དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-13

    གླེང་གཞི།

    ཐོན་ལས་དར་ན་མི་སེར་ཕྱུག ཐོན་ལས་དབུལ་སྐྱོར་ནི་དབུལ་སྒྲོལ་བརྟན་པོ་བྱེད་པའི་རྩ་བའི་ཇུས་གཞི་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ཀྱང་ཡིན།

    ཟླ་6པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་པ་དབུལ་པོ་ཁྲི་22.09དུས་བཀག་ལྟར་དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ཐོན་ལས་ཀྱིས་ཞིང་འབྲོག་པ་ཁྲི་40ལྷག་ཙམ་གྱི་ཡོང་འབབ་འཕར་བར་ཞོར་དུ་སྐུལ་ཁྲིད་བྱས་ཡོད།

    659508_yis_1568089148798_s.jpg

    རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་སོའུ་ཡི་བཟའ་བཅའི་ཤ་མོ་ཞིབ་འཇུག་ཚོགས་ཆུང་གིས་ལག་རྩལ་ལ་མཛུབ་ཁྲིད་བྱས་པའི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་ཟིམ་གྲོང་ཚོའི་ཀོ་ཤར་ཉེ་ཆར་ཐོན་འབབ་ཡག་པོ་བྱུང་ཡོད། གྲོང་ཚོ་དེའི“ཨུ་ལྷན་གཉིས”དང་མང་ཚོགས་ཀྱིས་ཐུན་མོང་གྲོས་བསྡུར་བྱས་རྗེས། ཡོང་འབབ་ཀྱི་50%གོམ་སྟབས་རྗེས་མའི་ཀོ་ཤ་འདེབས་འཛུགས་ཀྱི་འཁོར་རྒྱུག་མ་དངུལ་ལ་གཏོང་རྒྱུ་དང་། 10%སྒྲིག་ཆས་ཉམས་གསོ་དང་དོ་དམ་མ་དངུལ་ལ་བརྩི་རྒྱུ། 40%ཡི་ཁེ་བཟང་བགོ་བཤའ་རྒྱག་རྒྱུ་བཅས་ཀྱི་འཆར་གཞི་བཟོས་ནས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་མང་ཚོགས་གཞན་དག་གི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཤིང་། འདི་ནི་ཟིམ་གྲོང་ཚོའི་གྲོང་མིས་ཀོ་ཤ་འཐུ་བཞིན་པ།

    2016ལོ་ནས་བཟུང་། རང་ལྗོངས་ཀྱི་ཐོན་ལས་དབུལ་སྒྲོལ་གྱིས་ཡིག་ཚགས་དང་གཱ་བཟོས་པའི་ཐོན་ལས་མི་འབོར་དབུལ་པོ་ཁྲི་23.8(ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་59ཡི་40.34%བཟུང་བ)དུས་བཀག་ལྟར་དབུལ་སྒྲོལ་ཡོང་བའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཐོན་ལས་དབུལ་སྐྱོར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་སྟོབས་ཤུགས་སྤྱད་ནས་ཐོན་ལས་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    མིག་སྔར་ལྗོངས་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་དོན་ཐད“སྲིད་གཞུང་གིས་ཚུགས་གནས་མཐོ་པོས་སྐུལ་འདེད་གཏོང་བ་དང་། སྡེ་ཚན་གྱིས་མཐུན་སྦྱོར་མཉམ་ཤུགས་འདོན་པ། སྤྱི་ཚོགས་ཀྱིས་རྒྱུན་མཐུད་རོགས་འདེད། གྲོང་ཁྱེར་དང་རྫོང་གིས་མཉམ་འཛིན་མཉམ་སྐྲུན། སྲིད་ཇུས་འཐུས་སྒོ་ཚང་བ། མང་ཚོགས་ཧུར་ཐག་ཞུགས་པ། ཕན་འབྲས་རིམ་བཞིན་ཐོན་པ”བཅས་ཀྱི་སྤྱིའི་ཁྱད་ཆོས་མངོན་ཡོད།

    ཟླ་6པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་པ་དབུལ་པོ་ཁྲི་22.09དུས་བཀག་ལྟར་དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ཐོན་ལས་ཀྱིས་ཞིང་འབྲོག་པ་ཁྲི་40ལྷག་ཙམ་གྱི་ཡོང་འབབ་འཕར་བར་ཞོར་དུ་སྐུལ་ཁྲིད་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་ཤང་བཅུ་འཕར་གྲོང་ཚོའི་ལོ་31ལ་སླེབས་པའི་གྲོང་མི་ཚེ་རིང་གཡང་འཛོམས་རང་ཁྱིམ་གྱི་དྲོད་ཁང་ཆེ་མོར་འབྲི་ཏ་ས་འཛིན་སྡོང་རྐང་6000ཡོད་པ་དེ་དག་ལ་གཡོག་བྱེད་ཞིབ་ཚགས་བྱེད་བཞིན་ཡོད་པ་དང་། ཁོང་གིས་གསར་འགོད་པར“ང་ཚོས་ཉིན་ཤས་གོང་ཀོང་པོ་རྒྱ་མདའ་རྫོང་དུ་འབྲི་ཏ་ས་འཛིན་སིལ་ར་གཉིས་བཙོངས་པར་སྒོར་1800རག་བྱུང་། 2015ལོར་གྲོང་ཚོས་འབྲི་ཏ་ས་འཛིན་དྲོད་ཁང་ཆེ་མོ་56བརྒྱབ་པ་ནས་གཉིས་འགན་གཙང་བླངས་པ་ཡིན། ན་ནིང་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་རག་བྱུང”ཞེས་བརྗོད།

    རྨང་གཞིའི་སྒྲིག་བཀོད་ཞན་པ་དང་རང་བྱུང་ཆ་རྐྱེན་ཞན་པའི་དབང་གིས་ཐང་གཤོངས་ཀྱི་ས་ཁུལ་དབུལ་པོ་དང་བསྡུར་ན་བོད་དུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་དཀའ་ཚེགས་དེ་བས་ཆེ་ལ། ལས་དོན་ཀྱང་དེ་བས་ཏན་ཏིག་དང་ཞིབ་ཚགས་སྒྲུབ་དགོས་ཀྱི་ཡོད།

    659510_yis_1568089149568_s.jpg

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱི་བུད་མེད་ཀྱི་སྲོལ་རྒྱུན་མི་རིགས་གྱོན་ཆས་སྒྲོལ་མ་བསླས་འཐག་བཟོ་གྲྭ་2012ལོར་བཙུགས་ཤིང་། བཟོ་གྲྭ་དེས་ཁྲོམ་རའི་དགོས་མཁོ་དང་ཡུལ་སྐོར་གྱི་ཁྱད་ཆོས་ལ་གཞིགས་ནས་སྤུས་ཀ་དག་པ་དང་། རེག་བྱ་འཇམ་པ། ལྟ་སྣང་དོད་པ་བཅས་ཀྱི་སྣམ་བུ་དང་། ཞྭ་མོ། བོད་ལྷམ། པང་གདན། ཁ་དཀྲིས། སྐེད་རགས་བཅས་དང་དེ་བཞིན་ཡུལ་སྐོར་དྲན་གསོའི་དངོས་རྫས་སོགས་བཏོན་པས་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད། དེ་དང་ཆབས་ཅིག་བཟོ་གྲྭ་དེས་མི་རིགས་ཀྱི་བསླས་འཐག་ལག་རྩལ་གསོ་སྦྱོང་བྱས་ནས་ཡུལ་དེའི་བུད་མེད་དང་ཁོང་ཚོའི་བུ་ཕྲུག་གསོ་སྐྱོང་བྱས་ཏེ་ཁོང་ཚོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་བཏོད་པ་རེད། འདི་ནི་བཟོ་གྲྭ་དེའི་འཚེམ་པོ་བས་ཞིབ་ཚགས་པོས་བོད་ཆས་འཚེམ་བཞིན་པ།

    རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་དོན་གྱིས་ས་ཁུལ་སོ་སོའི་དོན་དངོས་ལ་གཞི་ཚུགས་ཏེ“ཞིང་ལས་འཚམ་ན་ཞིང་ལས་དང་། འབྲོག་ལས་འཚམ་ན་འབྲོག་ལས། ནགས་ལས་འཚམ་ན་ནགས་ལས། ལས་ཀ་འཚམས་ན་ལས་ཀ ཚོང་གཉེར་འཚམ་ན་ཚོང་གཉེར། ཡུལ་སྐོར་འཚམ་ན་ཡུལ་སྐོར”བཅས་མཐའ་འཁྱོངས་བྱས་པ་དང་། གཙོ་གནད་ཐོག་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས་དང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་འཕེལ་རྒྱས་བཏང་བས། ཐོན་ལས་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མང་པོ་ཐོན་ཡོད། ཟླ་6པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་རིགས་ཁག་གི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2481ལས་འགོ་བཙུགས་པ་དེས་འཆར་འགོད་རྣམ་གྲངས་ཀྱི་82%བཟུང་ཡོད།

    ནས་དང་། འབྲི་གཡག བོད་ཕག་སོགས་ཀྱིས་གཙོས་པའི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ད་ཆ་ནས་ཀྱི་ཐོན་རྫས་100ལྷག་ཙམ་ཡོད་པ་དང་། ཚགས་ཤའི་ཐོན་འབབ་ཏུན་ཁྲི་19.34ཟིན་ནས་སྤྱི་རྒྱ་རེའི་ཉོ་སྒྲུབ་རིན་གོང་སྒོར་50ནས་60བར་འཕར་བ་དང་། ལས་སྣོན་གཞན་སྒྱུར་བྱེད་ཚད་ཏུན་1595ཟིན་པ། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.6བྱུང་ཡོད།

    མཉམ་ལས་ཁང་གཙོ་བོར་བྱས་པའི་གཉེར་སྐྱོང་བྱེད་པོ་གསར་པའི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་དུ་ཕྱིན་ཡོད། རང་སྐྱོང་ལྗོངས་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་125ཟིན་པ་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་8000ལྷག་ཙམ་ཟིན་ཡོད།

    ཁྱད་ལྡན་དབུལ་སྐྱོར་ཐོན་རྫས་ཀྱི་ཐབས་ལམ་མང་བའི་ཕྱིར་ཚོང་ལས་སྟེགས་དེ་བས་ཡངས་སུ་ཕྱིན་ཞིང་། བོད་ལྗོངས་འགྲེམས་ཚོགས་དང་། ཞིང་ལས་ཐོན་རྫས་ཚོང་འདུས། རྒྱལ་ཡོངས་ཀྱི་ས་ཁུལ་དབུལ་པོའི་ཞིང་ལས་ཐོན་རྫས་ཐོན་ཚོང་འབྲེལ་མཐུད་སོགས་ལས་སྟེགས་དེ་དག་རང་ལྗོངས་ཀྱི་དབུལ་སྐྱོར་ཐོན་རྫས་ངོམ་ཡུལ་དུ་གྱུར་ཡོད།

    ད་ལོའི་ཟླ་6པའི་ཟླ་དཀྱིལ་དང་ཟླ་སྨད་དུ་འཚོགས་པའི་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྐུལ་འདེད་ཚོགས་འདུ་དང་ཁ་གཏད་དབུལ་སྐྱོར་གྱི་བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བའི་ཚོགས་འདུའི་ཐོག་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་པེ་ཅིང་ཤིན་ཧྥ་ཏི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་སྒོར་དུང་ཕྱུར་5ཡི་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་ཚོང་གི་གྲོས་ཆོད་བཞག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།