དབུ་ཤོག>ཆེད་སྒྲིག
  • ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་དཔྱད་བསྡུར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲེང་ཡེ་ཡིས།   |     སྤེལ་དུས།  2019-08-14

    ཟླ་8ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ཚན་ཁག་གིས་དུས་ཡུན་ཉིན་གཅིག་རིང་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་དཔྱད་བསྡུར་བྱེད་པ་དང་ཧེ་བག་འཚོལ་བའི་ཆེད་དོན་ཚོགས་འདུ་འཚོགས་ཏེ་གནས་པའི་གནད་དོན་ལ་ཞིབ་ལྟ་དང་དབྱེ་ཞིབ་བྱེད་པ་དང་སྐྱོན་བརྗོད་དྲན་སྐུལ་ཧུར་ཐག་བྱས་ནས་ལྗོངས་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་མཐོ་པོའི་ངང་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ང་ཚོར་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་སྒྲིག་ཡིག་ལ་གཞིགས་ཏེ་བསམ་བློ་གཅིག་གྱུར་དང་སྒྲིག་སྲོལ་ལ་གཞིགས་ཏེ་ཚད་གཞི་གཅིག་གྱུར་བྱས་ནས་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུར་དཔེ་ལྟ་ས་དང་ཚད་ཤིང་བཙུགས་ཡོད།

    བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་ཏང་གི་སྒྲིག་ཡིག་རྩ་འཛིན་དུ་བྱེད་པ་དང་། ཚད་གཞི་ཚད་འཛིན་སར་བྱེད་པ། སྲོལ་ཡིག་བསྲུང་བྱར་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་གྱི“བཅུད་ལྡན་ཟས”ཆ་ཚང་བ་སྒྲིག་པ་དང་ཀྲུང་དབྱང་གིས་བཏོན་པའི“ཡིན་མིན་18”ཀྱི་བླང་བྱ་གཞིར་བཟུང་། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་དངོ་ནང་གཏད་ཀྱི་བློ་སྟོབས་ལ་བརྟེན་ནས་ཁག་རེ་རེ་བཞིན་རང་ཉིད་ལ་ཞིབ་ལྟ་ནན་ཏན་བྱེད་པ་དང་ཧེ་བག་འཚོལ་བ་དང་། རང་ངོས་ཞིབ་བསྡུར་མང་ཙམ་བྱེད་པ། སློབ་སྦྱོང་བྱེད་ཞོར་དུ་དཔྱད་བསྡུར་དང་། ཞིབ་ལྟ། དག་ཐེར་བཅས་བྱེད་པ། ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས། སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ནས་ཆབ་སྲིད་ཀྱི་ཆུ་ཚད་དང་། བསམ་བློའི་ཆུ་ཚད། ཀུན་སྤྱོད་ཀྱི་ཆུ་ཚད་བཅས་མཐོ་རུ་ཏན་ཏིག་གཏོང་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་དགོས་ཚེ་འགག་རྩ་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་འབད་བརྩོན་གྱི་ཁ་ཕྱོགས་དང་དག་ཐེར་བྱེད་ཐབས་གཏན་འཁེལ་བྱས་ནས་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་དཔྱད་བསྡུར་བྱས་ནས་ཐོན་པའི་གནད་དོན་ལ་ཐད་ཀར་གཏུགས་པ་དང་། གནད་དོན་གྱི་གསལ་ཐོ་རེ་རེ་བཞིན་བཟོ་བ། དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། དངོས་གནས་དམ་འཛིན་དང་ལེགས་བཅོས་ཐད་གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་པ་དང་། མཁྲེགས་སར་གཏུགས་ཕོད་པ། རྒྱུན་མཐུད་ངང་ཤུགས་རྒྱག་པ་བཅས་བྱེད་པ། རང་ཉིད་དང་། འགན་འཁྲི། ལས་དོན་བཅས་ལ་དངོས་སུ་དཔྱད་བསྡུར་བྱེད་པ། སྙིང་རུས་ལྷོད་མེད་དང་ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས་པའི་སྙིང་སྟོབས་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་སྤེལ་བ་དང་དོན་དངོས་ལས་དོན་ལ་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།