དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན་ཐོག་མ་དེ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-04-08

    དབུལ་སྒྲོལ་འགག་སྒྲོལ་ལ་གཞོགས་འདེགས་བྱེད་པ་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ཉེ་དུས་ལྷ་སའི་རྫོང་དང་ཆུས་བདུན་དུ་བོད་ཀྱི“གངས་ལྗོངས་ཀྱི་ཞིང་ཕན་eདངུལ་བུན་——གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན”སྒོར་ཁྲི་1810དུས་གཅིག་ཏུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གངས་ལྗོངས་ཀྱི་ཞིང་ཕན་eདངུལ་བུན”དྲ་ཐོག་ནས་གཏོང་བའི་དགེ་མཚན་ལ་བརྟེན་ཏེ་དངུལ་བུན་གཡར་མཁན་གྱི་གཉེར་སྐྱོང་དུས་འཁོར་དང་། ཁུལ་གནས་ཀྱི་ལེགས་ཆ། གཉེར་སྐྱོང་ཁུལ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཐོག་བསམ་གཞིག་བྱས་པ་མ་ཟད། ཞིང་ལས་དངུལ་ཁང་གི་ཕ་ལམ་བྱང་བུ་དང་། གསེར་བྱང་། དངུལ་བྱང་། ཟངས་བྱང་བཅས་དང་། དེ་བཞིན་གནས་སྨིན་དབུལ་སྐྱོར་གྱི་དངུལ་བུན་གཱ་སོགས་ཡོད་པའི་ཞིང(འབྲོག)པར་ཡིད་རྟོན་དངུལ་བུན་གཏོང་བའི་དངུལ་འབོར་སྒོར་ཁྲི་30ཟིན་པ་དང་ལོ་3ནང་འཁོར་རྒྱུག་བྱས་ཆོག་གི་ཡོད་པ་རེད།

    “གྲོང་གསེབ་ཡུལ་སྐོར་དངུལ་བུན”ལ་བརྟེན་ནས་ཞིང་དུད་ཀྱིས་གྲོང་གསེབ་ཡུལ་སྐོར་གཉེར་སྐྱོང་རྣམ་གྲངས་ལ་མ་དངུལ་གཏོང་རྒྱུ་རྨང་གཞིར་བྱས་ཏེ། ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་། སྤྲོ་གསེང་གྲོང་གསེབ་མཛེས་ཤོས། ཞིང་འབྲོག་ལས་ཐོན་ལས་ཀྱི་གྲོང་ཚོ་སྟོབས་ཆེན་འཛུགས་སྐྲུན་བཅས་ལ་སྐུལ་མ་གཏོང་རྒྱུ་རེད། གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན་གྱིས་མཛེས་ལྗོངས་ཁུལ་དང་། ཞིང་འབྲོག་ལས་ཀྱི་སྤྲོ་གསེང་ཡུལ་སྐོར། གླིང་ཁ་སོགས་ཁྱད་ལྡན་ཐོན་ཁུངས་ཀྱི་བཟའ་བཏུང་དང་། ཞག་སྡོད། རོལ་རྩེད་སོགས་ཞབས་ཞུའི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།

    བོད་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱ་ཆེད། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས“ས་གནས་གཅིག་ལ་ཁྱད་ལྡན་གཅིག”དང“ལས་རིགས་གཅིག་ལ་ཐོན་རྫས་གཅིག”གི་བླང་བྱ་གཞིར་བཟུང་། “གངས་ལྗོངས་ཞིང་ཕན་eདངུལ་བུན”རྨང་གཞིར་བྱས་ནས“བོད་ཇ་འདེབས་པའི་དངུལ་བུན”དང“ནས་འདེབས་པའི་དངུལ་བུན” “ཤིང་འབྲས་འདེབས་པའི་དངུལ་བུན” “འབྲི་གཡག་གསོ་ཚགས་ཀྱི་དངུལ་བུན” “བོད་ལུག་གསོ་ཚགས་ཀྱི་དངུལ་བུན” “བོད་ཕག་གསོ་ཚགས་ཀྱི་དངུལ་བུན” “བདེ་སྐྱིད་ཁྱིམ་གཞིས་བསྐྲུན་པའི་དངུལ་བུན” “གྲོང་གསེབ་ཡུལ་སྐོར་གྱི་དངུལ་བུན” “བེ་ཤ་འདེབས་པའི་དངུལ་བུན” “ཞིང་པའི་སྤྲོ་སྐྱིད་ཁང་གི་དངུལ་བུན” “རྒུན་འབྲུམ་འདེབས་པའི་དངུལ་བུན” “དབྱར་རྩྭ་དགུན་འབུའི་དངུལ་བུན”སོགས་ཁྱད་ལྡན་ཐོན་ལས་ཀྱི་དངུལ་བུན་མང་པོ་གཏོང་བ་དང་སྦྲགས། ཡིད་རྟོན་དངུལ་བུན་རྒྱ་ཆེར་གཏོང་བ་དང་། གཟིགས་སྐྱོང་སྐྱེད་ཀ་ལག་ལེན་བསྟར་བ། དུས་འགྱངས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ཆེད་དོན་ཞབས་ཞུའི་བྱེད་ཐབས་16ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། འདི་ལོ་རིམ་རྩིས་བྱས་ན། ཁེ་ལས་འབྲིང་ཆུང་ལ་དངུལ་བུན་སྒོར་དུང་ཕྱུར་25.29བཏང་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།