དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-22

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་དམངས་འཚོའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་གླེང་མང་བའི་གནད་དོན་དང་དཀའ་གནད་འཚོལ་ཞིབ་གཏིང་ཟབ་དང་ཐག་གཅོད་བྱས་ཏེ་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུར་དམིགས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

    ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི།

    ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཚན་ཁག་གི་ཁོངས་མི་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར་སོགས་ཚོགས་འདུར་ཕེབས་ཡོད། ཚོགས་འདུའི་ཐོག་ཚོགས་ཞུགས་བློ་མཐུན་ཚོས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བཅས་ཀྱི་མ་ཡིག་སློབ་སྦྱོང་བྱས་པ་མ་ཟད། ད་དུང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སྐོར་གྱི་བརྡ་ཐོའི》དགོངས་དོན་སློབ་སྦྱོང་བྱས་པ་རེད།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་། ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་དཔྱད་བསྡུར་བྱས་ཏེ་ཧེ་བག་འཚོལ་བའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བཅས་གཅིག་སྡུད་སློབ་སྦྱོང་བྱས་པ་རེད། དྲིལ་བསྒྲགས་པུའི་པུའུ་དོན་ཨུ་ལྷན་གྱི་ཁོངས་མི་དང་ཐིང་རིམ་པའི་ལས་བྱེད་པས་ཇི་མ་ཇི་བཞིན་རང་སྦྱོང་བྱས་པའི་རྨང་གཞིའི་ཐོག་རང་ངོས་ཀྱི་དོན་དངོས་དང་བསྟུན་ནས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་དཔྱད་བསྡུར་དང་། ཞིབ་ལྟ་དང་དབྱེ་ཞིབ་གཏིང་ཟབ། གནད་དོན་བཙལ་འཚོལ་དང་འབྱུང་རྩ་སྔོག་འདོན། འབད་འཐབ་ཁ་ཕྱོགས་གསལ་བཟོ། ལེགས་གཏོང་བྱེད་ཐབས་གཏན་འཁེལ་བཅས་བྱས་ཏེ་སྒྲིག་ཁྲིམས་གསལ་རྟོགས་དང་སྲུང་བའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་རེད།

    ཉིན་ཤས་གོང་། ཆབ་མདོ་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2019ལོའི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཚོགས་འདུ་ཐེངས་བརྒྱད་པ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་ཞུགས་མི་སྣས་ངེས་པར་དུ་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ཁོང་དུ་ནན་པོ་ཆུད་པ་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། སྔོན་ལ་མིག་དཔེ་འདོན་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གྲོང་ཁྱེར་ཡོངས་སུ་ཏན་ཏིག་སྤེལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ་ཐོས་བསམ་མྱོང་རྟོགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་ངང་ལས་སྒྲུབ་ལས་གཏོད་བྱེད་པ། ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་ཁུར་ཕོད་པ་དང་བྱས་རྗེས་འཇོག་པ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་ཏང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཉེ་ཆར། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་འགྲེམས་སྟོན་དང་སྤེལ་རེས་ཚོགས་འདུ་འཚོགས་ཏེ་ལྷགས་པའི་གནད་དོན་ལ་གསེད་བཀྲོལ་དང་། ལས་ཀའི་ཞན་ཆ་ཡང་དག་འཚོལ་བ། བསམ་བློ་གཏོང་ཐབས་གསར་གཏོད། ཁ་གཏད་གཅོག་ཐབས་ཞིབ་འཇུག་བཅས་བྱས་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། ལས་དོན་ལེགས་སུ་གཏོང་བ། གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ལ་གྱུར་པར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།