“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བརྟག་ཞིབ་ཏན་ཏིག་བྱེད་པ་དང་། དོན་དངོས་ལ་གཞི་ཚུགས་པ། དག་ཐེར་ནན་ཏན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་གནད་དོན་ཤེས་རྟོགས་དང་ཐག་གཅོད་དངོས་འབྲེལ་བྱས་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི“དྲ་རྒྱའི་བདེ་འཇགས་མེད་ན་རྒྱལ་ཁབ་བདེ་འཇགས་མེད་པ་དང་། ཆ་འཕྲིན་ཅན་མེད་ན་དེང་རབས་ཅན་མེད་པའི”རྣམ་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། བོད་ལྗོངས་ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིས་བོད་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བར་དམིགས་རྒྱུ་གཙོ་རྐང་དུ་བྱས་ཏེ་སྔ་རྗེས་སུ་མི་ཐེངས122བཏང་ནས་ཟླ་གཅིག་གི་དུས་ཚོད་ནང་ལྗོངས་ཡོངས་ཀྱི་རྫོང་དང་། ཤང་དང་གྲོང་རྡལ་ཁག་74རུ་སློབ་གསོ་དང་། སྨན་བཅོས། དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་སུ་ཆ་འཕྲིན་ཅན་གྱི་བརྟག་ཞིབ་བྱས་པར་བསྐྱོད་པ་རེད། ཟླ་བདུན་པའི་ཟླ་འགོར། ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དང་བོད་ལྗོངས་ཀའོ་ཁྲི་ཀུང་སིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་གྲོང་སྡོད་བྱ་ཡུལ་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་བརྟག་ཞིབ་བྱས་ཡོད་པ་རེད།
བོད་ལྗོངས་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རང་ངོས་ཞིབ་བཤེར་ནན་པོ་བྱས་ནས་ཕྱོགས་10ཡི་ཞིབ་ཕྲའི་གནད་དོན་ཁག་49གསེད་བཀྲོལ་བྱས་ནས་དག་ཐེར་བྱ་ཐབས་ཁག་51བཟོས་ཡོད་པ་རེད།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་བའི་ལས་འགན་ལ་དམ་འཛིན་ནན་པོ་བྱས་ཏེ“སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ཞིབ་ལྟ། དག་ཐེར་དོན་འཁྱོལ”བཅས་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཤིང་། འཚོལ་བཤེར་ཐུབ་པའི་གནད་དོན་ལ་དམིགས་ནས་རིགས་དབྱེ་མཛུབ་ཁྲིད་བྱས་པ་དང་གནད་དོན་ཁག་གཅིག་ཤེས་འཕྲལ་དག་ཐེར་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱས་པ་སྟེ། དཔེར་ན་ལས་ཁུངས་ཅན་དང་སྲིད་འཛིན་ཅན་སོགས་ཀྱི་གནད་དོན་ལ་དམིགས་ནས་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“5221”གི་ལས་ཁུངས་ཀྱི་ལས་བྱེད་པས་མང་ཚོགས་དང་འབྲེལ་གཏུགས་དང་གཞི་རིམ་གྱི་འབྲེལ་གཏུགས་ས་ཚིགས་ཀྱི་ལམ་ལུགས་བཟོས་པ་དང་ནང་ཁུལ་ཚོད་འཛིན་ལམ་ལུགས་ཀྱི་ཞན་ཆར་དམིགས་ནས་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ནང་ཁུལ་ཚོད་འཛིན་གྱི་ལམ་ལུགས་ཁག་30ལ་བཟོ་བཅོས་དང་མེད་པ་བཟོ་བཞིན་ཡོད་པ་རེད།
བོད་ལྗོངས་མཐོ་གསར་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་ཕན་འབྲས་ཐོན་པ་དང་། བསམ་བློ་ཆབ་སྲིད་ཐད་ཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་ཐད་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ་བཅས་ཀྱི་ཞིབ་ཕྲའི་དམིགས་ཚད་5ལ་དམིགས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་བླང་བྱ་ཁ་གསལ་བཏོན་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།