ་གྱི་གནས་སྤོས་གྲོང་མི་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྔར་བས་སྐུལ་འདེད་བཏང་ནས་ཁོང་ཚོའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་བ་མ་ཟད། གནས་སྤོས་དུད་ཚང་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་ཐེངས་9འཚོགས་ཡོད། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་ཞིབ་འཇུག་བརྟག་དཔྱད་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་དཀའ་ངལ་སེལ་རོགས་བྱས་པར་མང་ཚོགས་བློ་ཡིད་ཚིམས་ནས་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་རེད།

    “ལག་གདང་སྦྲེལ་ནས”རོགས་སྐྱོར་བྱེད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཀྱིས་སྲིད་འཛིན་ཞིབ་མཆན་དང་སྨན་བཅོས་འགྲོ་སོང་རྩིས་ཞུ་སོགས་ཀྱི་འགྲོ་ལུགས་ལ་རྒྱུས་མངའ་མེད་པ་དང་། བརྒྱུད་རིམ་ཁ་གསལ་པོ་མི་ཤེས་པ། ས་གནས་ལ་རྒྱུས་མངའ་མེད་པ་སོགས་དོན་དངོས་ལ་དམིགས་ནས་སྡེ་ཁུལ་གྱིས་ཕྱོགས་ཡོངས་ནས“དམངས་དོན་ཚབ་སྒྲུབ”ཞབས་ཞུ་ཁྱབ་གདལ་བཏང་སྟེ། སྡེ་ཁུལ་གྱི་དམངས་དོན་ཚབ་སྒྲུབ་ཏང་ཡོན་19ཡིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དམངས་འཚོའི་དོན་ཚན་215ཚབ་སྒྲུབ་བྱས་པ་རེད།

    “གཅེས་སེམས་གསོལ་ལྕོག”གཉེར་ནས་སྡེ་ཁུལ་གྱི་འགུལ་སྐྱོད་སྟབས་བདེ་མེད་པ་དང་ཉིན་དགུང་ལྟ་རྟོག་བྱེད་མཁན་མེད་པའི་གཞིས་སྲུང་རྒན་རྒོན་ལ་དགུང་ཟས་བསྐྱལ་ནས་ལས་ཀར་འགྲོ་མཁན་མང་ཚོགས་ཀྱི་སེམས་ཁྲལ་བསལ་བ་རེད། དུས་བཀག་ལྟར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པ་གདན་དྲངས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཚ་བ་ལྟ་བ་དང་། ཁྲག་ཤེད་ལྟ་བ། ཁྲག་མངར་འདུས་ཚད་ལྟ་བ། སྨན་སྐྱེལ་བ་སོགས་སྨན་བཅོས་དང་བདེ་ཐང་བློ་འདྲིའི་ཞབས་འདེགས་ཞུས་པ་རེད།

    སྡེ་ཁུལ་གྱི་ལས་ཀའི་བླང་བྱ་ལྟར། ཁྲེང་ཀོན་ཆུས་སུ་བཅའ་སྡོད་ཚན་པ་དང་སྡེ་ཁུལ་གྱི་ཏང་ཡོན་སོགས་སྒྲིག་འཛུགས་བྱས་ནས། གཉིས་གཏད་གཅིག་གི་ཚོགས་སྒྲིག་རྣམ་པའི་ཆ་སྒྲིག་གཉེན་འཚོལ་གྱི་རོགས་སྐྱོར་ལས་དོན་སྤེལ་བ་རེད། “དུས་ཆེན་གསུམ”རིང་དུ་ཁོངས་གཏོགས་ཁུལ་གྱི་ཚན་པ་དང་གཅེས་སེམས་ཁེ་ལས་དང་མཉམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཅིག་སྡུད་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་བར་རིམ་རྩིས་བྱས་ན། མ་དངུལ་སྒོར་ཁྲི་157བཏང་བ་རེད།

    ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ལ་བརྟེན་ནས“དུད་ཚང་གཅིག་ལ་ལས་གནས་གཅིག་དང་། དུད་ཚང་གཅིག་ལ་ལས་གནས་མང་བའི”རྣམ་པར་བརྟེན་ནས་ཐག་ཉེ་ས་དང་སྟབས་བདེ་སར་མི་1750ལྷག་ཙམ་གྱི་ལས་ཞུགས་ཀྱི་ལས་གནས་ཐག་གཅོད་བྱས་པ་རེད། ཁྲེང་ཀོན་ཆུས་སློབ་གསོ་ཅུས་བརྒྱུད་ནས་སྔ་རྗེས་སུ་གནས་སྤོས་བྱིས་པ་935ཡི་སློབ་ཞུགས་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།