དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱིས་ཚད་གཞི་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-24

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། བྱ་སྤྱོད་མྱུར་སྤེལ། སྤྱི་འདོམས་འཆར་འགོད་བཅས་བྱས་ཏེ་སྟབས་བསྟུན་སྣ་མང་གི་བྱ་ཐབས་སྤྱད་ནས་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་བཏང་ཡོད། 

    ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་དང་། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ། རྒྱུན་ཨུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་སོགས་སྟབས་བསྟུན་སྣ་མང་གི་བྱ་ཐབས་སྤྱད་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་འཚོགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་ཆེད་དོན་བཀོད་སྒྲིག་བྱས་པ་རེད། 

    ཇུས་གཞི་ཞིབ་ཚགས་བཟོས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་། 《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བརྟག་ཞིབ་དབྱེ་ཞིབ་ལ་ཤུགས་སྣོན་དང་རིམ་དབྱེ་རིགས་དབྱེ་ལག་བསྟར་ལ་མཐོང་ཆེན་བྱས་ནས་ཀྲུང་དབྱང་གི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི་བླང་བྱ། ཡུལ་དེའི་དོན་དངོས་དང་མཐུན་པ་བཅས་ཀྱི་ལག་བསྟར་ཇུས་གཞིའམ་ཡང་ན་ལས་དོན་གྱི་ཇུས་གཞི་ཞིབ་འཇུག་ནན་ཏན་གྱིས་བཟོས་པ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་དང་། གཙོ་གནད་ནང་དོན། བྱེད་ལུགས་བྱེད་སྟངས། གཞི་རྩའི་བླང་བྱ་བཅས་ཁ་གསལ་བཏོན་ཡོད། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱིས་ལས་དོན་གྱི་ཇུས་གཞི་ནན་ཏན་ངང་ཞིབ་འཇུག་བྱས་ནས་བཟོས་པ་དང་། གཞིས་རྩེ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་འཆར་གཞི་དང་དུས་ཚོད་ཀྱི་རེའུ་མིག་བཟོས་པ་རེད། 

    སྐོར་སྐྱོད་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཁྱད་ཆོས་ལ་གཞིགས་ནས། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། འགན་འཁྲི་ཁུར་སེམས་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་བློ་མཐུན་ཧྲག་སྒྲུག་བརྒྱབ་ནས་བརྗོད་དོན་གཙོ་བོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཙུགས་ཏེ་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཡོད། ལྷ་ས་གྲོང་ཨུད་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་6བཙུགས་པའི་ཁྲོད་ཚོགས་ཆུང་4ཡི་ཙུའུ་ཀྲང་གྲོང་ཨུད་ཚན་ཁག་གི་ཁོངས་མིས་འགན་འཁུར་ཡོད། གཞིས་རྩེ་གྲོང་ཨུད་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་13བཙུགས་པ་དང་ཙུའུ་ཀྲང་ཚང་མ་གྲོང་ཨུད་ཀྱི་རྒྱུན་ཨུས་འགན་འཁུར་ཡོད། ལྷོ་ཁ་གྲོང་ཨུད་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་11བཙུགས་པའི་ཁྲོད་ཚོགས་ཆུང་6གི་ཙུའུ་ཀྲང་གྲོང་ཨུད་ཀྱི་རྒྱུན་ཨུས་འགན་འཁུར་ཡོད། ཉིང་ཁྲི་གྲོང་ཨུད་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་7བཙུགས་པ་དང་ཙུའུ་ཀྲང་ཚང་མ་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པས་འགན་འཁུར་ཡོད། ཆབ་མདོ་གྲོང་ཨུད་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་11བཙུགས་པའི་ཁྲོད་ཚོགས་ཆུང་5ཡི་ཙུའུ་ཀྲང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པས་འགན་འཁུར་ཡོད། ནག་ཆུ་གྲོང་ཨུད་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་14བཙུགས་པའི་ཁྲོད་ཚོགས་ཆུང་5ཡི་ཙུའུ་ཀྲང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པས་འགན་འཁུར་ཡོད། མངའ་རིས་ས་ཨུད་ཀྱིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་8བཙུགས་པའི་ཁྲོད་ཚོགས་ཆུང་5ཡི་ཙུའུ་ཀྲང་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པས་འགན་འཁུར་ཡོད། མིག་སྔར་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་རྣམས་གཅིག་མཇུག་གཉིས་མཐུད་ངང་གྲོང་ཁྱེར་དང་ས་ཁུལ་ཐད་གཏོགས་ལས་ཁུངས་དང་། རྫོང(ཆུས) ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན། སློབ་གྲྭ ཁེ་ལས་བཅས་སུ་ལས་དོན་མཛུབ་ཁྲིད་བྱེད་པར་བསྐྱོད་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།