2019ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་གནད་སྨིན་ཐབས་ཇུས་མུ་མཐུད་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་གནད་སྨིན་ཇུས་འདོན་ཐད་བྱེད་ཐབས་དངོས་འདོན་པ་དང་། གནད་སྨིན་སྐུལ་འདེད་ཐད་ནུས་པ་དངོས་འདོན་པ། གནད་སྨིན་དོན་འཁྱོལ་ཐད་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་བརྟན་པོའི་ངང་ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི“མཐའ་མཇུག་གི་ལས་དོན”ཡག་པོ་སྒྲུབ་པ་རེད། གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་དབུལ་པོར་མུ་མཐུད་ཡོང་འབབ་བརྟན་པོ་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཐག་གཅོད་ནུས་ལྡན་ཐུབ་པ། ཡོང་འབབ་ཀྱི་ཚད་གཞི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞི་ལས་བརྒལ་བ། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་ཡག་ཏུ་སོང་བ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་172ཀྱི་མང་ཚོགས་དབུལ་པོ་426བདེ་བླག་ངང་དབུལ་པོ་ལས་གྲོལ་བ། མེ་ཏོག་རྫོང་བྱ་ར་ས་ཤང་བཙན་ཆུ་གྲོང་ཚོ་དང་། སྟག་ངམ་གྲོང་ཚོ། དགའ་ལྡན་ཤང་དགའ་ལྡན་གྲོང་ཚོ་བཅས་ཤིན་ཏུ་དབུལ་བའི་གྲོང་ཚོ་3དབུལ་པོ་ལས་གྲོལ་བ། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཡོངས་རྫོགས་དབུལ་པོ་ལས་གྲོལ་བ། དབུལ་པོའི་གྲོང་ཚོ་ཡོངས་རྫོགས་དབུལ་པོ་ལས་གྲོལ་བ། དབུལ་པོ་དབུལ་རྐྱང་ཕྱོགས་ཡོངས་ནས་མེད་པ་བཟོས་ནས་དབུལ་པོ་རང་ལོག་བྱེད་མཁན་གཅིག་ཀྱང་མེད་པ་བཅས་དབུལ་སྒྲོལ་ཕན་འབྲས་སྔར་བས་བརྟན་དུ་སོང་ཡོད།
ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་སྲ་བརྟན་མཐོར་གཏོང་ལ་དམ་འཛིན་བྱེད་པ།
2019ལོར་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་110ལས་འགོ་བཙུགས་ཏེ་རྣམ་གྲངས་50ལེགས་གྲུབ་ཟིན་པར་མ་དངུལ་སྒོར་དུང་ཕྱུར་6.72བཏང་བ་དང་། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་545ལག་ལེན་བསྟར་བ་ལས་རྣམ་གྲངས་453ལེགས་གྲུབ་ཟིན་པར་མ་དངུལ་སྒོར་དུང་ཕྱུར་33.73བཏང་བ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་2851གི་མང་ཚོགས་དབུལ་པོ་7261དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྣེ་ཁྲིད་བྱས་ཡོད། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལ་ཁེ་སྤོགས་སྒོར་ཁྲི་8817.5བྱུང་སྟེ་ཁེ་གཙང་སྒོར་ཁྲི་2001.5སྤྲད་པ་དང་། མི་ཐེངས་23677ལ་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་845བགོས་པ། མི་ཐེངས་6858ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་པའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་མི་ཐེངས་5332ཡོད་པ་དང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ནང་མི་འབོར་དབུལ་པོ་ཡོངས་ཁྱབ་ཐུབ་རྒྱུ་མངོན་འགྱུར་བྱུང་སྟེ་དུད་ཚང་ལ་རྣམ་གྲངས་ཡོད་པ་དང་། གྲོང་ཚོར་ཐོན་ལས་ཡོད་པ། ཡོང་འབབ་མངོན་གསལ་དོད་པ་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་ཀྱི་རྣམ་པ་ཞིག་གཞི་རྩའི་ཆ་ནས་གྲུབ་ནས་མང་ཚོགས་དབུལ་པོའི་ཡོང་འབབ་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད།
ལས་ཞུགས་དབུལ་སྐྱོར་ལ་དམིགས་ནས་སྲ་བརྟན་མཐོར་གཏོང་ལ་དམ་འཛིན་བྱེད་པ།
ཉིང་ཁྲི་གྲོང་ཁྱེར་གྱིས་མང་ཚོགས་དབུལ་པོར་ལས་ཞུགས་གཞན་སྒྱུར་ཐུབ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དུ་འཛིན་རྒྱུ་མུ་མཐུད་མཐའ་འཁྱོངས་ཀྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་མཛུབ་ཁྲིད་དང་སྟབས་བསྟུན་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་སློབ་གྲྭ་ཆེ་མོ་བ་ལས་ཞུགས་ལས་གཏོད་ཡོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་ལས་བྱེད་པའི“གཅིག་གཏད་མང”དང་རྫོང་རིམ་པའི་འགོ་ཁྲིད་དང་ལས་བྱེད་པའི“གཅིག་གཏད་གཅིག”གི་དབུལ་སྐྱོར་ལས་ཞུགས་ལམ་སྲོལ་བཙུགས་ཏེ་ཁྱིམ་ཚང་དབུལ་པོའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་ཡོང་རྒྱུར་ཚད་གཞི་མཐོ་པོའི་ངང་སྐུལ་འདེད་བཏང་བས་ལོ་ཧྲིལ་པོར་གྲོང་ཁྱེར་རིམ་པའི་འགོ་ཁྲིད་37གྱིས་སྣེ་ཁྲིད་པ་དང་རིམ་ཁག་སྡེ་ཚན་ཁག་གི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་ཐུན་མོང་ཐོག་ནུས་ཤུགས་བཏོན་ནས་ཁྱིམ་ཚང་དབུལ་པོའི་མཐོ་སློབ་སློབ་ཐོན་སློབ་མ་212ལ་དབུལ་སྐྱོར་བྱས་པས་ཚང་མ་ལས་ཞུགས་ཐུབ་ཡོད།
ཞན་ཆ་སེལ་རྒྱུར་དམིགས་ནས་སྲ་བརྟན་མཐོར་གཏོང་ལ་དམ་འཛིན་བྱེད་པ།
ཉིང་ཁྲི་གྲོང་ཁྱེར་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཐོན་སྐྱེད་དང་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.69བཀོད་སྒྲིག་བྱས་ནས་གཙོ་བོ་མང་ཚོགས་ཀྱི་འགྲོ་སྐྱོད་དང་འཐུང་ཆུ་སྟབས་བདེ་མེད་པ་དང་ཆ་འཕྲིན་སྤེལ་རེས་ལ་འགོག་རྐྱེན་བཟོ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་དང་འཐུང་ཆུའི་བདེ་འཇགས་ལ་ཆད་བཤེར་དང་ཆད་གསབ་བྱེད་ཤུགས་ཆེ་རུ་བཏང་ཡོད། 2019ལོའི་ཟླ་12བར་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་1214སྒྱུར་བཀོད་བྱས་པ་དང་། གྲོང་མི་དུད་ཚང་12348ཀྱི་ཁང་པའི་ཐོག་སྒྱུར་བཀོད་བྱས་པས་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྡོད་ཁང་བདེ་འཇགས་ལྡན་ཚད་100%ཟིན་ཡོད། རིམ་རྩིས་བྱས་ན་སྲིད་འཛིན་གྲོང་ཚོ་489དང་རང་བྱུང་གྲོང་ཚོ(ཚོགས་ཆུང)942ཀྱི་ཁྱོན་བསྡོམས་དུད་ཚང་ཁྲི་3.22དང་། མི་ཁྲི་13.63གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་པས་གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་ལྡན་ཚད་100%ཟིན་ཡོད།
གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་258དང་སློབ་གྲྭར་མ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བྱིས་པ་སློབ་ཞུགས་ཐུབ་ཚད་89.83%དང་། སློབ་ཆུང་གི་སློབ་ཞུགས་གཙང་མ་ཐུབ་ཚད་99.97% སློབ་འབྲིང་གི་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་104.15% མཐོ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་ཞུགས་ཐུབ་ཚད་93.45%བཅས་ཟིན་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་སློབ་ལོ་ལོན་པའི་བྱིས་པ་དང་གཞོན་ནུ་ལོ་ཆུང་ཚང་མ་སློབ་ཞུགས་ཐུབ་ཡོད།
དམངས་ཕན་སྲིད་ཇུས་ལ་དམིགས་ནས་སྲ་བརྟན་མཐོར་གཏོང་ལ་དམ་འཛིན་བྱེད་པ།
ཉིང་ཁྲི་གྲོང་ཁྱེར་གྱིས་འོས་འགན་སློབ་གསོ་འགན་ལེན་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་འོས་འགན་སློབ་གསོའི་དུས་མཚམས་ཀྱི“འགན་ལེན་གསུམ”གྱི་གྲོན་དངུལ་དང་། འཚོ་བཅུད་ལེགས་གཏོང་གི་འཆར་གཞིའི་མ་དངུལ། ལོ་15ཡི་འོས་འགན་སློབ་གསོ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་2019ལོར་ཡིག་ཚགས་དང་གཱ་བཟོས་པའི་སློབ་གྲྭ་ཆེ་མོ་བའི་རིན་མེད་སློབ་གསོའི་ཁ་གསབ་སྲིད་ཇུས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་418.71དོན་འཁྱོལ་བྱས་པས་ཡིག་ཚགས་དང་གཱ་བཟོས་པའི་སློབ་གྲྭ་ཆེ་མོ་བ་766ལ་ཕན་པ་ཐོབ་ཡོད།
དབུལ་པོའི་སྨན་བཅོས་རོགས་སྐྱོར་གྱི་ཐོགས་མེད་བགྲོད་ལམ་སྔར་བས་ཤར་གཏོང་བྱས་ཏེ་རིམ་དབྱེའི་ནད་བརྟག་སྨན་བཅོས་དང“སྔོན་ལ་སྨན་ཁང་དུ་སྡོད་པ་དང་མཇུག་ཏུ་སྨན་རིན་རྩིས་རྒྱག་པའི”ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་མི་ཐེངས་1841ལ་སྨན་བཅོས་རོགས་སྐྱོར་བྱས་པར་མ་དངུལ་སྒོར་ཁྲི་663.58དོན་འཁྱོལ་བྱས་པ་དང་། མི་ཐེངས་21ལ་ནད་ཆེན་འགན་བཅོལ་རྩིས་ཞུ་བྱས་པར་མ་དངུལ་སྒོར་ཁྲི་73.07དོན་འཁྱོལ་བྱས་ཡོད། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ལ་དམིགས་ཏེ་རོགས་སྐྱོར་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི་330.88སྤྲད་པས་མང་ཚོགས་དུད་ཚང་596ཡི་མི་1536ལ་ཕན་པ་ཐོབ་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་དངུལ་སྒོར་ཁྲི་660.93སྤྲད་པར་མང་ཚོགས་1088ལ་ཕན་པ་ཐོབ་པ། དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དངུལ་སྒོར་ཁྲི་745.2དོན་འཁྱོལ་བྱས་པ་དེ་མང་ཚོགས་མི་ཐེངས་6285དང་འབྲེལ་བ་ཡོད་པ། དབང་པོ་སྐྱོན་ཅན་གྱི་ནད་སྐྱོང་ཁ་གསབ་དངུལ་སྒོར་ཁྲི་562.8དོན་འཁྱོལ་བྱས་པ་དེ་མང་ཚོགས་མི་ཐེངས་2345དང་འབྲེལ་བ་ཡོད་པ་བཅས་དབུལ་སྐྱོར་བྱེད་དགོས་རིགས་ཚང་མར་དབུལ་སྐྱོར་དང་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱུང་ཡོད།