དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས་བྱེད་ཐབས་སྣ་མང་ཐོག་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།   |     སྤེལ་དུས།  2019-10-08

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ནང་ཞུགས་མཁན་ཚན་པ་དང་མི་སྣ་མང་བ་དང་། རིགས་མང་བ། གྲངས་འབོར་མང་བ། གནས་ཚུལ་རྙོག་འཛིང་ཆེ་བ་བཅས་ཀྱི་དོན་དངོས་ལ་དམིགས་ནས། རང་ལྗོངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་སྦྱོང་སློབ་གསོ་ཤུགས་ཆེན་སྤེལ་ནས་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་། གོ་ཆོད་རང་བཞིན། ཡིད་དབང་འགུག་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། 

    གཙོ་རྐང་ལ་དམིགས་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ། ཏང་ཨུད(ཏང་ཙུའུ)ཁག་གི་འགོ་ཁྲིད་ཨང་དང་པོས“སྣེ་འཁྲིད་པའི”ནུས་པ་འདོན་པ་དང་། ཚན་ཁག་གི་ཁོངས་མིས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་པ། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་རྗེས་སུ་སྙེགས་པ་བཅས་བྱས་ནས། སྒེར་གྱི་རང་སྦྱོང་དང་། ཏང་ཨུད(ཏང་ཙུའུ)ཀྱི་རྒྱ་ཆེའི་ཚོགས་འདུ། རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། ཆེད་དོན་སློབ་སྦྱོང་ཚོགས་འདུ། དཔེ་ཀློག་འཛིན་གྲྭ་སོགས་ཀྱི་བྱེད་སྟངས་བརྒྱུད། སེམས་རྣལ་དུ་ཕབ་ནས་ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱིས་གཏན་འབེབས་བྱས་པའི་སློབ་སྦྱོང་གི་དཀར་ཆག་ཕྱོགས་ཡོངས་དང་། གོ་རིམ་ལྡན་པ། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ། ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། རྩོལ་ཤུགས་སྐྱེ་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་བྱས་ཡོད། 

    བགྲོ་གླེང་དང་སྤེལ་རེས་བྱས་ནས་ཆེད་དོན་སློབ་སྦྱོང་བྱེད་པ། ས་ཁུལ(གྲོང་ཁྱེར)ཁག་གི་སྡེ་ཚན་ཁག་དང་ཚན་པ་ཁག་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། སྲུང་སྐྱོང་གཉིས་ཐུབ་པ”དང“ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ”སོགས་ཀྱི་ཆེད་དོན་དྲུག་ལ་དམ་པོར་དམིགས་ནས་དུས་གཅིག་ཏུ་དང་བློ་ནུས་གཅིག་སྒྲིལ་གྱིས་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་བྱས་ཡོད། ཕན་ཚུན་བློ་འབྱེད་དང་མཉམ་དུ་ཡར་རྒྱས་ཡོང་བ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་སྔར་བས་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་སྔར་བས་མཛུབ་ཁྲིད། ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ཡོད། གཞུང་ཁོངས་ཁེ་ལས་དང་། གསར་གཉིས་རྩ་འཛུགས། དགོན་སྡེ་དོ་དམ་ཨུ་ལྷན་སོགས་རང་ཁྱབ་ཁོངས་ཀྱི་ལས་དོན་སྐོར་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་བགྲོ་གླེང་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་ཁྱབ་ཁོངས་སུ་རྩ་བ་ཚུགས་པ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། 

    གཞི་རྟེན་གསར་གཏོད་བྱས་ནས་སྟབས་བསྟུན་ངང་སློབ་སྦྱོང་བྱེད་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའི་ཧྲུའུ་ཅི་གསོ་སྦྱོང་དང་། རིགས་གཅིག་མཁས་ཅན་གྱི་ཟུར་ཁྲིད། སྒྲོག་འགྲེལ་སློབ་སྦྱོང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ། ཏང་གཤིས་སློབ་གསོ། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་སློབ་གསོ་སོགས་རྒྱ་ཁྱབ་ངང་སྤེལ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་ཡང་དག་ཆུད་པ། ལག་ལེན་དུ་འཁྱོལ་བ་བཅས་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་ཡུན་ཉིན་གཉིས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཏང་ཀྲི་པུའི་ཧྲུའུ་ཅིའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས། གཞི་རིམ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་1000ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། ས་ཁུལ(གྲོང་ཁྱེར)ཁག་གིས་ས་གནས་དེ་རང་གི་ཏང་གི་སློབ་གྲྭར་ས་གནས་དེ་གའི་ཏང་ཀྲི་པུའི་ཧྲུའུ་ཅིར་གཅིག་སྡུད་རེས་སྐོར་གསོ་སྦྱོང་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།