ཚེས་13ཉིན་གྱི་ཕྱི་དྲོར། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་པས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་གནས་ཚུལ་གྱི་སྙན་སེང་གསན་པ་དང་སྦྲགས། འབྲེལ་ཡོད་ཀྱི་མཛུབ་ཁྲིད་བསམ་འཆར་ཡང་བཏོན་པ་རེད།
ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་པས་ཚན་པ་གཉིས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་སྦྲགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་ཆོག་མཆན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཙོ་རྐང་དུ་བྱེད་པ་དང་། བརྗོད་དོན་གཙོ་བོ་དང་མིག་སྔའི་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་ཁྱོན་ཡོངས་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་རྒྱུན་སྲིང་ལྷོད་མེད་བྱས་ཐོག བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་དངོས་འབྲེལ་དམ་འཛིན་བྱེད་པར་སྐུལ་སྤེལ་གཏོང་དགོས། ཡང་འབད་བསྐྱར་འབད་ཀྱིས་སློབ་སྦྱོང་གི་ལྷུ་ཚིགས་འགོ་ནས་མཇུག་བར་ཁྱབ་པ་བྱས་ཐོག མ་ཡིག་སྦྱོང་བ་དང་། མ་རྩོམ་ཀློག་པ། གནས་ལུགས་ཤེས་པ་བཅས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱ་རྒྱུ་དེ་ནང་སེམས་ཀྱི་རང་སྣང་གི་འཇིག་རྟེན་སྒྱུར་བཀོད་དང་ཟུང་དུ་འབྲེལ་ནས་བསམ་བློའི་རྩ་བའི་གནད་དོན་སེལ་དགོས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཆེད་དོན་བཅོས་སྒྲིག་ལས་དོན་མགོ་མཇུག་འཁྱོངས་བ་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་ཞིབ་བསྡུར་བྱས་ནས་བོད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་མི་སེར་གྱིས་དོ་ཁུར་བྱེད་པའི་གནད་དོན་སེལ་དགོས། གོང་གིས་འོག་གི་སྣེ་ཁྲིད་ནས་འགོ་ཁྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དག་ཐེར་བྱེད་པ་དང་། རང་ཉིད་ངོ་མ་ཞུགས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་ཧུར་ཐག་བསལ་ཏེ། མི་དམངས་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཏན་ཏིག་ཚོར་བ་དགོས་ཞེས་བསྟན་པ་རེད།