སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ནུས་པ་བྱེད་དགོས་པ་གཏིང་ཟབ་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་འབུར་དུ་བཏོན་པ་དང་། གུང་ཁྲན་ཏང་མིའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བར་བསམ་བློ་དང་བྱ་སྤྱོད་ཀྱི་སྟོབས་ཤུགས་ཆེན་པོ་བསྣན་ཡོད།
འགན་འཁྲིར་བརྟེན་ནས་འགན་འཁུར་ལ་འབོད་སྐུལ་བྱེད་པ་དང་། ལས་འགན་ལ་བརྟེན་ནས་འབྱུང་འགྱུར་ལ་ཁྲིད་སྟོན་བྱེད། རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་ནན་བཤད་གནང་དོན། རྒྱུན་འཁྱོངས་ལྷོད་མེད་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ནུས་པ་དང་། དུས་རབས་གསར་པར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལས་འགན་མཐའ་གཅིག་ཏུ་ཕྲག་ཏུ་འཁུར་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་གཏོང་རྒྱུན་མཐུད་བྱེད་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འགན་འཁྲི་འཁུར་ཕོད་པའི་བརྩོན་ཤུགས་སྔར་བས་སྐུལ་སྤེལ་བྱེད་པ། དཀའ་ངལ་ལ་གདོང་གཏུག་ནུས་པ་དང་འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པ། འགྱུར་མེད་དམ་བཅའ་བརྟན་པོར་བཞག་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་གསུམ་གྱི་བྱ་གཞག་ཁག་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བ་བཅས་བྱེད་དགོས།
རྒྱུན་འཁྱོངས་ལྷོད་མེད་ཀྱི་འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ནུས་པ་བྱེད་པར་དངོས་སྒྲུབ་ཁྲོད་ལས་འགན་འཁུར་ནུས་པ་དང་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལྗོངས་ཏང་ཨུད་ཀྱིས་ཁ་གསལ་བཟོས་པའི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་འདི་ལོའི་གཙོ་གནད་ལས་དོན་གསུམ་ལ་དམ་པོར་དམིགས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་དང་། འགོ་ཁྲིད་ཀྱི་འགན་འཁྲི། ལས་ཀའི་འགན་འཁྲི་བཅས་མཐའ་གཅིག་ཏུ་ཕྲག་ཏུ་འཁུར་བ་དང་། སྣང་བ་མི་གཡེང་བ་དང་། ལྷོད་གཡེང་མི་བྱེད་པ། རང་བློ་མི་ཁེངས་པ། བརྩོན་པ་མི་ལྷོད་པ། འགན་འཁྲིའི་འདུ་ཤེས་དང་། ལས་འགན་གྱི་འདུ་ཤེས། ཡར་བརྩོན་གྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། དཀའ་སྤྱད་འབད་བརྩོན་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་ལེགས་གྲུབ་བྱས་ཐོག ཐོག་མའི་བསམ་འདུན་གྱི་ལས་འགན་དེ་མངའ་ཁོངས་སྲུང་བའི་འགན་འཁྲི་དང་མངའ་ཁོངས་སྲུང་བའི་དོན་དངོས་ཀྱི་བྱ་སྤྱོད་ལ་ཏན་ཏིག་སྒྱུར་དགོས།
རྒྱུན་འཁྱོངས་ལྷོད་མེད་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ནུས་པ་བྱེད་པར་འཐབ་རྩོད་བྱེད་རིང་སྙིང་སྟོབས་འཕེལ་བ་དང་ཉེན་ཁ་དང་འགྲན་སློང་ལ་ཐད་ཀར་གདོང་གཏུག་ཕོད་པ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་མཐུད་དར་སྤེལ་བཏང་ནས། མ་བྱུང་སྔོན་འགོག་རྩ་དོན་དུ་བརྩིས་ནས་ལས་དོན་སྤེལ་བ་དང་། གནད་དོན་ཆེན་པོ་མ་ཐོན་སྔོན་འགོག་ལ་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་ལས་འགན་སྒྲུབ་ནུས་པ་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་མེད་པར་བཟོ་བ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ལ་ཁྲིད་སྟོན་བྱས་ཐོག མང་ཚོགས་ལ་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་སྒྱུར་བ་དང“ཚེ་ཕྱི་མ་དོན་གཉེར་བྱེད་པ”ནས་ད་ཆའི་འཚོ་བ་ཡག་པོ་སྐྱེལ་བར་སྐུལ་སྤེལ་རྒྱུན་མཐུད་གཏོང་དགོས།