དབུ་ཤོག>ཆེད་སྒྲིག
  • སྐལ་བཟང་མེ་ཏོག་མཚར་སྡུག་ལྡན། དེ་བས་ཕྱུག་འགྱུར་འཛུམ་མདངས་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2020-03-13

    རྣམ་གླིང་རྫོང་སོག་ཆེན་ཤང་བསམ་གླིང་གྲོང་ཚོར་སླེབས་དུས། བློ་བཟང་སྒྲོལ་མའི་ཟ་ཁང་དུ་མི་ཚང་མ་མཉམ་དུ་དྲོ་སོབ་སོབ་ཀྱི་ཐབ་ཀར་བསྐོར་ནས་ལོ་གཅིག་གི་ཡོང་འབབ་སྐོར་གླེང་བཞིན་འདུག བློ་བཟང་སྒྲོལ་མས་སྐུ་མགྲོན་ཚོར་ཇ་བླུག་པ་དང་། ཁ་ལག་བཟོ་བ། དངུལ་བསྡུ་བ་སོགས་ལ་བྲེལ་བཞིན་འདུག་ལ། སྐབས་རེར་ཚང་མའི་གླེང་མོལ་ལ་བརྡ་ལན་སློག་བཞིན་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

    ད་ཆའི་བློ་བཟང་སྒྲོལ་མས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་འཆང་བཞིན། དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་ཆེན་དུ་བསྐྱོད་པ་མ་ཟད། གྲོང་ཚོའི་དུད་ཚང་དབུལ་པོས་འཚང་ཁ་ཤིག་ཤིག་ངང་སློབ་སྦྱོང་བྱེད་སའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་མིག་དཔེར་གྱུར་ཡོད།

    “དབུལ་སྐྱོར་ལས་བྱེད་པས་རང་ཉིད་ལ་དཀའ་ངལ་ལས་སྒྲོལ་བའི་སེམས་ཤུགས་བྱིན་བྱུང་། 2014ལོར་ཁྱོ་གར་དོན་རྐྱེན་ཐོན་པ་དང་། ཨ་མ་ནད་ཀྱིས་མནར་བ། ཕྲུ་གུ་ལོ་ན་ཕྲ་བ་སོགས་གློ་བུར་ཐོག་རྒྱག་ལ་བྱུང་བའི་ཆག་སྒོ་མང་པོ་ཞིག་གིས་ང་རང་དཀའ་ཚེགས་ཀྱི་གནས་སུ་གྱར་ནས་འཚོ་བར་ཡིད་ཐང་ཆད་སོང”ཞེས་བློ་བཟང་སྒྲོལ་མས་ཕྱིར་དྲན་བྱེད་བཞིན་བརྗོད།

    གནས་ཚུལ་དེ་ཤེས་རྗེས། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ལས་བྱེད་པས་གནད་སྨིན་དབུལ་སྒྲོལ་ལས་དོན་གྱི་བླང་བྱར་གཞིགས་ཏེ། ཁོ་མོ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་ཅིང་། སྣོད་བཅུད་ལས་གནས་དང་གྲོང་གསེབ་མཉམ་ལས་སྨན་བཅོས་གསར་པ་སོགས་སྲིད་ཇུས་རབ་དང་རིམ་པར་བརྟེན་ནས་བློ་བཟང་སྒྲོལ་མས་ཨ་མར་སྨན་བཅོས་བྱེད་པ་དང་ཕྲུ་གུ་གཉིས་གསོ་བའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

    2016ལོར། ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འགན་འཁུར་བློ་མཐུན་གཙོ་བོས་ཆ་སྒྲིག་རོགས་སྐྱོར་གྱི་འགན་འཁྲི་ཁུར་ཏེ། དུད་ཚང་དུ་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཁོ་མོར་ཟ་ཁང་ཆུང་ཆུང་ཞིག་གཉེར་རྒྱུའི་སྐུལ་ལྕག་བྱས་པ་མ་ཟད། མ་རྩ་སྒོར་ཁྲི་1ལྷག་གཏོང་རོགས་བྱས་པ་ལས། བློ་བཟང་སྒྲོལ་མས་མཛེས་སྡུག་ལྡན་པའི་འཚོ་བར་འདུན་པ་གསར་པ་བཅངས་པ་རེད།

    དེ་དང་ཆབས་ཅིག གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་བློ་བཟང་སྒྲོལ་མ་ལྷ་སར་ཕྱིན་ནས་མ་བྱན་ལག་རྩལ་གྱི་གསོ་སྦྱོང་ལ་ཞུགས་ཏེ་ཇ་མངར་མོ་དང་བོད་ཟས་བཟོ་བའི་ལག་རྩལ་ཡག་པོ་ཞིག་སྦྱོངས་ཐུབ་ཡོད་ལ། ཤང་གི་ལས་བྱེད་པས་འབྲེལ་ཡོད་འགྲོ་ལུགས་སྒྲུབ་རོགས་བྱས་པས་བློ་བཟང་སྒྲོལ་མའི་བོད་ཟས་ཟ་ཁང་བདེ་བླག་ངང་སྒོ་ཕྱེ་ཐུབ་པ་རེད།

    ཟ་ཁང་གི་ཞབས་འདེགས་ལེགས་སུ་གཏོང་ཆེད། བློ་བཟང་སྒྲོལ་མས་སློབ་སྦྱོང་དང་ལས་ཀ་བྱེད་ཕོད་པ་དང་། འཕྲོད་བསྟེན་ལ་དོ་སྣང་། རིན་གོང་འཚམ་པོ་བཅས་ལས་ཟ་ཁང་གི་ཡོང་འབབ་དང་བློ་བཟང་སྒྲོལ་མའི་ཕྱུག་འགྱུར་སྤྲོ་སེམས་ཆུ་ཆེ་ན་གྲུ་མཐོ་བའི་དཔེ་ལྟར་ཟླ་རེར་ཁེ་གཙང་སྒོར་5000ལྷག་བྱུང་བ་དང་། 2019ལོའི་ཟླ་8པར་བློ་བཟང་སྒྲོལ་མའི་ཁྱིམ་གྱིས་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་ལ་དུད་ཚང་དབུལ་པོ་ནས་འདོན་པའི་རེ་འདུན་ཞུ་ཡིག་ཕུལ་བ་རེད།

    ཏང་གི་སྲིད་ཇུས་ཡག་པོ་དང་། དབུལ་སྐྱོར་ལས་བྱེད་པའི་རོགས་རམ། རང་ངོས་ཀྱི་འབད་འཐབ་བཅས་བརྒྱུད། བློ་བཟང་སྒྲོལ་མའི“གཞན་རྟེན་དབུལ་སྒྲོལ”ནས“རང་རྟེན་དབུལ་སྒྲོལ”བར་གྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དང་། དུད་ཚང་དབུལ་པོ་ནས་ཕྱུག་འགྱུར་སྣེ་ཁྲིད་པའི་བར་གྱི་བྱ་སྤྱོད་ལ་འགྱུར་ལྡོག་བྱུང་བ། མང་ཚོགས་དཀྱུས་མ་ནས་ཏང་རྩ་འཛུགས་ལ་ཉེ་བཅར་བར་གྱི་བསམ་བློར་འགྱུར་ལྡོག་བཅས་བྱུང་ཡོད། རྣམ་གླིང་རྫོང་སོག་ཆེན་ཤང་གི་དབུལ་སྒྲོལ་སྤེལ་རེས་ཚོགས་འདུའི་ཐོག་བློ་བཟང་སྒྲོལ་མས་གདེང་ཚོད་ཀྱིས་ཁེངས་བཞིན་དུ“སླད་ཕྱིན་ངས་ད་དུང་ཚོང་གཉེར་ཁྱབ་ཁོངས་རྒྱ་སྐྱེད་བཏང་སྟེ། དུད་ཚང་དབུལ་པོ་དེ་བས་མང་བའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་ནས། ཏང་ལ་དྲིན་ལན་འཇལ་གྱི་ཡིན”ཞེས་བརྗོད།

    གྲོང་མི་ཚོས་བརྗོད་དོན། སྐལ་བཟང་མེ་ཏོག་མཚར་སྡུག་ལྡན། དེ་བས་དུད་ཚང་དབུལ་པོའི་ངོ་གདོང་ནས་འཕྱུར་བའི་འཛུམ་མདངས་མཛེས་ཤིང་། ཏང་གི་གཟི་འོད་འོག དུད་ཚང་དབུལ་པོ་རེ་རེ་བཞིན་གྱི་འཛུམ་མདངས་དག་འབྱོར་འབྲིང་ལམ་བུར་བསྐྱོད་པའི་ལམ་རྒྱུད་ཀྱི་ཡུལ་ལྗོངས་མཛེས་ཤོས་སུ་གྱུར་ངེས་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།