དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འབད་འབུངས་ཡར་བརྩོན་དང་ཡིད་ཆེས་ཀྱིས་ཁེངས་བཞིན་པར་མུ་མཐུད་ཀྲུང་གོ་གསར་པ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2019-09-14

    660774_yis_1568352044132.jpg

    ཟླ་9ཚེས་12ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་པེ་ཅིང་ཤང་ཧྲན་གསར་བརྗེའི་དྲན་གསོའི་གནས་སུ་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཧྲོང་ཆིང་སྤྲོ་ཁང་ལ་གཟིགས་བཞིན་པ།

    660773_yis_1568352043792.jpg

    ཟླ་9ཚེས་12ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་པེ་ཅིང་ཤང་ཧྲན་གསར་བརྗེའི་དྲན་གསོའི་གནས་སུ་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཤང་ཧྲན་གསར་བརྗེའི་དྲན་གསོ་ཁང་དུ《ཀྲུང་གོ་གསར་པའི་ཆེད་རྨང་གཞི་བཏིང》ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བཞིན་པ།

    ■ ང་ཚོས་ལོ་རྒྱུས་ཀྱི་དུས་མཚམས་དེར་རྗེས་དྲན་ཞུ་བ་ནི་གསར་བརྗེ་པ་རྒན་རབས་ཚོའི་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོངས་བ། དཀའ་སྤྱད་འབད་འཐབ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པར་བྱས་ནས“རྒྱུགས་འབུལ”གྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་དུས་རབས་གསར་པར་རྒྱུགས་ལན་ཡག་པོ་འབུལ་རྒྱུ་དེ་ཡིན།

    ཚེས་12ཉིན་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྔ་ནུབ་ཏུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཆེད་མངགས་ཀྲུང་གུང་ཀྲུང་དབྱང་གི་པེ་ཅིང་ཤང་ཧྲན་གསར་བརྗེའི་དྲན་གསོའི་གནས་སུ་ཕེབས་ནས་ཧྲོང་ཆིང་སྤྲོ་ཁང་དང་ལའེ་ཆིན་ཤོན་སོགས་གསར་བརྗེའི་གནས་རྙིང་མཇལ་བ་མ་ཟད། ཤང་ཧྲན་གསར་བརྗེའི་དྲན་གསོ་ཁང་དུ་གཟིགས་སྐོར་གནང་སྟེ《ཀྲུང་གོ་གསར་པའི་ཆེད་རྨང་གཞི་བཏིང》ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་གནང་སྟེ། རྒྱལ་ཡོངས་ཀྱི་རྒྱལ་ཁ་ཐོབ་པ་དང་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྲབས་འཛུགས་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་གནང་བ་དང་འབྲེལ་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་ཀྱི་རླབས་ཆེན་མཛད་རྗེས་ལ་དྲན་གསོ་གནང་བ་རེད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འབད་འབུངས་ཡར་བརྩོན་དང་གསར་འབྱེད་གསར་གཏོད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཡིད་ཆེས་ཀྱིས་ཁེངས་བཞིན་པར་མུ་མཐུད་ཀྲུང་གོ་གསར་པ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་བཏང་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་བྱེད་སྒོར་ཞུགས་ཡོད་པ་རེད།

    སྟོན་འགོའི་པེ་ཅིང་དུ་གནམ་གཤིས་ཚ་གྲང་སྙོམས་པ་དང་བཀྲ་ཤིས་རྟེན་འབྲེལ་གྱི་རྣམ་པས་ཁེངས་ཤིང་། ཚེས་12ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཀྲུང་ནན་ཧའེ་ནས་རླངས་འཁོར་ལ་བཞུགས་ཏེ་པེ་ཅིང་ནུབ་འདབས་སུ་གནས་པའི་ཤང་ཧྲན་སྤྱི་གླིང་གི་ཤང་ཧྲན་གསར་བརྗེའི་དྲན་གསོའི་གནས་སུ་ཕེབས་ནས་གཟིགས་ཞིབ་གནང་བ་རེད། དང་ཐོག་ཞི་ཅིན་ཕིང་ཧྲོང་ཆིང་སྤྲོ་ཁང་དུ་ཕེབས་ནས་བློ་མཐུན་མའོ་ཙེ་ཏུང་གི་དེ་སྔའི་གཞུང་ལས་ཁང་དང་བཞུགས་གནས་ལ་གཟིགས་པ་རེད། གསར་དུ་ཉམས་བཟོ་བྱས་པའི་ཧྲོང་ཆིང་སྤྲོ་ཁང་དེ་སྔར་ཡོད་ཀྱི་རྣམ་པ་ལྟར་ཡོད་ལ་སྔོ་ལྗང་གིས་བརྒྱན་ནས་དེ་བས་དབེན་འཇམ་ལྡན། སྤྲོ་ཁང་ནང་གི་གཞུང་ལས་ཁང་དང་། མགྲོན་བསུ་ཁང་། ཉལ་ཁང་། ཟ་ཁང་བཅས་སུ་བསྒྲིགས་པའི་འཛིན་ཆས་དང་། ཉལ་ཁྲིའི་ཐོག་གི་དཔེ་དེབ་དང་གྱང་ངོས་ཀྱི《ཀྲུང་གོའི་བཅིངས་འགྲོལ་ཁུལ་གྱི་གནས་ཚུལ་ས་བཀྲ》དང《པེ་ཅིང་ས་བཀྲ་ཆེ་མོ་གསར་པ》སོགས་ཀྱང་སྔོན་མའི་རྣམ་པ་ལྟར་ཡོད། ཞི་ཅིན་ཕིང་གིས་ཞིབ་ཕྲའི་ངང་གཟིགས་ཀྱིན་སྐབས་འགར་ལོ་རྒྱུས་ཀྱི་ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། སྤྲོ་ཁང་སྲུང་སྐྱོང་དང་། ཉམས་གསོ། རིག་དངོས་སྲུང་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་པར་ཐུགས་མགུ་པོ་གནང་བ་རེད།

    དེ་རྗེས་ཞི་ཅིན་ཕིང་གིས་ཐག་རིང་པོ་མེད་པའི་ལའེ་ཆིང་ཤོན་དུ་ཕེབས་ནས་བློ་མཐུན་ཀྲུའུ་ཏེ་དང་། ལིའུ་ཧྲའོ་ཆི། ཀྲའོ་ཨེན་ལེ། རེན་པི་ཧྲེ་བཅས་ཀྱི་གཞུང་ལས་ཁང་དང་བཞུགས་གནས་ལ་མཇལ་ཞིང་། ཚང་མ་དང་མཉམ་དུ་གསར་བརྗེ་པ་རྒན་རབས་ཚོ་དེ་སྔ་ཤང་ཧྲན་དུ་ཕྱག་ལས་དང་འཚོ་བའི་གནས་ཚུལ་དྲན་གསོ་གནང་བ་རེད།

    ལའེ་ཆིན་ཤོན་ནས་ཞལ་གྱེས་ཏེ་ཞི་ཅིན་ཕིང་ཤང་ཧྲན་རི་འདབས་ཀྱི་གསར་བརྗེའི་དྲན་གསོ་ཁང་དུ་ཕེབས་ནས《ཀྲུང་གོ་གསར་པའི་ཆེད་རྨང་གཞི་བཏིང་། ཀྲུང་གུང་ཀྲུང་དབྱང་པེ་ཅིང་ཤང་ཧྲན་དུ་ཡོད》ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་པ་རེད། གསར་དུ་བསྐྲུན་པའི་དྲན་གསོ་ཁང་དེ་བས་བརྗིད་ཉམས་ལྡན་ཞིང་། “ཀ་བཞི་གདུང་བརྒྱད”ལྡན་པའི་ཆར་གཡབ་ཀྱི་བཟོ་སྐྲུན་རྣམ་པ་ལས་ཏང་ཀྲུང་དབྱང་གིས་ཤང་ཧྲན་དུ་ཀྲུང་གོ་གསར་པའི་ཆེད་རྨང་གཞི་བརྟན་པོ་བཏིང་བ་མཚོན་ཡོད། བར་ཁྱམས་ཀྱི་ཀ་གདུང་28ལས་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་བཙུགས་པ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་བར་གྱི་ལོ་28ཀྱི་འབད་འཐབ་ཀྱི་ལོ་རྒྱུས་མཚོན་ཡོད། ཐང་ཆེན་ལྷོའི་ཐོག་གི་མཐོ་ཚད་སྨི་19.49ཡོད་པའི་རྒྱལ་དར་གྱི་དར་ཤིང་ཀྲོང་ངེར་གནས་པ་དེ་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་1949ལོར་དབུ་བརྙེས་པ་མཚོན་ཡོད། བརྗོད་དོན་གཙོ་བོའི་འགྲེམས་སྟོན་དེ“པེ་ཅིང་དུ་བསྐྱོད་ནས་རྒྱུགས་འབུལ་བྱེད”ཅེས་པ་དང་། “ཤང་ཧྲན་དུ་བཅའ་སྡོད་བྱེད”“ཀྲུང་གོ་ཡོངས་བཅིངས་འགྲོལ་གཏོང་ཆེད་མུ་མཐུད་བཀོད་འདོམས་བྱེད”“ཀྲུང་གོ་གསར་པ་གྲབས་འཛུགས་བྱེད”“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་ནམ་ཡང་འབད་འཐབ་བྱེད”བཅས་ཆ་ཤས་ལྔ་ལས་གྲུབ་པ་དང་། ལོ་རྒྱུས་ཀྱི་གོ་རིམ་གཞིར་བཟུང་སྟེ་པར་རིས་དང་། ཚགས་པར་གྱི་པར། ས་བཀྲ། རེའུ་མིག་བཅས་800ལྷག་ཙམ་དང་། དངོས་པོ་དང་། ཚད་ལྡན་ཡིག་ཆ། ཡིག་ཚགས་བཅས་1200ལྷག་ཙམ་གྱི་ཐོག་ནས་ཀྲུང་གུང་ཀྲུང་དབྱང་ཤང་ཧྲན་དུ་བཞུགས་རིང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་སྟེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་དང་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་བཏོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསོན་ཉམས་དོད་པའི་ངང་མངོན་པར་བྱས་ཡོད།

    ཞི་ཅིན་ཕིང་དྲན་གསོ་ཁང་དུ་ཕེབས་ནས་ལེ་ཚན་ཚང་མའི་འགྲེལ་བཤད་ནན་ཏན་ངང་གསན་ཞིང་། སྟོན་བཞིན་པའི《པེ་ཅིང་ཞི་བས་བཅིངས་འགྲོལ》དང་། 《ཤིས་ཡོན་གནམ་ཐང་གི་དམག་གཟིགས》《རྒྱལ་བཙུགས་མཛད་སྒོ་ཆེན་པོ》སོགས་རྩ་ཆེའི་དངོས་མཚོན་གློག་བརྙན་ལ་ཞིབ་ཏུ་གཟིགས་བཞིན་ཚང་མ་དང་སྤེལ་རེས་གནང་བ་མ་ཟད། དེ་སྔ་ཏང་ཀྲུང་དབྱང་པེ་ཅིང་དུ་བཅའ་སྡོད་བྱས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཕྱིར་དྲན་ཡང་གནང་བ་རེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་པེ་ཅིང་ཤང་ཧྲན་དུ་བཅའ་སྡོད་ཀྱི་དོན་མཚོན་ས་བཀྲ་དང་མའོ་ཙེ་ཏུང་གི《མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྐོར་གླེང་བ》 ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སོགས་ཆེད་དོན་འགྲེམས་ཁུལ་དུ་ཞི་ཅིན་ཕིང་གིས་ངོ་སྤྲོད་ཞིབ་ཕྲ་གསན་རྗེས་དེ་སྔ་ཏང་ཀྲུང་དབྱང་གིས་ཀྲུང་གོ་གསར་པ་གྲབས་འཛུགས་ཀྱི་ལོ་རྒྱུས་ལ་ཚོར་སྣང་ཟབ་མོ་བྱུང་བ་རེད།

    གཟིགས་སྐོར་གྲུབ་རྗེས། ཞི་ཅིན་ཕིང་གིས་དྲན་གསོ་ཁང་གི་ཚོམས་ཆེན་དུ་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་1949ལོའི་ཟླ་3ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་དང་བློ་མཐུན་མའོ་ཙེ་ཏུང་ཤིས་པེ་ཕོ་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ཕེབས་པ་དང་ཚེས་25ཉིན་པེ་ཅིང་ཤང་ཧྲན་དུ་བཞུགས་ཏེ་གནས་དེ་ཏང་ཀྲུང་དབྱང་གི་གནས་ཡུལ་དུ་གྱུར་ཡོད། ཤང་ཧྲན་དུ་བློ་མཐུན་མའོ་ཙེ་ཏུང་དང་ཀྲུའུ་ཏེས་རྒྱལ་ཡོངས་སུ་དཔུང་འཇུག་བྱ་རྒྱུའི་བཀའ་རྒྱ་བཏང་ཞིང་། “འབྲི་ཆུ་བརྒལ་ནས་ཀྲུང་གོ་ཡོངས་བཅིངས་འགྲོལ་གཏོང་བའི”རླབས་ཆེའི་དུང་བརྡ་བཏང་སྟེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དཔའ་ངར་ཆེར་བསྐྱེད་ངང་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རྒྱལ་ཁའི་ངང་དཔུང་འཇུག་བྱས་པ་བརྒྱུད་གོ་མིན་ཏང་གིས་སྐམ་ས་ཆེ་མོར་དབང་སྒྱུར་བྱེད་པའི་ལོ་རྒྱུས་རྦད་དེ་འཇུག་སྒྲིལ་ཡོད། ཤང་ཧྲན་དུ་བློ་མཐུན་མའོ་ཙེ་ཏུང་གིས《མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྐོར་གླེང་བ》ཞེས་པའི་རྩོམ་ཡིག་སྤེལ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་སྲིད་ཇུས་ཀྱི་རྨང་གཞི་བཏིང་ཡོད། ཤང་ཧྲན་དུ་ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོའི་ཏང་ཤོག་ཁག་དང་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་གྲ་སྒྲིག་གནང་ནས་གནས་སྐབས་ཀྱི་རྩ་ཁྲིམས་ནུས་པ་ལྡན་པའི《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན》བཟོས་པ་དང་འབྲེལ་གྲོས་འཆམ་བྱུང་སྟེ་ཀྲུང་གོ་གསར་པའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་སྲིད་དབང་གི་སྒྲིག་སྲོལ་གཏན་འཁེལ་གནང་བ་དང་། གཞི་རྩའི་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་ཀྲུང་གོ་གསར་པ་བསྐྲུན་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་པེ་ཅིང་ཤང་ཧྲན་དུ་ལོ་ཕྱེད་ལས་བཞུགས་མེད་ཀྱང་། གནས་འདི་ནི་ང་ཚོའི་ཏང་གིས་བཅིངས་འགྲོལ་དམག་འཁྲུག་ལ་འགོ་ཁྲིད་གནང་སྟེ་རྒྱལ་ཡོངས་ཀྱི་རྒྱལ་ཁ་དང་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེར་རླབས་ཆེན་གྱི་རྒྱལ་ཁ་ལེན་པའི་ཕྱོགས་སུ་བསྐྱོད་པའི་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། ཀྲུང་གོའི་གསར་བརྗེའི་ལྟེ་གནས་གྲོང་གསེབ་ནས་གྲོང་ཁྱེར་དུ་སྒྱུར་བའི་མཚོན་རྟགས་གལ་ཆེན་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་འགངས་ཆེ་བའི་གནས་བབ་བཟུང་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ང་ཚོས་ལོ་རྒྱུས་ཀྱི་དུས་མཚམས་དེར་རྗེས་དྲན་ཞུ་བ་ནི་གསར་བརྗེ་པ་རྒན་རབས་ཚོས་མཐའ་གཅིག་ཏུ་གསར་བརྗེ་བྱེད་པའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་ཕོད་པ། མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བ་བཅས་བྱས་ནས“ཀྲུང་གོ་རྟགས་ཅན”གྱི་གྲུ་ཆེན་མུ་མཐུད་རླབས་གཤགས་མདུན་སྐྱོད་ཀྱིས་གྲུ་གཡོར་བཀལ་ནས་མདུན་སྐྱོད་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་ང་ཚོས་ལོ་རྒྱུས་དེར་རྗེས་དྲན་ཞུ་བ་ནི་གསར་བརྗེ་པ་རྒན་རབས་ཚོས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་གསར་བརྗེའི་བརྩེ་སེམས་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། ཐོག་མཐའ་བར་གསུམ་དུ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་དུ་བརྩི་བ་བཅས་བྱས་ནས་དམངས་གཙོའི་ཏང་ཤོག་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཐུན་མོང་ཐོག་དེ་བས་མཛེས་སྡུག་གི་འཚོ་བ་གཏོད་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ང་ཚོས་ལོ་རྒྱུས་ཀྱི་དུས་མཚམས་དེར་རྗེས་དྲན་ཞུ་བ་ནི་གསར་བརྗེ་པ་རྒན་རབས་ཚོའི་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོངས་བ། དཀའ་སྤྱད་འབད་འཐབ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པར་བྱས་ནས“རྒྱུགས་འབུལ”གྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་དུས་རབས་གསར་པར་རྒྱུགས་ལན་ཡག་པོ་འབུལ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ནི་འཇིག་རྟེན་རྙིང་པ་གཏོར་བར་མཁས་པ་མ་ཟད། འཇིག་རྟེན་གསར་པ་ཞིག་བསྐྲུན་རྒྱུར་ཡང་ཤིན་ཏུ་མཁས་པ་ལོ་རྒྱུས་ལས་ར་སྤྲོད་གང་ལེགས་བྱུང་ཡོད། མ་འོངས་ལ་རྒྱང་ལྟ་བྱེད་སྐབས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་དེ་བས་མཛེས་སྡུག་ལྡན་ཞེས་ནན་བཤད་གནང་བ་རེད།

    ཏིང་ཤུའེ་ཞང་དང་། ཁྲེན་ཤི ཚའེ་ཆི། ཡིའུ་ཆོན་བཅས་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་རྟོག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།