དབུ་ཤོག>ཆེད་སྒྲིག
  • དམ་པ་དོན་གཉེར་བྱས་ནས་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2020-04-08

    ན་ནིང་ནི་ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་དམིགས་བསལ་དུ་འགོད་རིན་ཡོད་པའི་ལོ་ཞིག་རེད། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་མཐའ་ཚད་ཚད་གཞིར་སླེབས་ནས་དབུལ་པོར་གྱུར་ཚད་ཀླད་ཀོར་བར་ཆག་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་16983གྱི་མི་འབོར་53380ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་དབུལ་སྒྲོལ་བྱུང་ནས་དབུལ་པོ་དབུལ་རྐྱང་སེལ་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    གནད་སྨིན་ཇུས་འདོན་གྱིས་ཚང་མ་དབུལ་སྒྲོལ་ཡོང་བ་བྱས་པ།

    “ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ལྷག་མ་རྣམས་ངེས་པར་དུ་དབུལ་སྒྲོལ་ཡོང་ཐབས་བྱེད་དགོས” ན་ནིང་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་དེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ལྷག་མར་ཕྱོགས་རྒྱུར་དམིགས་ཏེ་དུད་ཚང་རེར་ཐབས་ཇུས་རེ་དང་མི་རེར་ཐབས་ཤེས་རེ་འདོན་རྒྱུ་མཐའ་འཁྱོངས་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྒྲོལ་འགག་སྒྲོལ་གི་དམག་འཐབ་ཡག་པོ་བརྒྱབ་སྟེ་དབུལ་སྒྲོལ་ལམ་བུའི་ཐོག་མི་གཅིག་ཀྱང་མ་ལུས་པར་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཧྥུའུ་ཁྲེང་ཚུང་གིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ལྷག་མ་རྣམས་དབུལ་སྒྲོལ་ཡོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་རྣམ་གྲངས་ལ་སྐུལ་སྤེལ་ཏན་ཏིག་བཏང་ནས། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་བར་རོགས་རམ་བྱས་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྐུལ་སྤེལ་བརྟན་པོ་བཏང་ནས་མང་ཚོགས་ཚོར་ཁང་པ་སྐྱོ་པོ་ནས་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་འཛུགས་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ། སྣོད་བཅུད་དབུལ་སྐྱོར་ལག་ལེན་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཁྱིམ་གཞིས་མཛེས་སུ་བཏང་བ་དང་དུས་མཚུངས་ཡོང་འབབ་མང་དུ་བཏང་ཞིང་། ན་ནིང་རྒྱ་ཚ་རྫོང་ཁོ་ནས་སྟར་སྡོང་སྡོང་ཕྲུག་རྐང་ཁྲི་1.14བཙུགས་པ་རེད།

    གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོའི་ཐུན་མོང་གི་འབད་བརྩོན་འོག་གཏམ་བཟང་གྲགས་ཤིང་། ན་ནིང་ཟླ་11པར། ལྷོ་ཁ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ལྷག་མ་262ཀྱི་མི་675ཚང་མ“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་མཐའ་ཚད་ཚད་གཞིར་སླེབས་པ་དང་། དབུལ་སྒྲོལ་གྱི་གོ་རིམ་ལག་ལེན་བསྟར་བ་མ་ཟད། མ་ལག་གི་མཚོན་རྟགས་ཀྱང་བཀོད་ཅིང་། དབུལ་པོར་གྱུར་ཚད་19.3%ནས་ཀླད་ཀོར་བར་ཆག་སྟེ་དབུལ་པོ་དབུལ་རྐྱང་སེལ་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    རྨང་གཞི་བརྟན་དུ་བཏང་ནས་ཞན་ཆ་སེལ་བ།

    “ན་ནིང་ནས་བཟུང་། ང་ཚོས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་རྨང་གཞི་བརྟན་དུ་གཏོང་བ་དང་ཞན་ཆ་གསབ་རྒྱུ་གཙོ་གནད་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་པ་ཡིན”ཞེས་ཧྥུའུ་ཁྲེང་ཚུང་གིས་བཤད།

    “ཐོན་ལས་དར་རྒྱས་བཟང་བ་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ཕན་འབྲས་ཆེ་བ། འཚོ་བ་འབྱོར་ཕྱུག”བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་བླང་བྱ་གཞིར་བཟུང་། བརྟག་དཔྱད་མཐིལ་རྟོགས་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གྱི་ཇུས་གཞི་ཞིབ་ཚགས་བཟོས་པ་རེད། དེ་དང་དུས་མཚུངས་མ་དངུལ་གཏོང་མགྱོགས་སུ་བཏང་ཞིང་། ན་ནིང་གྲོང་ཁྱེར་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་སྒོར་དུང་ཕྱུར་15.1དོན་འཁྱོལ་དང་སྤྱི་འདོམས་བསྡུ་སྒྲིལ་བྱས་པར་མ་དངུལ་གཏོང་བའི་མྱུར་ཚད་95.66%ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1442ལ་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྒོར་ཁྲི་6956.2དོན་འཁྱོལ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“ལས་གཏོད་ཕུགས་འདུན”མངོན་འགྱུར་ཡོང་བ་བྱས་པ་རེད།

    དེ་དང་ཆབས་ཅིག གྲོང་ཁྱེར་དེས་གཞི་རིམ་གྱི་དམག་འཐབ་མཁར་རྫོང་བརྟན་དུ་བཏང་ནས། ལས་སྒོའི་འཇོན་ཐང་ཆེ་བ་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པའི་ལས་བྱེད་ལས་བཟོ་549འདེམས་མངགས་བྱས་ཏེ་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོར་བསྐོས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་545བསྡུས་ཏེ་གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་བཏང་བ་རེད། བརྟན་གཏོང་དང་མཐོར་གཏོང་ལ་དམིགས་ཏེ་ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་འཕེལ་བར་བྱས་པ་རེད། ན་ནིང་རིམ་རྩིས་བྱས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྒྲོག་འགྲེལ་ཐེངས་ཁྲི་6.9བྱས་པར་མང་ཚོགས་མི་ཐེངས་ཁྲི་560.28ལ་སློབ་གསོ་ཐེབས་ཡོད། དབུལ་སྐྱོར་ཞིང་པ་ལས་མིའི་མཉམ་འབྲེལ་རུ་ཁག་བསྡུ་སྒྲིལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་དང་། དབུལ་སྐྱོར་ཞིང་པ་ལས་མིའི་མཉམ་འབྲེལ་རུ་ཁག་629ཚད་གཞི་ལྡན་པའི་ངང་བཙུཌ་པར་ངལ་རྩོལ་ནུས་ཤུགས་མི་32201གཞན་སྒྱུར་ལས་ཞུཌ་ཐུབ་པ་དང་ངལ་རྩོལ་ཡོང་འབབ་སྒོར་དུང་ཕྱུར་3.75བྱུང་ཡོད་པ་རེད།

    འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོ་ལེགས་སུ་བཏང་བ།

    མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་4.7བཏང་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་མི་སེར་དང་། ཁོར་ཡུག་གཙང་སྦྲ་བ། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། འགན་ལེན་ལྔའི་རྒན་རྒོན་སོགས་ལ་ཁ་གསབ་ཁག་26སྤྲད་ཅིང་། འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ། སྨན་རིན་མཐོ་རིགས་ཁ་གསབ་ཀྱི་འགན་བཅོལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་དང་དམིགས་བསལ་ཚབས་ཆེའི་ནད་གཞིའི་སྨན་བཅོས་རོགས་སྐྱོབ་བཅས་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་རེད།

    ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག ན་ནིང་མཐོ་གྲང་ས་ཁུལ་གྱི་ཞིང་འབྲོག་བུ་ཕྲུག་ལ་ཕྱོགས་ནས་གཅིག་སྡུད་སློབ་གཉེར་བྱས་པའི་རྩེད་ཐང་ཆ་ཚང་སློབ་འབྲིང་བསྐྲུན་ཟིན་པ་མ་ཟད། སློབ་མའང་བསྡུས་པས་མི་དམངས་མང་ཚོགས་ཚོའི་སློབ་གསོར་བློ་ཡིད་ཚིམ་ཚད་མཐོ་རུ་སོང་བ་དང་། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་དུ་སློབ་གྲྭ་འགྲིམ་པའི་དབང་གིས་དབུལ་པོར་གྱུར་པ་དང་དབུལ་པོ་རང་ལོག་གི་ཁྱིམ་ཚང་གཅིག་ཀྱང་མེད་ལ་དབུལ་པོ་ཡིན་པའི་དབང་གིས་སློབ་མཚམས་ཆད་པ་དང་སློབ་གྲྭ་ནས་ཕྱིར་འཐེན་པའི་སློབ་མའང་གཅིག་ཀྱང་མེད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས“སྔོན་ལ་སྨན་ཁང་དུ་བསྡད་ནས་སྨན་རིན་མཇུག་ཏུ་རྩིས་རྒྱག་པའི”སྒྱུར་བཅོས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་ཡོད། བདེ་ཐང་དབུལ་སྐྱོར་གྱི“ཁག་གཅིག་རེ་གསུམ”གྱི་བྱ་སྤྱོད་འཆར་གཞི་ལག་ལེན་ཤུགས་ཆེན་བསྟར་ཞིང་། མིག་སྔར་གྲོང་ཁྱེར་གྱི་ནད་གཞི་ཆེ་གྲས་གཅིག་སྡུད་སྐྱོབ་བཅོས་བྱེད་ཚད་དང་། ནད་གཞི་ལྕི་རིགས་ཀྱི་ཐ་སྐྱོང་འགན་སྲུང་སྐྱོབ་བཅོས་བྱེད་ཚད། གཅོང་ནད་ཀྱི་གན་འཇོག་ཞབས་ཞུ་བྱེད་ཚད་བཅས་ཚང་མ་100%ཟིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་ཁྱིམ་ཚང་གི་སྨན་པ་གན་འཇོག་བྱེད་ཚད་100%ཟིན་ཡོད། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”དང“དམངས་སེམས་འདུ་འགོད་ཆེ་གྲས་བཅུ”ཡི་འཚོ་བའི་ཁ་གསབ་སྒོར་ཁྲི་3755.43དོན་འཁྱོལ་བྱས་པར་དབང་པོ་སྐྱོན་ཅན་13342ལ་ཕན་པ་ཐོབ་ཡོད། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྦྱོང་ལྟེ་གནས་8བསྐྲུན་པར་དབང་པོ་སྐྱོན་ཅན་1730ལག་ཁྱེར་ཡོད་པའི་ངང་ལས་ཞུགས་སམ་ལས་གཏོད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།