དབུ་ཤོག>ཆེད་སྒྲིག
  • “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན་གསལ་འགྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-15

    གྲུབ་འབྲས་གལ་ཆེན་6

    ● རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས་བསམ་སྤྱོད་གཅིག་གྱུར་གྱི་འཇོན་ཐང་ཆེ་རུ་ཕྱིན་པ།

    ● རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཕྱིན་པ།

    ● རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ལས་སྒྲུབ་གསར་གཏོད་དང་རང་འགན་ཐེག་པ་ཁུར་ལེན་གྱི་བློ་སྟོབས་རྒྱས་ཤིང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་བ།

    ● རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ།

    ● རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཏོད་པ།

    ● རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་རྩ་བར་གཡོ་འགུལ་ཐེབས་སྲིད་པ་དང་ཏང་གི་བྱ་གཞག་ལ་འགལ་རྐྱེན་བཟོ་སྲིད་པའི་རྒྱུ་རྐྱེན་འགའ་ཞིག་བསལ་བ།

    ངེས་པར་དུ་སྒྲུབ་དགོས་པ་6

    ★ ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་ངེས་པར་དུ་ཏང་འཛུགས་སྐྱོང་གི་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས།

    ★ ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བར། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱེད་དགོས།

    ★ ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར། ངེས་པར་དུ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་བློ་སྟོབས་དང་གྲི་དངོ་ནང་གཏད་ཀྱི་རང་རྟོགས་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    ★ ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱེད་དགོས།

    ★ ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར། ངེས་པར་དུ་ཏང་ནང་ཁུལ་གྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་བཏང་སྟེ་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས།

    ★ ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར། ངེས་པར་དུ་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་མཐའ་འཁྱོངས་བྱེད་དགོས།

    ཉམས་མྱོང་གསར་པ་6

    ◆ གཅིག་ནས་བརྗོད་དོན་གཙོ་བོར་གཞིགས་པ་དང་གཙོ་རྐང་ལ་དམ་པོར་དམིགས་པ། སློབ་སྦྱོང་སློབ་གསོ། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་བརྗོད་དོན་གཙོ་བོ་དང་། གཙོ་རྐང་། སྤྱིའི་བླང་བྱ་བཅས་དང་འབྲེལ་བ་དམ་ཟབ་བྱས་ནས་སྤེལ་བ་དང་། སློབ་སྦྱོང་དང་ཚད་ལོན་ཐ་དད་དུ་གྱུར་པའི་གནད་དོན་ཁྱད་བསད་བྱས་ནས་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་ཏན་ཏིག་སྤེལ་བའི་འགན་ལེན་བྱས་པ།

    ◆ གཉིས་ནས་གོང་གིས་འོག་ལ་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་བྱས་ཏེ“འགག་རྩ་ཉུང་ཤས”ཀྱིས“མང་ཆེ་བར”དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་། སྒྲིག་འཛུགས་ཇུས་འགོད་ཞིབ་ཚགས་དང་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་འགོ་ནས་མཇུག་བར་ཁྱབ་པ་དང་དོན་འཁྱོལ་ཏན་ཏིག་བྱས་པ།

    ◆ གསུམ་ནས་མཉམ་འདྲེས་དམ་ཟབ་དང་གཞི་གཅིག་སྐུལ་འདེད་བཏང་ནས་སློབ་སྦྱོང་དང་ཚད་ལོན་ཟུང་འབྲེལ་དང་། ཞིབ་བཤེར་དང་དག་ཐེར་སྦྲེལ་མཐུད། སློབ་སྦྱོང་བྱེད་ཞོར་ཞིབ་འཇུག་དང་ཞིབ་བཤེར་བྱེད་ཞོར་དག་ཐེར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོ་རུ་དང་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་བཏང་བ།

    ◆ བཞི་ནས་གནད་དོན་ལ་དམ་པོར་དམིགས་པ་དང་གནད་སྨིན་དག་ཐེར་བྱས་ནས་དོན་ཚན་ཁག་རེ་རེ་བཞིན་གྱི་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། གནད་དོན་ཐག་གཅོད་མ་ཐུབ་ན་ལྷོད་གཡེང་མི་གཏོང་བ་དང་། ཐག་གཅོད་མཐར་ཕྱིན་མ་ཐུབ་ན་སྤེལ་མཚམས་མི་འཇོག་པ། མང་ཚོགས་ཀྱི་ཁས་ལེན་མ་ཐོབ་ན་མཚམས་མི་འཇོག་པ་བཅས་བྱས་ནས་ཐོབ་པའི་གྲུབ་འབྲས་ལ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐུབ་པའི་འགན་ལེན་བྱས་པ།

    ◆ ལྔ་ནས་ལྟ་སྐུལ་མཛུབ་ཁྲིད་ནན་པོ་དང་ཕྱི་ནང་ཤུགས་འདོན་དང་། སྲིད་ཇུས་ཞིབ་འཇུག་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རིམ་དབྱེ་རིགས་དབྱེས་སྐུལ་འདེད་གཏོང་བ། འགན་འཁྲི་ལྕི་རུ་དང་ནན་དུ་གཏོང་བ། སྒོ་མོ་ཡངས་པོར་འབྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མང་ཚོགས་ཞུགས་པ་དང་། ལྟ་སྐུལ། དཔྱད་བསྡུར་བཅས་བྱེད་དུ་བཅུག་པ།

    ◆ དྲུག་ནས་ཟོལ་སྦྱོར་སྤོང་གང་ཐུབ་དང་ཕན་འབྲས་དངོས་དོན་གཉེར་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ་མངོན་གསལ་དོད་པའི་བླང་བྱར་བརྩི་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི”ལོའི་བླང་བྱ་ཁག་དོན་འཁྱོལ་དང་ཟུང་འབྲེལ། གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་བྱེད་སྟངས་ཕྱི་ཚུལ་རིང་ལུགས་ཀྱི་འཆིང་རྒྱ་ལས་སྒྲོལ་བ། ལས་དོན་ཏན་ཏིག་དང་གནད་ལ་འཁེལ་བ་སྒྲུབ་པ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།