དབུ་ཤོག>ཆེད་སྒྲིག
  • 《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-09-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》བཀྲམ་ཞིང་། དེའི་ནང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་བ། ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། བསམ་བློའི་ངོས་འཛིན་དམིགས་སར་འབྱོར་བ་དང་། གནད་དོན་ལ་ཞིབ་ལྟ་དམིགས་སར་འབྱོར་བ། དག་ཐེར་དོན་འཁྱོལ་དམིགས་སར་འབྱོར་བ། རྩ་འཛུགས་ཀྱི་འགོ་ཁྲིད་དམིགས་སར་འབྱོར་བ་བཅས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་ལེགས་གྲུབ་བྱུང་བའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བེད་སྤྱོད་གང་ལེགས་བྱེད་པ། རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི་སྙིང་སྟོབས་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་རྒྱབ་འགལ་དུ་སོང་བའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ་བཅས་བྱས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་ཐད་འགན་ཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

    བསམ་འཆར་ལ་གཞིགས་ན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་2019ལོའི་ཟླ་9པར་སྤེལ་འགོ་ཚུགས་ནས་ཟླ་11པའི་ཟླ་མཇུག་ཏུ་གཞི་རྩའི་ཆ་ནས་མཇུག་འགྲིལ་རྒྱུ་ཡིན་ཞིང་། དེའི་ནང་གཙོ་བོ་ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་མཐོ་སློབ་དང་མཐོ་རིམ་སློབ་གྲྭ་གཞན་དག་དང་། གྲོང་ཁྱེར་དང་རྫོང་ལས་ཁུངས་དང་དེའི་ཐད་གཏོགས་ཚན་པ་དང་ཁེ་ལས་དང་བྱ་གཞག་ཚན་པ། ཤང་དང་། གྲོང་རྡལ་དང་། སྲང་ལམ། གྲོང་ཚོ་དང་སྡེ་ཁུལ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་། སྤྱི་ཚོགས་རྩ་འཛུགས། དེ་བཞིན་གཞི་རིམ་གྱི་རྩ་འཛུགས་གཞན་དག བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོར་ཞུགས་རྒྱུ་མ་བྱུང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས། ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་ཁེ་ལས་ཀྱི་མངགས་གཏོང་དང་ཡན་ལག་དང་ཉིང་ལག་སྒྲིག་གཞི་བཅས་ཚུད་ཡོད་པ་རེད།

    བསམ་འཆར་ནང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་གཙོ་རྐང་ལ་དམིགས་ཏེ། ཏང་ཡོན་དང་ལས་བྱེད་པར་ཇི་མ་ཇི་བཞིན་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་གྱིས་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་བསམ་འདུན་སྲུང་བ་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་འགན་འཁྲིར་སྣེ་ཁྲིད་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཤིང་། གཅིག་ནས་ཏང་ཡོན་དང་ལས་བྱེད་པ་རང་ངོས་ལ་གནས་པའི་གནད་དོན་དང་ལྷག་པར་དུ་བསམ་བློའི་རྐྱེན་རྩའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། ཕུགས་བསམ་དང་དད་སེམས་བརྟན་སྲུང་དང་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཡོ་འགུལ་མི་ཐེབས་པ་བྱེད་དགོས་པ་དང་། གཅིག་ཤོས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། དམངས་ལ་ཕན་པ་དོན་གཉེར་དང་དམངས་ཆེད་འགན་གཙང་མ་འཁུར་བའི་ཕན་འབྲས་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོར་བྱས་ཏེ། སྔོན་ལ་སློབ་སྦྱོང་བྱེད་པ་དང་། སྔོན་ལ་སྒྱུར་བཀོད་བྱེད་པ། ནོར་འཁྲུལ་ཡོད་པ་ཤེས་འཕྲལ་ཡོ་བསྲང་བྱེད་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་དཔེ་སྟོན་སྐུལ་ཁྲིད་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་གཉིས་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ལོ་རྒྱུས་མ་བརྗེད་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པའི་ཁྲིད་སྟོན་བྱེད་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་དང་གསར་བརྗེའི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ། དཀའ་ཚེགས་དང་། འགོག་རྐྱེན། ཉེན་ཁ། འགྲན་སློང་སོགས་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པར་བྱེད་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་རྒྱུར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།