དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་གསུམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2019-09-17

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་ཚུན། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས། སྟོབས་ཤུགས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐོག་གཅིག་སྡུད་བྱས་ཏེ། གྲི་དངོ་ནང་དུ་གཏད་དེ་གནད་དོན་ཐག་གཅོད་དངོས་འབྲེལ་བྱེད་པ་དང་དག་ཐེར་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཕྱོགས་ཁག་གི་ལས་དོན་ལ་རྣམ་པ་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

    གྲི་དངོ་ནང་དུ་ཕྱོགས་ཏེ་གནད་དོན་གྱི་འབྱུང་རྩ་ཡང་དག་བཙལ་བ།

    རང་ངོས་ཞིབ་ལྟ་བྱེད་ཕོད་པ་བྱས་ནས་གནད་དོན་ཡང་དག་འཚོལ་བ་དང་འབྱུང་རྩ་བཙལ་འཚོལ་གཏིང་ཟབ་བྱས་ཤིང་། རང་ལྗོངས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་ལ་ཕྱོགས་ཏེ་དག་ཐེར་ལ་ཞིབ་ལྟ་བྱེད་པའི“གནད་འགག”ལ་དམ་འཛིན་ནན་པོ་བྱེད་པ་དང་། གཅོང་ནད་དང་སྐྱོན་ཆར“རལ་གྲི་འཕྱར”ཏེ་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད། རང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་གོང་དཔེ་འོག་སྟོན་དང་མིག་དཔེ་ཡག་པོ་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིབ་བསྡུར་བཞི”དང“བཙལ་འཚོལ་བཞིའི”བླང་བྱར་ནན་པོར་གཞིགས་ནས། གནད་དོན་བཙལ་འཚོལ་དང་ཞིབ་ལྟ་གཏིང་ཟབ་བྱས་ཏེ། དྲང་པོ་དྲང་གཞག་ངང་ཕན་ཚུན་དྲན་སྐུལ་དང་མངོན་གསལ་དོད་པའི་གནད་དོན་300ལྷག་ཙམ་གསེད་བཀྲོལ་བྱས་ཡོད་པ་རེད།

    རང་ལྗོངས་ཀྱི་ཚན་པ་ཁག་གི་འགོ་ཁྲིད་ཚན་ཁག་གིས་རང་ངོས་ལ་ཞིབ་ལྟ་བྱས་ཏེ་གནད་དོན་འཚོལ་བ་དང་དབྱེ་ཞིབ་བྱེད་པ་དང་། བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་ནས། གནད་དོན་30ལྷག་ཙམ་ལ་ཡོངས་ཁྱབ་ངང་ཞིབ་ལྟ་བྱས་ནས་དག་ཐེར་དོན་འཁྱོལ་ལ་གནད་སྨིན་གྱི་ཁ་ཕྱོགས་བསྟན་ཡོད་པ་རེད།

    དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་པ།

    ལྗོངས་ཏང་ཨུད་རྩ་འཛུགས་པུས་ལས་བྱེད་པའི་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་བྱེད་ཆེད། མི་སྣ་འདེམས་སྤྱོད་ཀྱི་ཁྲིད་སྟོན་གསལ་པོ་བཟོས་ནས། འདི་ལོ་ཚུན་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་དོན་སྒྲུབ་མ་ཐུབ་པའི་ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་འགོ་ཁྲིད་57འགོ་ཁྲིད་མ་ཡིན་པའི་ལས་གནས་ཐོག་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད་བརྗོད་དོན་གཙོ་བོའི་སློབ་གསོའི་རིང་ལས་བྱེད་པ་40ལེགས་སྒྲིག་བྱས་ཡོད།

    སྐོར་གཟིགས་སྐོར་ཞིབ་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དམིགས་ནས་དག་ཐེར་ལ་དམ་འཛིན་བྱས་ཤིང་། མིག་སྔར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ཚུར་ལན་སློག་པའི་དག་ཐེར་ལས་འགན་45དང་ཞིབ་ཕྲའི་གནད་དོན་179སྤྱིར་ན་དག་ཐེར་གྱི་བླང་བྱ་དང་འཚམ་ཡོད་ཅིང་། ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱིས་ཚུར་ལན་གནང་བའི་གནད་དོན་12དང་ཞིབ་ཕྲའི་དག་ཐེར་དོན་ཚན་34སྤྱིར་ན་དག་ཐེར་དོན་འཁྱོལ་བྱུང་བ་དང་། སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ལ་དུས་མཚམས་གོང་མའི་སྐོར་གཟིགས་རེས་སྐོར་ཐེངས་བཞི་བྱས་པའི་རིང་ཤེས་རྟོགས་ཐུབ་པའི་གནད་དོན་ཁྲོད་ནས་886དག་ཐེར་བྱས་ཟིན་པ་དང་དག་ཐེར་བྱེད་ཚད་87.4%ཟིན་ཡོད། བརྗོད་དོན་གཙོ་བོའི་སློབ་གསོའི་རིང་བཙལ་འཚོལ་ཐུབ་པའི་རིགས་ཁག་གི་གནད་དོན་3900ལྷག་ཙམ་དག་ཐེར་བྱས་པ་དང་དག་ཐེར་བྱེད་ཚད་60.9%ཟིན་ཡོད་པ་རེད།

    སེམས་ནུས་ཡོད་རྒུས་དམངས་ལ་ཞབས་འདེགས་ཞུས་པ།

    ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས“ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ”དེ་མི་དམངས་ཀྱི་བློ་ཡིད་ཚིམས་ཚད་མཐོ་རུ་གཏོང་བའི་ནང་དོན་གལ་ཆེན་ལ་བརྩིས་ནས་རྣམ་གྲངས་ཞིབ་མཆན་འགོད་པའི“ལམ་སྲོལ་ཆ་ཚང”ཞིག་མགྱོགས་མྱུར་བཟོས་པ་དང་། སྲིད་ཇུས་དང་བྱ་ཐབས་ཀྱི“ཐབས་ཤེས་ཆ་ཚང”ཞིག་བཟོས་ནས་འཐུས་ཚང་དུ་བཏང་བ། ཞིབ་མཆན་དོ་དམ་གྱི“མ་ལག་ཆ་ཚང”ཞིག་གསར་སྤེལ་བཅས་བྱས་པས། ཞབས་ཞུའི་ལས་ཕྱོད་ཆེ་རུ་སོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་ཕྱིན་ཡོད་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེས་རང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་གསར་པ་ཟམ་མི་ཆད་པར་བསྣན་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་བློ་དཀར་སེམས་དཀར། འགན་འཁྲི་ཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པ་བཅས་གསལ་འགྲེལ་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།