སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཆེད། ཉེ་དུས། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་མར་ཁེ་སི་ལེ་ཉིང་རིང་ལུགས་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲང་ཨའེ་ཕིང་གདན་དྲངས་ནས། ལས་བྱེད་པ་དང་ལས་བཟོར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ང་ཚོའི་འགན་འཁྲི”ཞེས་པའི་ཆེད་དོན་འཆད་ཁྲིད་བྱས་པ་རེད། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ལས་བྱེད་པ་དང་ལས་བཟོ་ཡོངས་དང་། རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། ཐད་གཏོགས་ཁེ་ལས་ཀྱི་འགན་འཁུར་བ་བཅས་སློབ་སྦྱོང་ལ་ཞུགས་པ་རེད།
ཀྲང་ཨའེ་ཕིང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་འཕེལ་རྒྱས་ཀྱི་ལོ་རྒྱུས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་དོན” “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཇི་ལྟར་རྒྱུན་འཛིན་བྱེད་དགོས་པ”བཅས་ཕྱོགས་གསུམ་ཐད་ལོ་རྒྱུས་ཀྱི་དཔྱད་གཞི་འབོར་ཆེན་ལ་བརྟེན་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་དང་། དགའ་སྐྱོ་གཉིས་ལྡན་གྱི་འཐབ་རྩོད་ལོ་རྒྱུས་ཕྱིར་དྲན་བྱས་ཏེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་བྱུང་འཕེལ་དང་ངོ་བོར་གསོན་ཉམས་དོད་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ནས། ཏང་ཡོན་ལས་བྱེད་པ་ཚོར་དོན་སྙིང་ཆེན་པོ་ལྡན་པའི་ཆེད་དོན་ཟུར་ཁྲིད་ཅིག་བྱས་ཡོད་པ་རེད།