ཉེ་ཆར། ཁ་རུབ་ཆུས་ལྷ་ཐོག་ཤང་དགོན་གཤིས་གྲོང་ཚོས་ཞིང་འབྲོག་ཐོན་རྫས་བརྒྱུད་སྐྱེལ་ས་ཚིགས་ཀྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་གཉེར་བ་རེད། ད་ཐེངས་ཀྱི་ཁེ་སྤོགས་བགོ་བཤའ་རྒྱག་པ་དེ་ཡིག་ཚགས་དང་གཱ་མ་བཟོས་པའི་དུད་ཚང་རེར་སྒོར་8800དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་རེར་སྒོར་9800སྤྲོད་པའི་ཚད་གཞི་གཞིར་བཟུང་བགོ་བཤའ་བརྒྱབ་པ་རེད། དགོན་གཤིས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཕུར་བུ་བཀྲ་ཤིས་ཀྱི་ཁྱིམ་ལ་ཡང་དངུལ་སྨར་སྒོར་9800རག་ཡོད་ཅིང་། ཁོང་གིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་ད་ཆ་ངའི་ཁྱིམ་ཚང་དངོས་འབྲེལ་དབུལ་ཞྭ་ཕུད་ཐུབ་པ་མ་ཟད། ད་དུང་གྲོང་ཚོ་དེའི་མང་ཚོགས་དབུལ་པོ་111ཚང་མའི་དབུལ་ཞྭ་ཕུད་ཡོད་ཅེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཁ་རུབ་ཆུས་ཀྱིས་ཞིང་འབྲོག་ཁུལ་གྱི་ཚོང་དོན་འཁོར་རྒྱུག་རིགས་ཀྱི་ཐོན་ལས་རྣམ་གྲངས་ཀྱི་ཞན་ཆ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ལྷ་ཐོག་ཤང་དགོན་གཤིས་གྲོང་ཚོ་དང་རོབ་པ་ཤང་ཁ་སྟོད་གྲོང་ཚོ་སོགས་སྲིད་འཛིན་གྲོང་ཚོ་10ལ་ཞིང་འབྲོག་ཐོན་རྫས་བརྒྱུད་སྐྱེལ་ས་ཚིགས་བཙུགས་པ་དང་། མིག་སྔར། བརྒྱུད་སྐྱེལ་ས་ཚིགས་6བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་ཐོན་ལས་འབབ་འཕར་སྒོར་ཁྲི་200ཙམ་བྱུང་ཡོད་པ་རེད།